ཀྲུང་གོ་བོད་ཀྱི་དྲ་བ།

ཀླད་སྙིང་ཁྲག་རྩའི་ནད་ཀྱི་འབྱུང་རྐྱེན་ལ་གང་དག་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་ཚོད།  

ཕོ་མོའི་དབྱེ་བ། སྐྱེས་པ་ནི་བུད་མེད་ལས་ནད་འབྱུང་ཚད་མཐོ་བ་དང་ནད་འཕར་བའང་སྔ་བར་མ་ཟད། ནད་ཀྱི་ཡུན་ཚད་ཀྱང་རིང་བ་རེད། བུད་མེད་ལ་མཚོན་ན་ཟླ་མཚན་མ་ཆད་སྔོན་དུ་ནད་འབྱུང་ཚད་སྐྱེས་པ་ལས་དམའ་ནའང་། ཟླ་མཚན་ཆད་རྗེས་བུད་མེད་ཀྱི་ནད་འབྱུང་ཚད་ཇེ་མགྱོགས་སུ་ཕྱིན་ཏེ་ཕལ་ཆེར་སྐྱེས་པའི་ནད་འབྱུང་ཚད་དང་དོ་མཉམ་ཡོང་བ་རེད།

ཐ་མག་འཐེན་པ། ཐ་མག་འཐེན་མཁན་ལ་ནད་འབྱུང་ཚད་ནི་ཐ་མག་མི་འཐེན་མཁན་ལས་མཐོ་ཞིང་། ཐ་མག་འཐེན་མཁན་གྱི་སྙིང་རྩ་རེངས་པའི་ནད་ཀྱི་འབྱུང་ཚད་ཀྱང་ཐ་མག་མི་འཐེན་མཁན་ལས་ལྡབ3.5ཡིས་མཐོ་བ་རེད། ཀླད་རྩ་ཁེགས་ཏེ་འཆི་ཉེན་འབྱུང་བའི་ཁྲོད་ཐ་མག་འཐེན་མཁན་གྱིས་གོ་གནས་དང་པོ་བཟུང་ཡོད།དུ་དུག་གིས་ཁྲག་སྐྱོའི་ནང་གི་མཁལ་མའི་གཤེར་རྨེན་རྒྱུའི་འདུས་ཚད་ཇེ་མཐོར་གཏོང་བ་དང་། ཁྲག་ལེབ་གཅིག་འདུས་དང་ནང་ཤུན་ཕྲ་ཕུང་གི་འཁུམ་འདུར་སྐུལ་འདེད་གཏོང་བར་མ་ཟད། ཁྲག་རྒྱུན་འབྱར་འཁུམ་གྱི་རྒྱུ་རྐྱེན་ཇེ་མཐོར་གཏོང་བ་རེད།

ཚོ་དྲགས་པ། ལུས་པོ་ཧ་ཅང་ལྕི་བའི་རིགས་ལ་ཀླད་སྙིང་ཁྲག་རྩའི་ནད་གཞི་དེ་བས་འབྱུང་སླ།

ཁྲག་ཤེད་མཐོ་བ། དུས་ཡུན་རིང་པོར་ཁྲག་ཤེད་མཐོ་བ་ལས་འཕར་རྩའི་རྩ་སྦུག་གི་ངོས་ཇེ་མཐུག་གམ་སྲ་བསྒྱུར་བྱེད་ལ།སྦུག་ཁོག་ཇེ་ཕྲར་གྱུར་ཏེ་སྙིང་ཁམས་དང་ཀླད་པའི་ནང་དུ་ཁྲག་མཁོ་འདོན་ནམ་ཁྲག་རྒྱུན་འཁོར་རྒྱུག་བྱེད་པར་ཤུགས་རྐྱེན་བཟོ་བ་རེད།

