ཀྲུང་གོ་བོད་ཀྱི་དྲ་བ།

ནུས་སྟོབས་ཅན་གྱི་སྐོམ་ཆུ་འཐུང་རྒྱུ་མང་ན་མཆིན་པར་གནོད་པ་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

238757_p_0924_01.jpg

ནུས་སྟོབས་ཅན་གྱི་སྐོམ་ཆུ་ནི་ཉེ་བའི་ལོ་འགའི་རིང་ལ་བྱུང་བ་ཞིག་རེད། དེ་ནི་མིའི་ལུས་ལ་ནུས་སྟོབས་མེད་པའི་སྐབས་སུ་བཏུངས་ན་མིའི་ལུས་པོའི་ནུས་སྟོབས་མྱུར་དུ་སླར་གསོ་བྱེད་ཐུབ་པའི་དམིགས་བསལ་ཅན་གྱི་སྐོམ་ཆུའི་རིགས་ཤིག་ཡིན། མི་མང་ཆེ་བ་ཕྱི་རོལ་ཏུ་ལུས་སྦྱོང་བྱེད་པ་དང་ཡང་ན་ངལ་དུབ་ཀྱི་སྐབས་སུ་སྐོམ་ཆུ་འཐུང་རྒྱུར་དགའ།

ཡིན་ནའང་། ཉེ་ཆར་ཨ་རིའི་གསར་འགྱུར་སྟེང་དུ་བཀོད་པ་ལྟར་ན། ཨ་མེ་རི་ཁའི་ཨར་ལས་བཟོ་པ་ཞིག་གིས་གཟའ་འཁོར་གསུམ་གྱི་ནང་དུ་ཉིན་རེ་རེར་ནུས་སྟོབས་ཅན་གྱི་སྐོམ་ཆུ་དམ་བེ4ནས5རེ་བཏུངས་ནས་ངལ་དུབ་སེལ་ཐབས་བྱས་པས། མཆིན་པར་ནད་ཚབས་ཆེན་བྱུང་བ་རེད། སྨན་ཁང་གི་ཆེད་མཁས་པ་དག་གིས་བཤད་པ་ལྟར་ན། ཁོའི་མཆིན་པའི་ནད་དེ་ནི་ནུས་སྟོབས་ཅན་གྱི་སྐོམ་ཆུ་བཏུངས་པ་ལས་བྱུང་བ་རེད། 2011ལོའི་ཟླ7པར། དབྱིན་ཇིའི་ལོ22ཅན་གྱི་བུ་མོ་ཞིག་ལ་མཆིན་པའི་ནུས་པ་ཤོར་བའི་ནད་བྱུང་སྟེ་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱས་མོད། འོན་ཀྱང་སྨན་པས་ནད་ངོས་མ་ཟིན་པ་རེད། བུ་མོ་དེ་ཐེངས་གཉིས་པར་སྨན་ཁང་དུ་བསྐྱལ་ཏེ་མྱུར་སྐྱོབ་བྱེད་སྐབས་ཁོ་མོས་ད་གཟོད་སྨན་པར་གནས་ཚུལ་ངོ་མ་བཤད་པ་སྟེ། ཉེ་བའི་ཟླ་གཉིས་ཀྱི་རིང་ལ། ཁོ་མོས་ཉིན་རེར་ཁོ་ཧྥེ་འདྲེས་ཚད་ཆེས་མཐོ་བའི་ནུས་སྟོབས་ཅན་གྱི་སྐོམ་ཉིན་རེ་རེར་ཆུ་དམ་བེ10རེ་བཏུངས་པ་ཡིན་ཟེར། དེ་བས་སྨན་པས་ཁོ་མོའི་ནད་ངོས་ཟིན་སོང་།

ཆེད་མཁས་པས་བཤད་པ་ལྟར་ན། ནུས་སྟོབས་ཅན་གྱི་སྐོམ་ཆུའི་ནང་དུ་མཉམ་བསྲེས་འཚོ་བཅུདBམང་པོ་དང་ནུས་སྟོབས་ཅན་གྱི་འཚོ་བཅུད་གཞན་པ་ཁ་ཤས་འདྲེས་ཡོད་པ་དང་། གྲུབ་ཆ་དེ་དག་མཉམ་དུ་འདྲེས་ཚེ་ནུས་པ་ངན་པ་འབྱུང་ངེས་རེད། ཞིབ་འཇུག་མི་སྣས་དྲན་སྐུལ་བྱས་པ་སྟེ། མཆིན་པའི་ནུས་པ་ཞན་པའི་མིས་ནུས་སྟོབས་ཅན་གྱི་སྐོམ་ཆུ་ཉུང་འཐུང་བྱེད་འོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།