ཀྲུང་གོ་བོད་ཀྱི་དྲ་བ།

བོད་སོག་གསོ་རིག་ལས་ཁམས་གསོ་བདེ་སྲུང་དང་སྲོལ་རྒྱུན་བཅོས་ཐབས་སྐོར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་སོག་གསོ་བ་རིག་པའི་གཞུང་ལས་དུས་ཚིགས་ལྟར་ལྭ་བ་དང་སྡོད་ཁང་བརྗེ་སྤོར་བྱ་དགོས། ཁོར་ཡུག་ལ་འཚམ་པོ་ཡོང་རྒྱུ་ནི་ལུས་ཟུངས་གསོ་བ་དང་ཚེ་ཐག་ཇེ་རིང་དུ་གཏོང་བའི་དམིགས་ཡུལ་ཡིན། གནམ་གཤིས་ཀྱི་འགྱུར་བ་ལྟར་ལྭ་བ་བརྗེ་སྤོར་བྱེད་པ་དང་། དྲོད་བརྟེན་འཁྱགས་གཡོལ་སོགས་སྤྱིར་བཏང་གི་ཤེས་བྱ་ཡིད་ལ་ངེས་དགོས་པ་ལས་གཞན་ད་དུང་དུས་ལྟེ་ཟ་མ་སྙོམ་སྒྲིག་བྱེད་པར་མཉམ་འཇོག་དགོས། དུས་ཚིགས་དང་མཐུན་པོ་བྱུང་ན་གཟུགས་གཞི་བདེ་ཐང་དང་ནད་འགོག་ནུས་པ་ཇེ་མཐོར་འགྲོ་ཐུབ།

གསུམ། བོད་སོག་གསོ་བ་རིག་པའི་གཞུང་ལུགས་ལས་དམིགས་བསལ་གྱི་བཅོ་ཐབས།

(གཅིག)སོག་པོའི་གསོ་བ་རིག་པའི་གཞུང་ལས་མགོ་ཡོམ་བཅོ་ཐབས་ལག་རྩལ་ནི་སོག་རིགས་གསོ་བ་རིག་པའི་གཞུང་ལུགས་ནང་གི་མགོ་ཡོམ་སྨན་བཅོས་བྱེད་ཐབས་ཤིག་ཡིན། དངོས་ལུགས་ཀྱི་མགོ་ཡོམ་བྱེད་ཐབས་བེད་སྤྱད་ནས་ནད་རྟགས་མེད་པར་བཟོས་ཏེ་སྨན་བཅོས་བྱེད་ནུས་ཐོན་དགོས། མགོ་ཡོམ་བཅོ་ཐབས་ལ་དབྱེ་ན་རྡོ་ལུ་དང་དབྱུག་པ། རྐང་མཐིལ་རྡུང་བ་སོགས་ཡོད། མགོ་ཡོམ་སླར་གསོ་བྱུང་བ་དང་རླུང་ཁྲག་འཁོར་རྒྱུག ཤ་གཟུགས་སྙོམ་སྒྲིག་སོགས་ཀྱི་བྱེད་ནུས་ལྡན་པ་དང་། མགོ་ཡོམ་དང་མགོའི་གཞོགས་ཕྱེད་ན་བ། ནང་ཁྲོལ་གྱི་དབང་པོར་རྨས་ཕོགས་པ། སྐེད་པར་གནོད་བྱུང་བ་སོགས་ལ་མངོན་གསལ་གྱི་ནུས་པ་ཐོན་གྱི་ཡོད།

(གཉིས) ཟངས་ཁོག་བཅོས་ཐབས། ཟངས་དམར་གྱི་རྒྱུ་ཆ་གཙོ་བྱས་ནས་ལས་སྣོན་བྱས་པ་ཡིན་ལ། ཟངས་དམར་གྱི་དངོས་ལུགས་ཁྱད་ཆོས་དང་ལུས་ཕུང་བདེ་སྲུང་བྱེད་ནུས་བེད་སྤྱད་དེ་མེ་ཕོར་རྒྱག་པའི་སྲོལ་རྒྱུན་གྱི་རང་བྱུང་བཅོས་ཐབས་ཤི་ཡིན། རྩ་ལམ་གྱི་ཁྲག་དབུགས་སེལ་བ་དང་སྙིང་རྩའི་རྩ་ལམ་བྱེད་ནུས་ལ་སྐུལ་འདེད་གཏོང་བར་ཕན་པ་དང་། བཟང་སྐྱོར་ངན་འཇོམས་དང་གདགས་སྲིབ་དོ་མཉམ།རྒྱུས་པ་གསོ་ཞིང་ཁྲག་རྩ་བསང་བ། རླུང་སེལ་བ། ཟུག་འཇོམས་སྐྲངས་འཇགས། ཚ་ཤོར་དུག་སེལ། ལུས་སྟོབས་རྒྱས་ཤིང་བདེ་ཐང་ཡོང་བར་ཕན་ནུས་ལྡན།

