ཀྲུང་གོ་བོད་ཀྱི་དྲ་བ།

གཅིན་སྙི་ཟ་ཁུའི་ནད་ཀྱི་འབྱུང་རྐྱེན་ལ་གང་དག་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིན་སྙི་ཟ་ཁུའི་ནད་ནི་དེང་སྐབས་ཀྱི་མི་རྣམས་ལ་མཚོན་ན་ཧ་ཅང་རྒྱུན་མཐོང་གི་ནད་རིགས་ཤིག་རེད། གཅིན་སྙི་ཟ་ཁུའི་ནད་ཀྱིས་ཁྲག་ཤེད་མཐོ་བའི་ནད་སློང་བའི་མི་ཚད། ད་དུང་ལུས་ཡོངས་ཀྱི་མ་ལག་སོ་སོ་དང་དབང་རྩར་གནོད་པ་མི་འདྲ་བ་ཐེབས་ཀྱིན་ཡོད། དེ་བས་གཅིན་སྙི་ཟ་ཁུ་ལ་ཤེས་རྟོགས་བྱེད་པའི་ཁྲོད། གཅིན་སྙི་ཟ་ཁུའི་ནད་སྔོན་འགོག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད། འོ་ན་གཅིན་སྙི་ཟ་ཁུའི་ནད་ཀྱི་འབྱུང་རྐྱེན་ལ་གང་དག་ཡོད་དམ་ཞེ་ན།

རྒྱུད་འཛིན་རང་བཞིན་གྱི་རྒྱུ་རྐྱེན།

གཅིན་སྙི་ཟ་ཁུ་ནི་རྒྱུད་རྒྱུ་མང་བའི་རང་བཞིན་གྱི་རྒྱུད་འཛིན་རང་བཞིན་གྱི་ནད་ཁོངས་སུ་གཏོགས་པ་དང་། ལྷག་པར་ཁྱིམ་རྒྱུད་རང་བཞིན་དང་ལྷག་པར་དུ་མ་རྒྱུད་རྒྱུད་འཛིན་རང་བཞིན་ཅན་མང་། སྤྱིར་བཏང་དུ། རིགས2པའི་གཅིན་སྙི་ཟ་ཁུའི་རྒྱུད་འཛིན་རང་བཞིན་དེ་རིགས1པའི་གཅིན་སྙི་ཟ་ཁུའི་ནད་ལས་མངོན་གསལ་ཡིན་པ་དང་། གཅིན་སྙི་ཟ་ཁུའི་ནད་ཀྱི་རྒྱུད་འཛིན་རང་བཞིན་གྱི་མཆེད་ཚུལ་གཙོ་བོར་གྱུར་ཡོད་པས། ནད་འབྱུང་མིན་ནི་གཙོ་བོ་འཚོ་བ་རོལ་སྟངས་སོགས་ཁོར་ཡུག་གི་རྒྱུ་རྐྱེན་དང་འབྲེལ་བ་དམ་པོ་ཡོད་པ་རེད།

མངལ་གྱི་རྒྱུ་རྐྱེན།

གཅིན་སྙི་ཟ་ཁུའི་ནད་ཀྱི་འབྱུང་རྐྱེན་ལ་ད་དུང་མངལ་འཁོར་བའི་སྐབས་ཀྱི་སྐུལ་རྒྱུ་དང་འབྲེལ་བ་ཡོད། དཔེར་ན། འོ་མའི་ཟགས་རྫས། འཚར་ལོངས་སྐུལ་རྒྱུ། མོ་གཤིས་སྐུལ་རྒྱུ། མངལ་སྦྲུམ་སྐུལ་རྒྱུ། མཁལ་མགོའི་གཤེར་རྨེན་སྐྱི་མོ་སྐུལ་རྒྱུའི་ཟགས་ཐོན་ཇེ་མཐོར་འགྲོ་བ་དང་། དེ་མིན་བུ་རོགས་ནས་ཀྱང་གཤེར་མའི་ཕུང་རྩི་ཐོན་ཏེ། གཤེར་མའི་ཕུང་རྩི་འབབ་ཚད་ཇེ་མགྱོགས་སུ་གཏོང་བ་རེད།

འཚོ་བའི་གོམས་གཤིས།

དཔལ་འབྱོར་མགྱོགས་མྱུར་གྱིས་གོང་འཕེལ་སོང་བ་དང་བསྟུན་ནས། མི་རྣམས་ཀྱི་བཟའ་བཏུང་གི་སྐོར་ལའང་འགྱུར་ལྡོག་ཆེན་པོ་བྱུང་ནས་ཟ་མ་ཟ་ཐེངས་རེ་ལ་ཕྱེ་དང་འབྲས་སོགས་བསྟེན་གྱིན་ཡོད་པར་མ་ཟད། ད་དུང་ཉ་ཤ་དང་ཕག་ཤ སྒོ་ང་། འོ་མ་སོགས་འཐུང་ཚད་མང་ཞིང་། འབྲུ་རྩིང་རིགས་དང་སྔོ་ཚལ་སོགས་བསྟེན་པ་ཉུང་བ་དང་། ཚ་ཆེ་ཞིང་ཚིལ་སྣ་མཐོ་བ། སྤྲི་དཀར་མཐོ་བའི་ཟས་རིགས་བསྟེན་ཚད་མང་བ་ལས་ཀྱང་གཅིན་སྙི་ཟ་ཁུའི་ནང་འབྱུང་གིན་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།