“ལག་ཁྱེར་ཁ་པར་མཛུ་གུ”ཡི་ནད་འབྱུང་བར་གཟབ་གཟབ་བྱ་དགོས།

 U6239P1134DT20140122082727.jpg

 ཁྱེད་རང་ལག་ཁྱེར་ཁ་པར་དང་འབྲལ་ཐབས་མེད་པར་གྱུར་པའི་དུས་སུ།མིག་ཤུགས་དང་མཇིང་པ།ཀླད་པ་བཅས་ལ་གནོད་འཚེ་ཐེབས་པ་ཕུད། ད་རུང་ནད་གསར་པ་ཞིག་སྟེ“ལག་ཁྱེར་ཁ་པར་མཛུ་གུ”ཡི་ནད་ཅེས་པའང་འཕོག་སྲིད་པ་རེད།

  “ལག་ཁྱེར་ཁ་པར་མཛུ་གུ”ཡི་ནད་ཅེས་པ་ནི་དུས་ཡུན་རིང་བོར་ལག་ཁྱེར་ཁ་པར་བཀོལ་སྤྱོད་བྱས་པ་ན།མཐེབ་ཆུང་ནང་ངོས་ཀྱིས་ཁ་པར་སྐྱོར་ཡུན་རིང་དྲགས་པའི་རྐྱེན་གྱིས་མཐེབ་ཆུང་གི་དབྱིབས་འགྱུར་བར་བྱས་པ་ལ་ཟེར་ཞིང་། དབྱིབས་འགྱུར་དེ་རིགས་ནི་བཅོས་སུ་མེད་པ་ཞིག་ཡིན་ནོ།།

  ཨོ་སི་ཁྲུ་ལི་ཡའི《ཞི་ཉི་སྔོན་བྱོན་ཞོགས་པའི་ཚགས་པར》གྱིས་ཁོ་ཡན་སློབ་གྲྭ་ཆེན་མོའི་ནད་ཐོག་སྨན་པ་ཏེ་ཧྥུ་ཕ་སིན་སིའི་སྐད་ཆ་དྲངས་ནས་བསྟན་དོན། “ལག་ཁྱེར་ཁ་པར་གྱི་ཤེལ་ཡོལ་ཇེ་ཆེ་ནས་ཇེ་ཆེར་སོང་བ་དང་བསྟུན་ནས། ལག་ཁྱེར་ཁ་པར་བཀོལ་སྤྱོད་བྱེད་དུས་སུ། མཛུ་གུ་བརྐྱང་ཚད་ཇེ་ཆེར་འགྲོ་དགོས་བྱུང་ཡོད་ལ།”མཛུ་གུ་རེ་རེའི་ཐེག་དགོས་པའི་ལྗིད་ཚད་ཀྱང་ཇེ་ལྕིར་སོང་ཡོད། ཁོང་གིས་དུས་ཡུན་རིང་བོར་འཛིན་སྟངས་གཅིག་གིས་ལག་ཁྱེར་ཁ་པར་མི་འཛིན་པའི་བསམ་འཆར་བཏོན་ཡོད། ཕ་སིན་སིས་བརྗོད་དོན། སྤྱིར་བཏང་གི་གནས་ཚུལ་འོག་ཏུ། ཉིན་རེར་དུས་ཚོད6ཡན་ལ་ལག་ཁྱེར་ཁ་པར་སྤྱོད་པའི་མི་ལ“ལག་ཁྱེར་ཁ་པར་མཛུ་གུ”ཡི་ནད་འབྱུང་སྲིད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།