ཀྲུང་གོ་བོད་ཀྱི་དྲ་བ།

སྤྲོ་ལངས་ན་སྙིང་ལ་གནོད་པ་ཆེན་པོ་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དབྱིན་ཇིའི་ཨའེ་ཏིང་པའོ་སློབ་ཆེན་དང་ནན་ཨན་ཕུ་ཏུན་སློབ་ཆེན་གྱི་ཞིབ་འཇུག་པས་ཉེ་ཆར་ཤེས་པ་ལྟར་ན།རྒྱུན་དུ་སྤྲོ་ལངས་པ་དང་སེམས་ཁྲལ།གནོན་ཤུགས་བཅས་ཡང་མོ་འོག་ཏུ་གནས་ནའང་།སྙིང་ཁྲག་ནད་དང་གྲུམ་བུའི་ནད།གློ་བའི་ནད་སོགས་འབྱུང་བའི་ཚད་ཇེ་ཆེར་འགྲོ་བ་རེད།དེའི་མི་ཚད་ད་རུང་སེམས་ཁམས་ཇི་ལྟར་མ་སྐྱིད་ན་ནད་འབྱུང་བའི་ཉེན་ཁ་དེ་ལྟར་མཐོ།

ཞིབ་འཇུག་མི་སྣས“དབྱིན་ཇིའི་ཁྱིམ་ཚང་གཞུང་ཕྱོགས་ཞིབ་འཇུག”ཁྲོད་ཀྱི་མི་ཁྲི1.6ལྷག་ལ་དུས་ཡུན་ལོ3རིང་གི་རྗེས་འདེད་བརྟག་དཔྱད་བྱས་པ་ལྟར་ན།བཟའ་བཏུང་གི་གོམས་གཤིས་དང་ལུས་ཤུགས་བྱ་འགུལ།ཐ་མག་འཐེན་པ།སྤྱི་ཚོགས་དཔལ་འབྱོར་གྱི་གོ་གནས་ལ་སོགས་པའི་རྒྱུ་རྐྱེན་ཕུད་དེ།སེམས་ཁྲལ་དང་གནོན་ཤུགས།སྤྲོ་ལངས་པ་སོགས་མེད་པའི་མི་དང་བསྡུར་ན།རྒྱུན་དུ་བསམ་བློའི་འགལ་རྐྱེན་ཁྲོད་གནས་པའི་མི་ལ། སྙིང་ཁྲག་ནད་འབྱུང་བའི་ཚད46%དང་།གྲུམ་བུའི་ནད་འབྱུང་བའི་ཚད57%གྱིས་མཐོ་ལ།གལ་ཏེ་བསམ་བློའི་འགལ་རྐྱེན་ངན་པ་དེ་ཇེ་ལྗིད་དུ་སོང་ན།སྙིང་ཁྲག་ནད་ཀྱི་འབྱུང་ཚད77%ནས189%དང་།གྲུམ་བུའི་ནད་ཀྱི་འབྱུང་ཚད72%ནས110%ཇེ་མཐོར་འགྲོ་བ་རེད།ཡང་གལ་ཏེ་བསམ་པའི་འགལ་རྐྱེན་ཡང་མོ་དེ་སེམས་ཁྲལ་དང་ཁོང་ཁྲོ་ནད་དུ་གྱུར་ན།གློ་བའི་ནད་འབྱུང་བའི་ཚད125%ནས148%ཇེ་མཐོར་འགྲོ་བ་རེད།

ཞིབ་འཇུག་མི་སྣས་ཚོད་དཔག་བྱས་པ་ལྟར་ན།ལྡོག་ཕྱོགས་ཀྱི་སེམས་ཁམས་དང་གོང་གི་ནད་རིགས་དེ་དག་གི་འབྲེལ་བ་ནི་དལ་གཤིས་གཉན་ཚད་ཀྱིས་སྦྲེལ་བ་རེད།སེམས་ཁམས་སྟེང་གནོན་ཤུགས་ཆེ་བ་དང་ཁོང་ཁྲོ་ལངས་སླ་བའི་མིའི་ཀླད་འོག་མ-ཀླད་ཞབས-མཁལ་སྟེང་གཤེར་རྨེན་མདའ་བཅས་ལ་ཡང་ལྗིད་ཤོར་བས།པགས་རྫས་ཁྲུན་གྱི་འདུས་ཚད་ཇེ་དམའ་རུ་སོང་བ་དང་གཉན་ཚད་འབྱུང་བའི་ཚད་ཇེ་དྲག་ཏུ་སོང་བར་མ་ཟད།ཁྲག་ཤེད་ཇེ་མཐོ་དང་སྙིང་གི་འཕར་ཚད་ཇེ་མགྱོགས་སུ་འགྲོ་ལ།ཁྲག་ཚིལ་གསར་བརྗེ་བྱེད་པར་གནོད་འཚེ་ཐེབས་པ་བཅས་ཀྱིས།གཤེར་མའི་ཕུང་རྩི་འགོག་པ་དང་ཁྲག་རྩའི་ནང་པགས་ཀྱི་ནུས་པར་འགལ་རྐྱེན་ཐེབས་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།