ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ལུགས་གསོ་བ་རིག་པའི་དབུགས་འཚང་ནད་ཀྱི་བཅོ་ཐབས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གློ་ཡུའི་ཡན་ལག་དབུགས་འཚང་ནད་ཀྱི་བསྡུས་མིང་ལ་དབུགས་འཚང་ནད་ཅེས་འབོད།དེ་ནི་དབུགས་ལམ་གྱི་དལ་གཤིས་གཉན་ཚད་ནད་རིགས་ཤིག་ཡིན་ལ། དལ་གཤིས་གཉན་ཚད་འདིའི་རིགས་ཀྱིས་དབུགས་ལམ་ལ་ཚོར་བ་སྐྱེན་པོ་བཟོས་ཏེ། དཔེར་མཚོན་རང་བཞིན་གྱི་དབུགས་ལམ་ནད་རྟགས་ཏེ།དཔེར་ན་དབུགས་ཧད་པ་དང་དབུགས་འཚང་བ།གློ་ལུ་བ་སོགས་ཀྱི་ནད་རྟགས་བསླང་སྲིད། ནད་པ་མང་ཆེ་བར་གོང་གི་ནད་རྟགས་དེ་དག་ལས་ནད་རྟགས་དུ་མ་མཉམ་དུ་འབྱུང་བཞིན་ཡོད་ལ། ལྷག་པར་དུ་མི་དར་མར་ནད་རྟགས་མང་པོ་འབྱུང་གིན་ཡོད། ནད་རྟགས་དེའི་རིགས་རྒྱུན་དུ་མཚན་མོ་དང་ཞོགས་པར་ཇེ་ལྕིར་འགྲོ་བ་དང་། མང་ཆེ་བ་རང་ཉིད་ཀྱི་ཉམས་མྱོང་དང་སྨན་བཅོས་ལ་བརྟེན་ནས་ཞི་ལྷོད་དུ་གཏོང་ཐུབ།

ནད་ཐོག་སྨན་བཅོས་ལྟར་ན། དབུགས་འཚང་ནད་ལ་མྱུར་གཤིས་ནད་ལྡང་དུས་དང་དལ་གཤིས་རྒྱུན་མཐུད་དུས། ནད་ཐོག་ཞི་ལྷོད་དུས་བཅས་རིགས་གསུམ་དུ་དབྱེ་ཆོག་པ་རེད། ཀྲུང་ལུགས་གསོ་རིག་ལྟར་ན། དེ་ནི“དབུགས་ལམ་ནད”ཀྱི་ཁོངས་སུ་གཏོགས་ཤིང་། སྤྱིར་བཏང་དུ་མིད་པའམ་དབུགས་ལམ་འཁྱག་པ་ལས་བྱུང་བ་དང་། ཚ་བ་རྒྱས་པ་ལས་བྱུང་བ། རླུང་ཕོག་པ་ལས་བྱུང་བ། ཟུངས་ཉམས་པ་ལས་བྱུང་བ་སོགས་རིགས་བཞི་རུ་དབྱེ་ཡོད། དེའི་ཁྲོད་ཀྱི་མྱུར་གཤིས་ནད་ལྡང་དུས་ནི་མིད་པའམ་དབུགས་ལམ་འཁྱག་པ་དང་། ཚ་བ་རྒྱས་པ། རླུང་ཕོག་པ་བཅས་ལས་བྱུང་བ་མང་ཞིང་། ནད་ཐོག་ཞི་ལྷོད་དུས་ནི་ཟུངས་ཉམས་པ་ལས་བྱུང་བ་མང་།

རྩ་ལག་མཉམ་བཅོས་ཀྱི་ནད་བཅོས་བྱེད་ཐབས།

རིགས་མི་འདྲ་བའི་དབུགས་འཚང་ནད་ལ་སྨན་བསྟེན་ཚུལ་ཡང་མི་འདྲ་བ་སྣ་ཚོགས་ཡོད། དེའི་ཁྲོད་ཀྱི་འཁྱག་པ་ལས་བྱུང་བའི་དབུགས་འཚང་ནད་ནི་གྲང་རླུང་གིས་གློ་བར་འཇབ་རྒོལ་ཐེབས་པའམ་གློ་བུར་ཕྱིའི་རྒྱུ་རྐྱེན་མང་པོ་དང་འཕྲད་པ་ལས་བྱུང་བ་ཡིན་ལ། རྒྱུན་སྤྱོད་སྨན་ལ་ཧྲེ་ཀན་མ་ཧོང་ཐང(射干麻黄汤)དང་ཞའོ་ཆིན་ལུང་ཐང(小青龙汤)སོགས་ཡོད། ཚ་བ་རྒྱས་པ་ལས་བྱུང་བའི་དབུགས་འཚང་ནད་ནི་ལུས་སྟོབས་རྒྱས་དྲགས་པས་ཁ་ལུད་ཚ་འགྱུར་བྱུང་བ་ལས་བསླངས་པ་རེད། རྒྱུན་སྤྱོད་ཀྱི་སྨན་ལ་ཏིང་ཁྲོན་ཐང་དང་ཡུའེ་ཕི་ཅ་པན་ཞ་ཐང(定喘汤 越脾加半夏汤)སོགས་ཡོད། རླུང་ཕོག་པ་ལས་བྱུང་བའི་དབུགས་འཚང་ནད་ལ་ལུད་པ་རྫོད་པོས་གློ་བར་གནོད་པ་ཐེབས་ཏེ་བྱུང་བ་རེད་ལ། རྒྱུན་སྤྱོད་ཀྱི་སྨན་ལ་སན་ཉིའུ་ཐང་དང་སན་ཙི་དབྱང་ཆིན་ཐང(三拗汤 三子养亲汤)སོགས་ཡོད། ཟུངས་ཉམས་པ་ལས་བྱུང་བའི་དབུགས་འཚང་ནད་ནི་རྒྱུན་པར་གློ་བ་དང་མཚེར་བ། མཁལ་མ་སོགས་ལ་སྐྱོན་ཐེབས་པ་ལས་བྱུང་བ་རེད། ཕིང་ཁྲོན་ཀུའུ་པུན་ཐང(平喘固本汤)བསྟེན་ན་འཚམ།

དེ་ལས་གཞན། ཞི་ལྷོད་དུས་ཀྱི་དབུགས་འཚང་ནད་པས་ད་རུང་སྦྱར་སྨན་སྤྱོད་པའམ་ཡང་ན་ཀྲུང་ལུགས་གསོ་བ་རིག་པའི་གསོ་བཅོས་ལྟར་ཀྲུང་སྨན་རིལ་བུ་དང་སྤྱིན་ཐུམ་སྨན་སོགས་བསྟེན་ཆོག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།