གཉེན་སྒྲིག་མ་བྱས་གོང་དང་བྱས་རྗེས་ཀྱི་མཚན་མའི་བདེ་སྲུང་ཟེར་བ་ཅི་ཞིག་ཡིན་ནམ།

  1716152933005548265.jpg

 མཚན་མའི་བདེ་ཐང་ནི་གཟུགས་ཁམས་དང་། བསམ་བློ། སྤྱི་ཚོགས་བཅས་ཁྱོན་ཡོངས་ནས་ཡག་་པོ་ཡོད་པ་ཞིག་ལ་ཟེར་བ་ལས་མཚན་མའི་མ་ལག་དང་། ནུས་པ། དེ་བཞིན་བརྒྱུད་རིམ་བཅས་ལ་ནད་གཞི་མེད་པའམ་ནུས་པ་ཞན་པོ་ཡིན་པ་ཁོ་ནར་བརྗོད་པ་ཞིག་མ་ཡིན། དེའི་ནང་གཤམ་གསལ་གྱི་ཕྱོགས་ཁག་ཚུད་ཡོད་པ་སྟེ།

(1) མི་རྣམས་ལ་འདོད་བློ་ཁེངས་ཞིང་བདེ་འཇགས་ལྡན་པའི་འཁྲིག་སྤྱོད་ཀྱི་འཚོ་བར་རོལ་རྒྱུ་ཡོད་པ།

(2) ཕྲུ་གུ་སྐྱེ་བའི་ནུས་པ་ཡོད་པ་དང་ཁྲིམས་འགལ་མ་ཡིན་པའི་གནས་ཚུལ་འོག་རང་ཉིད་ཀྱིས་འགན་འཁུར་བའི་ཐོག་ནས་ཕྲུ་གུ་སྐྱེ་བའི་དུས་ཚོད་དང་ཕྲུ་གུ་ག་ཚོད་སྐྱེ་མིན་གཏན་འཁེལ་བྱེད་པའི་ནུས་པ་ཡོད་པ།

(3 ) སྐྱེས་པ་དང་བུས་མེད་གཉིས་ཀར་བདེ་འཇཌ་དང་ཕན་འབྲས་ལྡན་ལ། འགན་འཁུར་ནུས་པའི་སྦྲུམ་འགོག་བྱ་ཐབས་ཡོད་པ་དང་མཚན་མའི་བདེ་སྲུང་གི་ཞབས་ཞུ་ཐོབ་དབང་ཡོད་པ།

(4) བུད་མེད་ཀྱིས་བདེ་འཇགས་ངང་མངལ་སྦྲུམ་པ་དང་མངལ་གྲོལ་བ། ཁྱོ་ཤུག་གཉིས་པོར་བདེ་ཐང་གི་ཕྲུ་གུ་སྐྱེ་བའི་ཚན་རིག་གི་ཤེས་བྱ་ལྡན་པ།

གཉེན་སྒྲིག་མ་བྱས་གོང་དང་བྱས་རྗེས་ཀྱི་མཚན་མའི་བདེ་སྲུང་ཞེས་པ་ནི་གཉེན་སྒྲིག་མ་བྱས་གོང་དང་བྱས་རྗེས་ཀྱི་དུས་སྐབས་འདིའི་རིང་བདེ་འཇགས་དང་ཚན་རིག་གི་བྱ་ཐབས་སྤྱད་ནས་མཚན་མའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་ཞིག་གོ

གཞོན་ནུ་རྣམས་དགའ་རོགས་སྒྲིག་པ་ནས་གཉེན་སྒྲིག་བྱེད་པའི་བར་ནི་མི་ཚེའི་མཚམས་གལ་ཆེན་ཞིག་ཡིན་ཞིང་། གཉེན་སྒྲིག་མ་བྱས་གོང་དང་བྱས་རྗེས་ཀྱི་མཚན་མའི་བདེ་སྲུང་གི་དམིགས་བསལ་གྱི་དུས་སྐབས་འདིར་འཕྲོད་བསྟེན་གྱི་མཛུབ་སྟོན་དང་། འཕྲོད་བསྟེན་བློ་འདྲི། གསོ་རིག་བརྟག་དཔྱད་ཐད་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པས་དེས་མི་ཚེ་ཧྲིལ་པོའི་ཁྱིམ་ཚང་གི་བདེ་སྐྱིད་དང་། ལས་དོན་བདེ་བླག་ཡོང་བ། ཕྱི་རབས་ཀྱི་བདེ་ཐང་དང་སྤྱི་ཚོགས་ཀྱི་འཆམ་མཐུན་ནུས་པ་བཅས་ལ་རྨང་གཞི་ལེགས་པོ་འདིང་གི་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།