འགུལ་སྟངས་དེ་ཚོས་ཁྱེད་ཀྱི་གཟུགས་པོ་བདེ་ཐང་ཡིན་མིན་ཤེས་ཐུབ།

གཟུགས་པོ་ཐང་པོ་ཡིན་མིན་བརྟག་དཔྱད་བྱས་ནས་ཤེས་ཀྱི་ཡོད་ལ། ད་དུང་གཟུགས་པོའི་ཡན་ལག་ལ་བལྟས་ནས་ཀྱང་ཤེས་ཀྱི་ཡོད་པ་དཔེར་ན། གདོང་གཤིས་དང་གོམ་པ་རྒྱག་སྟངས་སོགས་ལ་བལྟས་ནས་ཐང་པོ་ཡིན་མིན་ཤེས་ཀྱི་ཡོད། དེ་རིང་ང་ཚོས་ཁྱེད་ལ་ལུས་སྦྱོང་སྐོར་གྱི་ཤེས་བྱ་ཁག་གཅིག་ངོ་སྤྲོད་ཞུ་རྒྱུ་ཡིན། འགུལ་སྟངས10པོར་བལྟས་ཏེ་གཟུགས་པོ་ཐང་མིན་ཤེས་ཐུབ། 

微信图片_20200401150412.jpg

ཞོགས་པ་ཆུ་ཚོད7པར་ལངས་ན། ཆུ་ཚོད9པའི་གཡས་གཡོན་དུ་གཟུགས་པོར་ཉོབ་མདངས་ཤིག་ངང་གིས་སླེབས་ཀྱི་ཡོད། གནས་ཚུལ་འདི་མི་མང་ཆེ་བར་ཡོད་དེ། དེ་ནི་གཟུགས་པོར་སྦྱོར་བརྡར་ཉུང་བའམ་ཡང་ན་ཡུན་རིང་པོ་སྡོད་པ་ལས་ངལ་དུབ་རང་བཞིན་གྱིས་བྱུང་བ་ཞིག་རེད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་ཐང་གནད་དོན་ཞིབ་འཇུག་འགན་འཁུར་བ་ཉི་ཁེ·ཧྥེ་ལུའུ་ཡིས་ལུགས་དང་མཐུན་ཞིང་རྒྱུན་མཐུད་པའི་སྦྱོར་བརྡར་བྱེད་དགོས་ཤིང་། གཟའ་འཁོར་རེར་ལུས་སྦྱོང་ཐེངས་5དང་ཐེངས་རེར་ཉུང་མཐར་ཡང་ཆུ་ཚོད་ཕྱེད་ཀ་རྒྱུན་འཁྱོངས་དགོས་ཞེས་བརྗོད་འདུག

微信图片_20200401150417.jpg

ལག་རེར་རྒྱ་མ6གི་ཅ་དངོས་འདེགས་པ་དེ་ལས་ལག་ཤུགས་ཆེ་ཆུང་ལྟ་ཐུབ་པ་མ་ཟད། དཔུང་པ་དང་། སྒལ་པ། བྲང་ཁོག པུས་མོ་བཅས་ལ་ཤུགས་ཡོད་མེད་ཀྱང་ཤེས་ཀྱི་ཡོད། 

ཞིབ་འཇུག་ལས་མངོན་དོན། རྟག་ཏུ་སྦྱོང་བརྡར་མི་བྱེད་མཁན་གྱི་ཤེད་ཤུགས་ལོ20ནས25བར་ཆེ་ཤོས་རེད། དེ་རྗེས། ལོ10རེར10%རེ་བཞིན་རིམ་གྱིས་ཆགས་པ་དང་ལོ60ཡི་རྗེས་ལ་ཤེད་ཤོར་ཚད་དེ་བས་མགྱོགས་པ་ཡོད།

དེས་ན། ང་ཚོའི་ཤེད་ཤུགས་ཆེ་རུ་གཏོང་ཐུབ་ཀྱི་ཡོད་པས། གཟའ་འཁོར་རེར་ཁྱེད་ཀྱིས་ཅ་དངོས་ལྕི་པོ་ཐེངས5ནས6བར་འདེགས་པ་དང་འགྱོག་ཐེངས་རེར་ཐེངས་གྲངས20ལྷག་ཙམ་བརྩེས་ན་གཟུགས་པོའི་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་རེད། 

