ཀྲུང་གོ་བོད་ཀྱི་དྲ་བ།

བོད་མིའི་འདོགས་ཆ་གའུ། 

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.png

༢.bmp

དགོན་པའི་ཀུན་དགའ་ར་བའི་ནང་གི་གའུ།

གའུ་ནི་གསེར་དང་དངུལ་ལམ་ཡང་ན་ཟངས་སོགས་ཀྱིས་བཟོས་པའི་སྒྲོམ་ཆུང་ཞིག་ཡིན་ཞིང་། དེའི་ཕྱི་རུ་གཡུ་དང་བྱུ་རུ། མུ་ཏིག་སོགས་རིན་པོ་ཆེ་ཡིས་ཤན་འདུག་ལ། ནང་དུ་ལྷ་སྐུ་ཆུང་ཆུང་དང་། གཟུངས་སྔགས་སོགས་ཀྱི་རྟེན་བཞག་ནས་རྐྱེན་ངན་དང་བར་ཆད་བཟློག་པར་བྱེད་པའི་དངོས་པོ་བྱིན་རླབས་ཅན་ཞིག་ཡིན།

 ༣.bmp

སྐག་ཏུ་འདོགས་པའི་གའུ།

  ༤.bmp

གསེར་དངུལ་ལས་བཟོས་པའི་གའུ།

 ༥.bmp 

སྐྱེས་པའི་རལ་བར་འདོགས་པའི་གའུ།

 ༦.bmp 

གཞིས་རྩེའི་ཡུལ་གྱི་བུད་མེད་ཀྱིས་འདོགས་པའི་གའུ།

སྐེ་རུ་གའུ་འདོགས་པ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཞིག་ཡིན་པ་རེད། དེ་ལ་གྲུ་བཞི་དང་སྒོར་མོ་བཅས་དབྱིབས་གཉིས་སུ་མཆིས་ཤིང་། འདོགས་སྲོལ་ཡང་མི་འདྲ་སྟེ། སྐྱེས་པ་རྣམས་ཀྱིས་དབྱིབས་གྲུ་བཞི་ཅན་འདོགས་པ་དང་། སྐྱེས་མ་རྣམས་ཀྱིས་དབྱིབས་སྒོར་མོ་ཅན་འདོགས་པ་ཡིན། དེང་དུས་སུ་ཡུལ་ལུང་སོ་སོར་བཟོ་རྩལ་ཁྱད་དུ་འཕགས་པའི་གའུ་གང་མང་ཞིག་འདུག་ལ། དེ་ལས་བོད་མི་རིགས་ཀྱི་རྒྱུན་རིང་ཞིང་རྫོངས་སྟུག་པའི་བཟོ་ལས་རིག་གནས་རྟོགས་ཐུབ་པར་མ་ཟད། སྲུང་འཁོར་དང་རྒྱན་ཆའི་བདག་ཉིད་གཅིག་པའི་གའུ་ལས་བོད་མི་རིགས་ཀྱི་འབྱམས་ཀླས་པའི་ཆོས་ལུགས་རིག་གནས་ཀྱིས་རྒྱན་ཆས་རིག་གནས་སོགས་བོད་མིའི་འཚོ་བ་ལ་ཤན་ཞུགས་པ་ཡང་རྟོགས་ཐུབ་བོ། །

༧.bmp  

ལྷ་སར་རྒྱུན་མཐོང་གི་གའུ།

  ༨.bmp

དཀར་མཛེས་རྒྱལ་རོང་གི་གའུ།

  ༩.bmp

བུད་མེད་ཀྱིས་འདོགས་པའི་གའུ།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།