ཆང་བག་མེད་དུ་འཐུང་བ། ཆང་བཅུད་སྡུད་ཚད་ཀྱིས་ཀླད་པའི་ཁྲག་ཐོན་ནད་ལ་ཐད་ཀར་གནོད་སྐྱོན་ཐེབས་ཀྱིན་ཡོད། ཉིན་རྒྱུན་ཆང་བཅུད་བསྡུ་ཚད་ཁེ50ལས་བརྒལ་མཁན་ལ་ཀླད་སྙིང་ཁྲག་རྩའི་ནད་བྱུང་སྟེ་འཆི་བའི་ཉེན་ཁ་ཇེ་མཐོར་འགྲོ་བ་དང་། དུས་ཡུན་རིང་པོར་ཆང་འཐུང་ན་ཁྲག་རྒྱུན་ཁྲོད་ཀྱི་ཁྲག་རྡུལ་ཇེ་མང་དུ་འགྲོ་བར་མ་ཟད། ཁྲག་རྒྱུན་འཁོར་རྒྱུག་གི་སྙོམ་སྒྲིག་ལ་ཤུགས་རྐྱེན་མི་ལེགས་པ་ཐེབས་ཏེ།སྙིང་གི་འཕར་ཚད་འཆོལ་བ་དང་ཁྲག་ཤེད་མཐོ་བ་སོགས་བྱུང་ནས་ཀླད་སྙིང་ཁྲག་རྩའི་ནད་འབྱུང་སླ་བས། ཆང་ཉུང་འཐུང་བྱས་ན་ཕན་པ་དང་མང་འཐུང་བྱས་ན་གནོད་པ་ཡོད།

གཅིན་སྙི་ཟ་ཁུའི་ནད། གཅིན་སྙི་ཟ་ཁུའི་ནད་ནི་སྙིང་ནད་དམ་ཁྲག་མ་འདང་བ་ལས་ཤི་བའི་ནད་ཀྱི་ཁྲོད་སྒེར་ཚུགས་སུ་གནས་པའི་ཉེན་ཁའི་རྒྱུ་རྐྱེན་ཞིག་ཡིན་ཏེ། གཅིན་སྙི་ཟ་ཁུའི་ནད་ཇེ་སྡུག་ཏུ་སོང་བ་ལས་རིམ་བཞིན་ཀླད་སྙིང་ཁྲག་རྩའི་སྦྲགས་ནད་སྣ་ཚོགས་འབྱུང་བ་རེད། དཔེར་ན། པྲོག་དབྱིབས་འཕར་རྩ་འཇམ་འདྲའི་སྲ་འགྱུར་དང་། ཁོག་སྨད་འཕར་རྩ་འཇམ་འདྲའི་སྲ་འགྱུར་དང་ཁྲ་རྡོག་ཏུ་ཆགས་པ་སོགས་ལྟ་བུ།

གཞན་ཡང་། ཉེ་བའི་ལོ་འདི་འགའི་རིང་། སྙིང་རྩ་རེངས་པའི་ནད་ཕོག་མཁན་དེ་ན་གཞོན་ཅན་དུ་འགྱུར་གྱིན་ཡོད་ལ། ལོ40ཡས་མས་ཀྱི་དར་མ་རྣམས་ཀྱང་ནད་དེ་འབྱུང་ཚད་མང་བའི་མི་ཚོགས་ཅན་དུ་གྱུར་ཡོད། འཚོ་བའི་གོམ་འགྲོས་ཇེ་མགྱོགས་སུ་ཕྱིན་པ་དང་། བྱ་བའི་གནོན་ཤུགས་ཆེ་བ། སྤྲི་དཀར་མང་བ་དང་ཚིལ་མཐོའི་བཟའ་བཏུང་བསྟེན་པ། ཡུན་རིང་པོར་ཙོག་ནས་འགུལ་སྐྱོད་མི་བྱེད་པ་སོགས་ཀྱི་འཚོ་བ་རོལ་ལུགས་ནི་ཀླད་སྙིང་ཁྲག་རྩའི་ནད་པ་ན་གཞོན་ཅན་དུ་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།