མཁལ་འགྲམས་ནད་ནི་ད་ལྟ་ང་ཚོ་འཚོ་བའི་ཁྲོད་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ལ་ཟས་སྤྱོད་དམན་པ།ལྷག་པ།ལོག་པ་ལས་ནད་རིགས་འདི་འབྱུང་སླ།དེ་བས་ངེད་ཅག་གིས་ཇི་ལྟར་སྔོན་འགོག་བྱ་དགོས་ཟེར་ན།
གཅིག རྒྱུན་དུ་བརླན་སར་དང་ཆུ་ལས་སྤང་བ།
གཉིས། རྫ་མཐོ་སའམ་གནས་གྲང་ངར་ཆེ་སར་སྤང་བ།
གསུམ། ཟས་འཇུ་སླ་བ་བསྟེན་པ།མི་འཕྲོད་པའི་ཟས་བསིལ་བ་རིགས་སྤང་བ།
བཞི། རྩོལ་དྲག་གི་ལས་སྤང་བ།བརྡབས་སྐྱོན་དང་རྨའི་སྐྱོན་སོགས་སྤང་བ།
ལྔ།ཤུགས་དྲག་པ་སྤང་བ།
དྲུག རྐྱེན་གང་མང་ལས་གལ་ཏེ་ནད་འདི་བྱུང་ན་ནི་འབྲེལ་ཡོད་གསོ་བཅོས་ལུམས་བཅོས་བྱ་རྒྱུ་དང་ མི་བཙའ་དང་ཁོང་སྨན་གང་འཚམ་གྱིས་ནད་རྗེས་ལེགས་པོ་གཅོད་དགོས།
བདུན། རྒྱུན་དུ་གོས་དྲོན་པོ་གྱོན་པ་དང་གནས་དྲོ་སར་འདུག་པ།འགྲོ་འདུག་གནས་སྟངས་ལེགས་པོ་ཞིག་ཡོད་ན་ནི་ནད་འདི་མི་འབྱུང་བར་སྔོན་འགོག་བྱ་ཐུབ།གཞན་ཟས་རིགས་རྗེན་པ་ཚིགས་པ་ཁེངས་པའི་ཟས་མ་བསྟེན་ན་ལེགས།།
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
མཁལ་འགྲམས་ནད་སྔོན་འགོག་ཇི་ལྟར་བྱ་རྒྱུ།