ཀྲུང་གོ་བོད་ཀྱི་དྲ་བ།

དགའ་ལྡན་དར་ཆེན།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།     སྤེལ་དུས། : 2020-02-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དགའ་ལྡན་དར་ཆེན་ནི་ལྷ་ས་གྲོང་ཁྱེར་བར་སྐོར་བྱང་ཤར་མཚམས་སུ་གནས། རབ་བྱུང་བཅུ་གཅིག་པའི་ལྕགས་བྱ་སྤྱི་ལོ1681ལོར་བཙུགས། ད་བར་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད། དར་ཆེན་དེ་ནི་སོག་རིགས་ཀྱི་རྗེ་བོ་ད་ལས་ཧོང་ཐའི་ཇིར་གྲགས་པའི་བུ་དགའ་ལྡན་ཚེ་དབང་དཔལ་བཟང་མཆོག་གིས་ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་བ་ཆེན་པོའི་བཀའ་ལུང་སྤྱི་བོར་ནོས་པ་བཞིན། རྒྱལ་བའི་བསྟན་པ་རིན་པོ་ཆེར་ལོག་པར་འཁུ་བའི་སྡིག་ཏོ་བ་ལ་དྭགས་ས་སྐྱོང་སེང་གེ་རྣམ་རྒྱལ་ཟེར་བ་དེ་གཞོམ་པར་བྱས། དགའ་ལྡན་ཚེ་དབང་དཔལ་བཟང་མཆོག་གི་དཔའ་རྟགས་མཚོན་ཆེད་དགའ་ལྡན་དར་ཆེན་དེ་བཙུགས་པ་ཡིན། དེ་ཡང་སྐབས་དེར་དར་ཆེན་དེའི་རིང་ཚད་དཔག་ཏུ་མེད་པས་དགའ་ལྡན་དར་སྨྱོན་ཞེས་ཀྱང་གྲགས།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།