ཀྲུང་གོ་བོད་ཀྱི་དྲ་བ།

ངལ་རྩོལ་དང་སྦྱོང་བརྡར་ཚང་མས་ལུས་ཕུང་ལ་སྦྱོང་བརྡར་ཐོབ་བམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་རེ་རེའི་ལས་ཀའི་ངོ་བོ་མི་འདྲ་བ་སྟེ། མི་ལ་ལས་ལུས་པོའི་ངལ་རྩོལ་བྱེད་ཀྱིན་ཡོད་པ་དང་། མི་ལ་ལས་ཀླད་པའི་ངལ་རྩོལ་བྱེད་ཀྱིན་ཡོད། ཀླད་པའི་ངལ་རྩོལ་བྱེད་མཁན་ཞིག་ཡིན་ན་ཉིན་རེར་ལུས་སྟོད་འགུལ་སྐྱོད་བྱེད་པ་ཙམ་ཡིན། ལུས་པོའི་ངལ་རྩོལ་པ་ཞིག་ཡིན་ནའང་། དེའི་ངལ་རྩོལ་བྱེད་ཤུགས་ལ་ཁྱད་པར་ཡོད་དེ། རང་འགུལ་ཅན་གྱི་ཚད་མཐོ་ན་ལུས་ཤུགས་ཟད་གྲོན་ཉུང་བར་མ་ཟད། ལུས་པོའི་འགུལ་སྟངས་མང་ཆེ་བ་གཅིག་འདྲ་ཡིན་པས་ཤ་གནད་དང་ལྷུ་ཚིགས་ཆ་ཤས་ལ་དེ་འདྲའི་ནུས་པ་ཐོན་གྱིན་མེད། དེའི་ཕྱིར། ལུས་པོར་ཐེབས་པའི་ཤུགས་རྐྱེན་ནི་གནས་ག་གེ་མོ་ཞིག་གི་ལྷུ་ཚིགས་དང་དབང་བོ་ཙམ་ཡིན། དུས་ཡུན་རིང་པོར་ལུས་པོའི་ཆ་ཤས་ཀྱིས་ངལ་རྩོལ་བྱས་ན་ལས་རིགས་ཀྱི་ནད་འབྱུང་བའི་ཉེན་ཁ་ཆེ།

ལུས་རྩལ་སྦྱོང་བརྡར་ནི་དེ་དང་གཏན་ནས་མི་འདྲ་སྟེ། ལུས་རྩལ་སྦྱོང་བརྡར་ནི་ཡན་ལག་གི་འགུལ་སྐྱོད་གཅིག་རྐྱང་མིན་པར། དམིགས་སའི་རང་བཞིན་ཆེ་བའི་ལུས་ཡོངས་སྦྱོང་བརྡར་ཞིག་ཡིན་ཏེ། སྤྱིར་བཏང་གི་རླུང་འཕྲིན་ལུས་སྦྱོང་ཞིག་ལ་མཚོན་ནའང་། ལུས་པོའི་སྟོད་དང་སྨད། སྐེད་པ་དང་མཇིང་བ། ཕྲག་པ་སོགས་ཀྱི་ཆ་ཡོངས་རྫོགས་སྦྱོང་བརྡར་བྱེད་ཀྱིན་ཡོད་པར་མ་ཟད། ད་དུང་རྐྱོང་སྐུམ་དང་དགྱེ་སྒུར་སོགས་ལུས་ཡོངས་འགུལ་གྱིན་ཡོད་པས་སྤྱིར་བཏང་གི་ངལ་རྩོལ་ལུས་སྦྱོང་གིས་ཚབ་བྱེད་མི་ཐུབ།

གལ་ཏེ་ཁྱེད་རང་ལྕི་བའི་ངལ་རྩོལ་རིགས་གཉེར་མཁན་ཞིག་ཡིན་ན། ངལ་རྩོལ་བྱས་རྗེས་ལུས་རྩལ་སྦྱོང་བརྡར་བྱེད་སྟངས་དང་བྱེད་ཐབས་ལ་མཉམ་འཇོག་གང་ལེགས་བྱེད་དགོས། སྤྱིར་བཏང་དུ་ལུས་ཤུགས་ངལ་རྩོལ་ལྕི་བའི་རིགས་ལས་རྗེས་ཤུགས་ཆེ་བའི་ལུས་ཕུང་སྦྱོང་བརྡར་བྱེད་མི་རུང་། ལྕི་བའི་ངལ་རྩོལ་ཁྲོད་དུ་ལུས་ཁམས་ཀྱི་ནུས་པ་མང་ཆེ་བ་ཟད་ཡོད་པས་ལུས་པོ་ཐང་ཆད་པའི་སྣང་བ་ཡོད། སྐབས་དེར་ང་ཚོས་དོ་སྣང་མ་བྱས་པར་ཐེག་ཚད་ཆེ་བའི་འགུལ་སྐྱོད་བྱས་ན་ངལ་དུབ་ཆེ་བར་གྱུར་ནས་ངལ་སོས་དཀའ་བ་དང་། ཉིན་གཉིས་པའི་ལས་ཀར་ཡང་གནོད་པ་ཐེབས་ངེས་པས། ང་ཚོས་གདམ་གསེས་རང་བཞིན་གྱི་ལུས་ཕུང་སྦྱོང་བརྡར་བྱེད་དགོས་པ་སྟེ། དཔེར་ན། འཆམ་འཆམ་དུ་འགྲོ་བ་དང་ཐའེ་ཅི་དྲག་རྩལ་སྦྱོང་བ་སོགས་སོ། 

ངལ་རྩོལ་ནི་ཕྱོགས་རེ་བའི་འགུལ་སྐྱོད་ཡིན། སྙིང་ཁམས་ཁྲག་རྩའི་མ་ལག་དང་དབུགས་ལམ་མ་ལག དབང་རྩའི་མ་ལག་བཅས་ལ་མཚོན་ནས་བཤད་ན། ངལ་རྩོལ་སྦྱོང་བརྡར་ནི་ལུས་ཕུང་སྦྱོང་བརྡར་བྱེད་ཐབས་ལེགས་པོ་ཞིག་མིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།