ཀྲུང་གོ་བོད་ཀྱི་དྲ་བ།

མངལ་སྐེའི་ཤ་སྐྲན་འབྱུང་སླ་བའི་མི་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དྲི་བ། ཅི་ཞིག་ལ་མངལ་སྐེའི་ཤ་སྐྲན་ཟེར་བ་དང་། མངལ་སྐེའི་ཤ་སྐྲན་འབྱུང་སླ་བའི་བུད་མེད་ཀྱི་རིགས་ནི་གང་དག་ཡིན།

ལན། མངལ་སྐེའི་ཤ་སྐྲན་ཞེས་པ་ནི་མངལ་སྐེའི་དལ་གཤིས་གཉན་ཚད་ལས་བྱུང་བའི་ཤ་སྐྲན་ཀྱི་རིགས་ཤིག་ཡིན་ལ།དེ་ལ་མངལ་སྐེའི་ལང་ཚོའི་འབྲུམ་ཐོར་ཡང་ཟེར། མངལ་སྐེའི་ཤ་སྐྲན་ལ་སྤྱིར་བཏང་གི་གནས་ཚུལ་འོག་ནད་རྟགས་གང་ཡང་མེད་པར་མ་ཟད། མངལ་སྦྲུམ་པ་དང་དུས་རྒྱུན་གྱི་འཚོ་བར་གནོད་འཚེ་གང་ཡང་མེད་མོད། འོན་ཀྱང་མངལ་སྐེའི་གཉན་ཚད་འཇོམས་མ་ཐུབ་ན་ཤ་སྐྲན་ཡང་ནས་བསྐྱར་དུ་འབྱུང་སྲིད་པས།དེ་ནི་ཧ་ཅང་བཅོ་དཀའ་བའི་ནད་རིགས་ཤིག་རེད། མངལ་སྐེའི་ཤ་སྐྲན་གྱི་ནད་འབྱུང་བར་ཁྱད་ཆོས་ཆེན་པོ་ཞིག་ཡོད་དེ།དེ་ནི་གཤམ་གྱི་བུད་མེད་རིགས་གསུམ་ལ་འབྱུང་སླ་བ་དེ་རེད།

གཅིག བཙའ་ལོ་རན་པའི་བུད་མེད།བཙའ་ལོ་རན་པའི་བུད་མེད་ལ་མོ་རྒྱུ་སྐུལ་རྩི་ཧ་ཅང་མོད་པོ་ཡོད་པས།སེམས་ཤུགས་འཕེལ་ཞིང་འཁྲིག་སྤྱོད་བྱེད་ཚད་མཐོ་བས་རེད།80%ཡི་བུད་མེད་ལ་ཚད་མི་འདྲ་བའི་མངལ་སྐེའི་གཉན་ཚད་ཡོད་པས།དེ་ནི་མངལ་སྐེའི་ཤ་སྐྲན་གྱི་འབྱུང་རྐྱེན་དུ་གྱུར་ཡོད།

གཉིས། བཙའ་སྐྱེ་སྐབས་ཀྱི་བུད་མེད།བུད་མེད་རྣམས་ཀྱིས་ཕྲུ་གུ་བཙའ་བའི་སྐབས་སུ་མངལ་སྐེ་ལ་ཚད་མི་འདྲ་བའི་གནོད་འཚེ་ཐེབས་སྲིད།མངལ་སྐེ་གས་རྗེས་གཤག་བཅོས་བྱས་ནས་འཚེམ་སྦྱོར་བྱས་པ་དང་ཡང་ན་རང་བྱུང་གིས་སོས་པ་གང་ཞིག་ཡིན་རུང་།དེ་ལ་གོ་རིམ་ངེས་ཅན་ཞིག་དགོས་པ་དང་།གོ་རིམ་དེ་ནི་མངལ་སྐེའི་ཤ་སྐྲན་འབྱུང་ཚད་ཆེས་མཐོ་བའི་དུས་རེད།

  མངལ་འབྱིན་གཤག་བཅོས་བྱས་པའི་བུད་མེད།མངལ་འབྱིན་གཤག་བཅོས་ཐེངས་མང་དུ་བྱས་ན་མངལ་སྐེ་ལ་གནོད་འཚེ་ཚབས་ཆེན་ཐེབས་པའི་དབང་གིས། མངལ་ཁོག་རེད་པ་དང་སྦྲགས་ནད་མང་པོ་འབྱུང་སླ་ཞིང་།དེ་དག་ནི་མངལ་སྐེའི་ཤ་སྐྲན་ཀྱི་འབྱུང་རྐྱེན་དུ་གྱུར་པ་རེད།

དེ་བས་མངལ་སྐེའི་ཤ་སྐྲན་འབྱུང་ཚད་མཐོ་བའི་བུད་མེད་རིགས་ཀྱིས་རང་ཉིད་ནས་མགོ་བརྩམས་ཏེ་འགོག་སྲུང་ལེགས་པོ་བྱེད་དགོས་ཏེ།ལུས་ཁམས་ཀྱི་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་པ་དང་།འཁྲིག་སྤྱོད་འཚོ་བའི་གཙང་སྦྲར་དོ་སྣང་བྱེད་དགོས་ལ།ནང་དོར་རྒྱུན་དུ་བརྗེ་བ་དང་ལུས་སྨད་རྒྱུན་དུ་བཀྲུས་ཏེ།མངལ་སྐེ་རེད་པར་འགོག་སྲུང་བྱེད་དགོས།ན་གཞོན་བུད་མེད་དང་ནང་སྒོས་སུ་གཉེན་སྒྲིག་བྱས་མེད་པའི་བུད་མེད་ཀྱིས་རང་ཉིད་རང་གཅེས་བྱེད་པ་དང་མངལ་འབྱིན་གཤག་བཅོས་བྱེད་ཚད་ཇེ་ཉུང་དུ་བཏང་ནས།མངལ་སྐེ་བདེ་ཐང་ཡོང་བར་ཁག་ཐེག་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།