གློ་གཅོང་ལ་ནད་རྟགས་ཅི་ཞིག་ཡོད།

གློ་གཅོང་གི་དུས་སྔ་མོའམ་ཡང་མོའི་དུས་སུ་ནད་རྟགས་ཅི་ཡང་མེད་པའམ་ཡང་ན་ནད་རྟགས་ཅུང་ཙམ་ཡོད་ཀྱང་སྣང་མེད་དུ་བསྐྱུར་སླ། ནད་བབ་ཇེ་ལྗིད་དུ་སོང་བ་དང་བསྟུན་ནས་གཤམ་གྱི་ནད་རྟགས་འདི་དག་འབྱུང་བ་སྟེ། གཅིག ཚ་བ་རྒྱས་པ། ཉིན་གུང་གི་རྗེས་ནས་ཚ་བ་ཅུང་ཙམ་རྒྱས་པ་དང་། མང་ཆེ་བ་ཕྱི་དྲོའི་དུས་ཚོད4ནས8བར་ཚ་བ་རྒྱས་ཏེ། སྤྱིར་བཏང་དུ་ཚ་གྲངས37ནས38བར་ཡིན་ལ། སྐབས་འདིར་ནད་པར་རྒྱུན་དུ་ལུས་ལ་ཤུགས་མེད་པའམ་རིད་པ། མཚན་མོར་རྔུལ་ཆུ་བཞུར་བ་དང་། བུད་མེད་ཡིན་ན་ཟླ་མཚན་མི་སྙོམས་པའམ་ཟླ་མཚན་ཆད་པའི་ནད་རྟགས་འབྱུང་སྲིད།

གཉིས། གློ་ལུ་བ་དང་ལུད་པ་མང་བ། འདི་ནི་གློ་གཅོང་གི་ཆེས་རྒྱུན་མཐོང་གི་ནད་རྟགས་ཡིན། ཡིན་ནའང་ནད་པ་དང་སྨན་པ་ཚང་མས“ཆམ་ནད”དམ“གློ་སྦུག་གི་གཉན་ཚད”ཡིན་པར་འཁྲུལ་འགྲོ་བ་རེད།

གསུམ། ལུད་པའི་ནང་ཁྲག་འདྲེས་པ། ལུད་པའི་ནང་ཁྲག་ཅུང་ཙམ་འདྲེས་པའམ་ཁྲག་རྡོག་ཆུང་ངུ་རེ་ཡོད་ན་ཕལ་ཆེར་གློ་གཅོང་ནད་ཀྱི་ནད་རྟགས་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།