ཆང་འཐུང་ཚུལ་དང་བདེ་ཐང་།

  ཆང་འཐུང་ཤེས་ན་སྨན་ཡིན་པ་དང་འཐུང་མ་ཤེས་ན་དུག་ཡིན་ཟེར་སྲོལ་ཡོད།

  གཅིག ཆང་ཉུང་ཙམ་འཐུངས་ན་ལུས་པོར་ཕན།

  གཉིས། ཆང་འཐུང་ཚོད་མ་ཟིན་ན་ལུས་པོར་གནོད་པ་ལྡན།

  ཡུན་རིང་དུ་ཆང་མང་པོ་འཐུངས་ན་ལུས་པོར་གནོད་པ་ཆེན་པོ་ལྡན། དཔེར་ན་མཆིན་པ་དང་མཁལ་མ།གཤེར་མ།སྙིང་རྩ་སོགས་ལ་གནོད་པ་ལྟ་བུ།

  གཅིག་ནས།དུས་རྒྱུན་དུ་ཆང་འཐུངས་ན།མཆིན་ནད་འདྲ་མིན་སྣ་ཚོགས་འབྱུང་བ་དང་ཆང་བཅུད་རང་བཞིན་གྱི་མཆིན་ནད་འབྱུང་སླ། གཉིས་ནས།ཆང་མང་དུ་འཐུངས་རྗེས།འཇུ་བྱེད་མ་ལག་ལ་གནོད་པ་ཐེབས་ཏེ་གཤེར་མའི་ནད་འབྱུང་སླ་བ་དང་།ཐ་ན་ཚེ་སྲོག་ལའང་གནོད་པ་ཡོད། གསུམ་ནས་ཆང་མང་དུ་འཐུངས་ན་སྙིང་རྩར་གནོད་པ་ཆེན་པོ་ལྡན། བཞི་ནས་ཆང་མང་དུ་འཐུངས་ན།དབང་རྩ་མ་ལག་ལ་གནོད་པ་བྱུང་སྟེ།དབུགས་ལེན་དཀའ་བ་དང་ཤི་བའི་གནས་ཚུལ་བྱུང་སླ། ལྔ་ནས་དུ་བ་འཐེན་ཞོར་དུ་ཆང་འཐུངས་ན་མཉམ་འདྲེས་ཀྱི་དུག་ཕོག་སླ། དུ་བ་འཐེན་ཞོར་དུ་ཆང་འཐུངས་ན་ཐ་མག་གི་བ་ཚྭའི་རྐྱེན་གྱིས་ཁྲག་ནང་གི་ཆང་བཅུད་འདྲེས་ཚད་ཇེ་དམའ་རུ་བཏང་སྟེ།ཆང་འཐུངས་ན་བཟི་སྣང་མིད་པའི་དབང་གིས་ཆང་འཐུང་བའི་ཚད་ཇེ་མང་དུ་འགྲོ་ངེས་རེད། ཐ་མག་གི་བ་ཚྭས་ཆང་བཅུད་ཀྱི་འདྲེས་ཚད་ཇེ་དམའ་རུ་གཏོང་ཐུབ་ནའང་ཆང་བཅུད་ནང་གི་དབྱེ་ཆོན་ཇེ་ཉུང་དུ་གཏོང་མི་ཐུབ་པས།དབྱེ་ཆོན་གྱིས་ལུས་པོར་གནོད་པ་ཆེན་པོ་ཐེབས་ངེས།དྲུག་ནས་མིད་པའི་འབྲས་སྐྲན་འབྱུང་སླ།ཆང་བཅུད་དེ་ནུས་ལྡན་གྱི་ཞུ་རྫས་ཤིག་བྱས་ཏེ། དུ་བ་ནང་གི་སྐྲན་སློང་དངོས་རྫས་བཞུ་ཐུབ།དེ་ནི་མིད་པའི་སྐྲན་འབྱུང་སླ་བའི་རྐྱེན་ཡིན།

  དུ་བ་དང་ཆང་མཉམ་འདྲེས་བྱེད་པའི་རྐྱེན་གྱིས།དུ་བ་དང་ཆང་ནང་གི་དུག་རྫས་སྣ་ཚོགས་ལུས་པོའི་ཁྲག་ནང་དུ་བཞུར་བས་གནོད་པ་འདྲ་མིན་སྣ་ཚོགས་བཟོ་བ་ཡིན།ལྷག་པར་མཆིན་པ་དང་སྙིང་རྩ་ཕྱོགས་ཀྱི་གནོད་པ་ཚབས་ཆེན་ཡིན།

  གསུམ། ཆང་འཐུང་བའི་གོམས་སྲོལ།

  * ཆང་འཐུང་དུས་ཡ་རབས་ཀྱི་གོམས་སྲོལ་ལྡན་དགོས།ཆང་མང་པོ་འཐུང་མི་རུང་།

  * ཆང་འཐུང་དུས་ཆང་བཙན་པོ་འཐུང་མི་རུང་།

  * ངེས་པར་ཆང་འཐུང་དགོས་དུས་ཉུང་འཐུང་བྱེད་དགོས། ཆང་འཐུང་ཚད་རན་དགོས།

  * ཟ་མ་མ་ཟས་སྔོན་དུ་ཆང་འཐུང་མི་རུང་།ཟ་མ་ཅུང་ཙམ་ཟས་རྗེས་ཆང་འཐུངས་ན་ལུས་པོར་འཕྲོད།

  * ཆང་འཐུང་དུས་དབུགས་ལྡན་ཐན་སྐྱུར་སྐོམ་ཆུ་འཐུང་མི་རུང་། དབུགས་ལྡན་ཐན་སྐྱུར་སྐོམ་ཆུ་ཡིས་ཆང་བཅུད་སྡུད་ལེན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་ཡིན།

  * ཁྲག་ཚིལ་མཐོ་བ་དང་ཁྲག་རྩ་མཐོ་བ།ཏོག་དབྱིབས་ཁྲག་རྩ་སྲ་འགྱུར་བཅས་ཕྱོགས་ཀྱི་ནད་བྱུང་རྗེས་ཆང་གཅོད་དགོས།

  * ཆང་འཐུང་དུས་བཟི་མི་རུང་བ་དང་སེམས་ཁམས་མི་བདེ་བའི་དུས་སུ་ཆང་ལ་བརྟེན་མི་རུང་།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།