(གསུམ།)སོག་རིགས་ཀྱི་གསོ་བ་རིག་པའི་གཞུང་ལས་རུས་པ་བཅོ་ཐབས། དེར་དབྱེ་ན་ལེགས་སྒྲིག་དང་། གཏན་འཇོག་པ། འཕུར་མཉེས། སྨན་ལུམ། ནད་གཡོག་དང་བྱེད་ནུས་སྦྱོང་བརྡར་སོགས་རིམ་པ་དྲུག་བརྒྱུད་དགོས། ཡོ་བྱད་སྤྱད་ནས་རུས་པ་འབྱོར་དུ་འཇུག་སྐབས་སྔོན་ལ་ཆང་བཅུད་མང་པོ་འདུས་པའི་ཆང་རུས་ཆག་གི་གནས་དང་རུས་ཚིགས་ཀྱི་སྟེང་གཏོར་བ་དང་། དེའི་འཕྲོར་ཡངས་མོའི་ངང་འཕུར་མཉེས་བྱས་ན་དུག་སེལ་བ་དང་། རྩ་དཀར་གསོ་ཞིང་ཁྲག་རྩ་བསང་བའི་བྱེད་ནུས་ཐོན། རུས་པ་བཅོ་ཐབས་ལ་དབྱེ་ན་རུས་ཆག་ལེགས་སྒྲིག་བྱེད་ཐབས། རུས་ཆག་གི་གནས་ལ་འཕུར་མཉེས་བྱེད་ཐབས་སོགས་ཡོད། དེ་དག་བྱེད་ཐབས་བདེ་ལ་སྨན་བཅོས་ཕན་འབྲས་མངོན་གསལ་ཡིན་པ། ན་ཟུག་འཇོམས་པ། དུག་སེལ། ལུས་སྟོབས་རྒྱས་ཤིང་བདེ་ཐང་ཡོང་བ་སོགས་ཀྱི་བྱེད་ནུས་ལྡན།

(བཞི)མགོ་བོར་སྐམ་ཁབ་གདབ་པའི་སྨན་བཅོས་བྱེད་ཐབས། དེ་ནི་མགོ་བོའི་གསང་མིག་སྟེང་སྐམ་ཁབ་གདབ་པའི་ནད་རིགས་འགོག་བཅོས་ཀྱི་གསོ་ཐབས་ལ་ཟེར། ཀླད་པའི་ཁྲག་རྩའི་ནད་དང་མགོ་ན་བ། མགོ་ཡུ་འཁོར་བ་སོགས་ལ་ཁྱད་མཚར་བའི་ཕན་འབྲས་ཐོན་གྱི་ཡོད།

(ལྔ) སྐམ་ཁབ་བསྲོ་བའི་སྨན་བཅོས་བྱེད་ཐབས། དེ་ནི་མིའི་ལུས་པོའི་གསང་མིག་ལ་གསེར་ཁབ་དང་དངུལ་ཁབ་གདབ་སྟེ། མེ་ཡིས་བསྲོས་རྗེས་ཟུག་གཟེར་སློང་དུ་བཅུག་ན། ནད་རིགས་འགོག་བཅོས་ཀྱི་དམིགས་ཡུལ་མངོན་འགྱུར་བྱ་ཐུབ་པ་དང་། སྲོལ་རྒྱུན་གྱི་ཕྱི་བཅོས་བཅོ་ཐབས་ཤིག་ཡིན། དེ་ལ་རླུང་ཁྲག་འཁོར་རྒྱུག་དང་། གཉན་ཁ་འཇོམས་པ། རྩ་དཀར་གསོ་ཞིང་རླུང་རྒྱུ་བ། འབྱར་བག་འབྱིན་པ། རིམས་འགོག་ནུས་ཤུགས་ཇེ་མཐོར་གཏོང་བ། འགོག་ཤུགས་ཇེ་དྲག་ཏུ་གཏོང་བ་སོགས་ཀྱི་ཁྱད་ཆོས་ལྡན།

