བྱིས་པར་མིག་སྨན་གཏིག་དུས་མཉམ་འཇོག་དགོས་པའི་དོན་ཚན་འགའ།

 132904261_副本.jpg

 མིག་ནད་བྱུང་ཡོད་པའི་བྱིས་པའི་ཕ་མར་མཚོན་ན། བྱིས་པར་མིག་སྨན་གཏིག་པ་ནི་ལས་སླ་མོ་ཞིག་ཏུ་བརྩི་བཞིན་ཡོད་།འོན་ཀྱང་ལས་འདིར་སྣང་ཆུང་དེ་འདྲ་བྱེད་མི་རུང་བར་བྱིས་པར་མིག་སྨན་གཏིག་དུས་གཤམ་གྱི་དོན་ཚན་དག་ལ་ངེས་པར་དོ་སྣང་བྱེད་དགོས།

  1.སྔོན་ལ་ཁྱིམ་མིས་ལག་པ་གཙང་མར་བཀྲུ་དགོས།

  2.མིག་སྨན་མ་བཀོལ་སྔོན་ལ་སྨན་རྫས་ཀྱི་མིང་དང་ཐོན་སྐྱེད་དུས་ཚོད་སོགས་ལ་གསལ་པོར་བལྟ་བ་དང་།ད་དུང་དྭངས་སྙིགས་ཕྱེ་བའི་སྨན་ཡོད་ཚེ་ལག་པས་གཡུགས་ནས་སྨན་ཡོངས་སུ་འདྲེས་རྗེས་ད་གཟོད་བཀོལ་ཆོག

  3.གལ་ཏེ་བྱིས་པའི་མིག་མཐར་མིག་སྐྱག་དང་ཐེངས་སྔོན་མའི་མིག་སྨན་སོགས་འབྱར་ཡོད་ཚེ་དུག་སེལ་བྱས་ཟིན་པའི་ཡེའུ་ཡིས་གཙང་མར་ཕྱིས་རྗེས་མིག་སྨན་བཀོལ་དགོས།

  4.མིག་སྨན་གཏིག་དུས་བྱིས་པ་ཁ་ཡར་ལ་འཁོར་ནས་ཉལ་བའམ་ཙོག་པར་འདུག་ཏུ་བཅུག་ནས་མིག་ཡར་ལ་བལྟ་རུ་བཅུག་རྗེས་ཁྱིམ་མིས་བྱིས་པའི་མིག་ལྕིབས་འོག་མ་མར་འཐེན་ནས་མིག་སྨན་མིག་ལྕིབས་དང་མིག་འབྲས་ཀྱི་བར་དུ་གཏིག་དགོས་ལ།ཐད་ཀར་མིག་གི་རྒྱལ་མོའི་སྟེང་དུ་གཏིག་མི་རུང་།

  5.མིག་སྨན་གྱི་སྣོད་ཁར་སྦགས་བཙོག་མི་བཟོ་བའི་ཕྱིར་མིག་སྨན་གཏིག་དུས་མིག་དང་བར་ཐག་སོར་གང་ཙམ་འཇོག་དགོས།

  6.མིག་སྨན་ལ་ལ་བཀོལ་དུས་སྣ་མཆི་སྦུ་གུ་བརྒྱུད་ལམ་དེད་ནས་ལུས་ཡོངས་ལ་མི་འཕྲོད་པའི་ནད་རྟགས་མངོན་སྲིད་པས།དེ་རིགས་ཀྱི་མིག་སྨན་བཏིགས་རྗེས་སྣའི་ཕྱོགས་ཀྱི་མིག་ཟུར་སྐར་ཆ3ནས5ཙམ་ལ་མཐེབ་མོས་མར་གནོན་དགོས།

  7.གལ་ཏེ་ཐེངས་གཅིག་ལ་མིག་སྨན་རིགས་གཉིས་བཀོལ་དགོས་ཚེ་སྨན་གཉིས་བར་དུ་ངེས་པར་སྐར་ཆ3ནས5ཙམ་གྱི་བར་གསེང་འཇོག་དགོས།

  8.མིག་སྨན་འབྱར་བག་ཅན་གྱི་རིགས་བཀོལ་དགོས་ཚེ་རབ་ཡིན་ན་བྱིས་པ་ཉལ་ཁར་བཀོལ་དགོས་ལ་ཐད་ཀར་མིག་ལྕིབས་ངོས་སུ་བཏིགས་པས་ཆོག།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།