微信图片_20200401150420.jpg

བསྟུད་མར་མཆོང་རྒྱག་ཐེངས10རྒྱག་པ་དེས་སྙིང་འཕར་ཤུགས་ཚད་རན་མིན་དང་སྙིང་ཁམས་ཁྲག་རྩར་ནད་ཡོད་མེད་ལྟ་ཐུབ་ཀྱི་ཡོད། 

གལ་ཏེ་སྙིང་གཡུག་ཚད་མགྱོགས་པ་དང་སེམས་འཚབ་ན་སྨན་བཅོས་བྱས་ནས་དྲག་སྐྱེད་གཏོང་ཐུབ་པ་ཕུད། ད་དུང་ལུས་སྦྱོང་བྱས་ནས་ལེགས་སུ་གཏོང་ཐུབ་ཀྱི་ཡོད། རྒྱུག་ཤར་མྱུར་དལ་གཉིས་ཟུང་དུ་འབྲེལ་ནས་གློད་ན་དབུགས་ཧལ་ཚད་ཞི་ལྷོད་དུ་གཏོང་ཐུབ་པ་མ་ཟད། སྙིང་ཁམས་སྲུང་བར་ནུས་པ་ཆེན་པོ་ཐོན་གྱི་ཡོད། 

微信图片_20200401150424.jpg

གལ་ཏེ་རྐྱོང་ཤད་བྱེད་དུས་དཀའ་ལས་བྱུང་ན། གཟུགས་པོའི་ལྷུ་ལག་དང་རུས་ཚིགས་ལ་སྣང་ཆུང་བྱ་མི་རུང་། གྲུམ་བུ་དང་རུས་སོབ་ཀྱི་ནད་ཕོག་པའི་རྟགས་ཚན་རེད། 

ཨ་རིའི《སྐྱེ་ཁམས་རིག་པའི་དུས་དེབ》ཐོག་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བའི་རྩོམ་རིག་ཅིག་ནང་རྐང་པ་གཉིས་རུབ་རུབ་བྱས་ཏེ་ལངས་ནས་མཛུབ་མོའི་རྩེར་ལག་པས་རེག་མ་ཐུབ་ན། ཁྲག་རྩ་མཁྲེགས་འགྱུར་སོང་བ་དང་འབྲེལ་བ་ཡོད་ལ། སྙིང་ནད་ཕོག་པའི་སྔ་ལྟས་རེད་ཅེས་འཁོད་འདུག དེར་བརྟེན། ཉིན་ལྟར་སྐར་མ་5ལྷག་ཙམ་གྱི་དུས་ཚོད་སྤྱད་དེ་རྐྱོང་ཤད་ལྟར་གྱི་ལུས་རྩལ་བརྩེས་ན་ནད་རིགས་དེ་དག་འགོག་པར་ཕན་ནུས་ཐོན་གྱི་ཡོད་ཅིང་། ཁྲག་འཁོར་རྒྱུག་དང་རུས་ཚིགས་ཀྱི་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད།  

微信图片_20200401150428.jpg

དེ་ནི་རང་གི་གཟུགས་པོ་མཉེན་ལོད་ལྟ་བའི་ཐབས་ཤིག་རེད། གལ་ཏེ་འགུལ་སྟངས་འདི་བརྩེ་སྐབས་དཀའ་ལས་ཆེན་པོ་འདུག་ན། ཁྱེད་ཉིད་བདེ་ཅག་འཁྱུག་པོ་དང་ལུས་ལ་ཤེད་ཤུགས་དེ་ཙམ་མེད་པ་མཚོན་གྱི་ཡོད། 

ཨ་རིའི་ལུས་སྦྱོང་དགེ་རྒན་ཆེ་མོ་བ་ཁེ་ནེར·ཅི་ཨན་དང་དབྱིན་ཇིའི་ལུས་སྦྱོང་དགེ་རྒན་ཆེ་མོ་བ་མཱ་ཐེ·ལུའོ་པོ་ཚེ་ཡིས་གོམ་པ་སྤོ་ཐེངས་གཅིག་ལ་ཐེམ་སྐས་གཉིས་རེ་འཛེག་པ་དང་རྟག་ཏུ་རྐང་པས་འཕོངས་ཚོས་ལ་ཞུ་བའི་སྦྱོང་བརྡར་བྱེད་སྟངས་སྟབས་བདེ་གཉིས་ང་ཚོར་ངོ་སྤྲོད་བྱས་འདུག

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།