(དྲུག) མེ་བཙའ་ཡི་སྨན་བཅོས་བྱེད་ཐབས། བསྲོ་ཐབས་ཀྱི་རྨང་གཞིའི་སྟེང་འཕེལ་རྒྱས་ཡོང་བའི་སྨན་རྫས་མ་ཡིན་པའི་སྨན་བཅོས་བྱེད་ཐབས་ཤིག་ཡིན། ཀྲུང་ལུགས་གསོ་བ་རིག་པའི་གཞུང་གི་མེ་བཙའི་གསོ་ཐབས་དང་འདྲ་པོ་ཡོད་ལ། མིའི་ལུས་སྟེང་གི་གསང་མིག་བསྲེགས་ནས་ཟུག་གཟེར་བསླངས་ན་རླུང་ཁྲག་དང་གཟུགས་གཞི་ཇེ་དྲག་ཏུ་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱ་ཐུབ། དེ་ལྟར་བྱས་ན་རྒྱུན་མཐོང་གི་ནད་རིགས་གསོ་བཅོས་བྱེད་ཐུབ་པར་མ་ཟད། རླུང་དང་གྲང་བ་སོགས་ཀྱི་ནད་རྟགས་འགོག་བཅོས་ཐད་ཧ་ཅང་ཕན།

(བདུན) རྒྱབ་རྡུང་བའི་སྨན་བཅོས་བྱེད་ཐབས། འདི་ནི་སྲོལ་རྒྱུན་གྱི་སྨན་བཅོས་བྱེད་ཐབས་ཤིག་ཡིན། རྒྱུ་ཆ་ཁྱད་པར་བས་བཟོས་པའི་ཐོ་བས་མིའི་སྐེད་པ་བརྡུངས་ནས་ན་ཟུག་སློང་བར་བྱེད་པའི་ནད་རིགས་འགོག་བཅོས་ཀྱི་བྱེད་ཐབས་ལ་ཟེར། གདགས་སྲིབ་སྐྱེད་པ་དང་སྙོམ་སྒྲིག ཁྲག་རྒྱུན་འཁོར་རྒྱུག གློ་སྙིང་གི་ནུས་པ་སླར་གསོ་ཐུབ་པ་སོགས་ཀྱི་བྱེད་ནུས་ལྡན། ཤ་གནད་ན་བ་དང་། མཁལ་རྐེད་ན་བ་སོགས་དལ་བའི་རང་བཞིན་གྱི་ནད་སྔོན་འགོག་དང་བཅོ་བའི་ནུས་པ་ལྡན།

(བརྒྱད) ཇ་ཆང་གི་སྨན་བཅོས་བྱེད་ཐབས། དེ་ནི་བསྲོ་ཐབས་ཀྱི་སྨན་བཅོས་བྱེད་ཐབས་ཤིག་ལ་ཟེར། ཇ་དང་ཆང་ལུས་སྟེང་དུ་བྱུག་པའི་ནད་རིགས་འགོག་བཅོས་བྱེད་ཐབས་ཤིག་ལ་ཟེར། གཙོ་བོ་ན་ཟུག་འཇོམས་པ་དང་། རྩ་གསོས་གྲང་འདོན། ལུས་པོའི་བྱེད་ནུས་སླར་གསོ་བྱེད་པར་ཕན། བྱེད་ཐབས་དེའི་རིགས་ནི་ཕོ་བ་དང་རྒྱབ་ངོས་ཏེ་ཅུང་ཁོད་ཡངས་པའི་གནས་སུ་བྱུགས་ནས་བཀོལ་ན་ཕོ་བ་ན་བ་དང་། ཟས་འཇུ་དཀའ་བ། གྲང་ཤ་ལངས་ནས་སྐྱུག་པ་དང་ཁོག་པ་བཤལ་བ། དེ་མིན་མཁལ་མ་དང་ལྒང་བུ། རྐེད་པ་དང་ཉྭ་སྟི། ཤ་གནད་ལ་རྨས་ཕོག་པ་སོགས་གསོ་བཅོས་བྱ་ཐུབ། (མུ་འགོད།)

རྩོམ་སྒྲིག་པ། : བསམ་ནོར།