ཀྲུང་གོ་བོད་ཀྱི་དྲ་བ།

ཙོང་རིལ་གྱི་སྨན་བཅོས་བྱེད་ནུས་ནི་ག་འདྲ་ཡིན།

ཡོང་ཁུངས། : ནོར་ནོར་བརྙན་འཕྲིན།   རྩོམ་པ་པོ། : རིག་འཛིན་ལྷ་མོ།   སྤེལ་དུས། : 2019-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཙོང་རིལ་ནང་སྤྲི་དཀར་དང་ཀ་ར། ཀའེ།  ལིན། ལྕགས། འཚོ་བཅུད་སྣ་ཚོགས། དེ་བཞིན་དུ་ཨར་ཞི་པིན་ཅེ(二烯丙基)དང་ཨར་ལིག་འདྲེས་སྦྱོར་དངོས་རྫས(二硫化合物)སོགས་མང་བོ་ལྡན་ཞིང་། དེ་ལ་ནད་འབུ་སྣ་ཚོགས་གསོད་པ་དང་ཁྲག་རྩ་སྲ་འགྱུར་སྔོན་འགོག  ཁྲག་སྤྲི་དམའ་རུ་གཏོང་བ་སོགས་ཀྱི་བྱེད་ནུས་ལྡན། དུས་རྒྱུན་ཙོང་རིལ་ཟོས་ན་ཁྲག་རྒྱུན་གྱིས་སྐྲན་ནད་སྔོན་འགོག་བྱེད་པའི་ནུས་པ་མཐོ་འདོགས་དང་། ཁྲག་ཤེད་མཐོ་བ་སྔོན་འགོག  སྙིང་ནད་མི་འབྱུང་བ་བཅས་ལ་ཕན་ཐོགས་སོ། ། དེ་ཡང་ཙོང་རིལ་གྱིས་གཉན་ཚད་རྨ་ཁ་གསོ་བར་ཕན་ཆེན་པོ་ཐོགས་སྲིད་དེ། རྡུང་སྟེ་ལྡེ་གུ་བཟོས་པའི་རྒྱ་ཙོང་གིས་རྨ་ཁ་ཐེངས་ཁ་ཤས་ལ་བདུག་པ་ན་ན་ཟུག་འཇོག་ཐུབ་པར་མ་ཟད།  རྨ་ཁའང་སོས་སླ་བ་ཡིན།  ཀྲུང་ལུགས་གསོ་རིག་ལྟར་ན། ཙོང་རིལ་གྱི་རོ་མངར་ལ་བསྐ་བ།  རང་བཞིན་འཇམ་པ།  ཟས་སུ་བསྟེན་ན་གློ་ལུ་བ་དང་ལུད་པ་མང་བ།  གཅིན་པ་བཅས་ལ་སྨན་ནུས་འབྱིན་པ་ཡིན།  ཙོང་རིལ་ལྡེ་གུར་བཟོས་ཏེ་རྨ་ཁ་དང་སྨུག་པོའི་ནད་སོགས་ཀྱི་སྟེང་བྱུག་ན་རྨ་ཁ་སོས་སླ་བ་དང་། རྒྱུན་དུ་ཙོང་རིལ་ཟོས་ན་མཁལ་ཚལ་རང་བཞིན་ཅན་གྱི་ཆུ་སྐྲངས་ནད་དང་གཅིན་མངར་ནད་རྣམས་ལ་ཕན།  དམངས་ཁྲོད་ཀྱི་བཤད་རྒྱུན་ལ། ཙོང་རིལ་རློན་པ་བལྡད་ན་ཆམ་པ་དང་ཁའི་གཉན་ཚད་ནད་བཅས་ལའང་ཕན་པར་བརྗོད་དོ། །  ཉེ་ལམ་ཨ་མེ་རི་ཁའི་ཅ་ཀྲིག་སློབ་ཆེན་གྱི་སྐྱེད་དངོས་ཕྲ་རབ་ལ་ཞིབ་འཇུག་བྱེད་པའི་སློབ་དཔོན་ཞིག་གིས་ཞིབ་འཇུག་བྱས་པ་ལས་བསྟན་དོན།  ཙོང་རིལ་ལ་སྐྲན་འགོག་གི་བྱེད་ནུས་ལྡན་ཞིང་།  ལྷག་པར་དུ་ཕོ་བའི་སྐྲན་ནད་འགོག་པ་ལ་ཁྱད་འཕགས་ཀྱི་ནུས་པ་ལྡན་པ་དང་། རྒྱུ་མཚན་ནི་ཙོང་རིལ་ནང་ཀྲོ་ཕེ་ཧོང་སོ(株皮黄素)ཞེས་པའི་རྫས་ཤིག་མངའ་ཞིང་།  རྫས་དེ་ཡིས་སྐྲན་འབྱུང་དོངས་རྫས་བཀག་འགོག་བྱེད་པར་མ་ཟད། སྐྲན་གྱི་ཕྲ་ཕུང་མུ་མཐུད་སྐྱེ་བར་ཡང་བཀག་སྡོམ་བྱེད་པ་ཡིན།  སྡོམ་རྩིས་བྱས་པ་ལྟར་ན།    ནམ་རྒྱུན་ཙོང་རིལ་ཟོས་པའི་མི་ལ་ཕོ་སྐྲན་བྱུང་བའི་བསྡུར་ཚད་མ་ཟོས་པའི་མི་ལས25﹪ཙམ་དམའ་བར་བཤད་དོ། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།