ཀྲུང་གོ་བོད་ཀྱི་དྲ་བ།

བོད་སོག་གེ་སར་སྒྲུང་གི་འབྲེལ་བའི་སྐོར་བཤད་པ།

ཡོང་ཁུངས། : རླུང་ནག་འཚུབ་མའི་སྤྱི་སྟེགས།   རྩོམ་པ་པོ། : དགེ་རྒན་ཆེན་མོ་གཅོད་པ་དོན་གྲུབ།   སྤེལ་དུས། : 2022-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚན་པ་དང་བོ།

ཚན་པ་གཉིས་པ།

གསལ་བཤད། དགེ་རྒན་ཆེན་མོ་གཅོད་པ་དོན་གྲུབ་ཀྱི་ཆོག་དབང་ལྟར་རླུང་ནག་འཚུབ་མའི་སྣ་འཛོམས་འཕྲིན་སྟེགས་ལས་བརྒྱུད་བཀོད་བྱས་པ་ཡིན།


གཅོད་པ་དོན་གྲུབ་ངོ་སྤྲོད།

640 - 2022-11-18T173738.223 (1).jpeg

མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཆབ་འགག་རྒྱལ་ར་སྡེ་ཆེན་དུ་སྐྱེས། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་འཛིན་པ་གཞོན་པ་དང་གཟིགས་ཞིབ་པ། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་འགོ་འཛིན་པའི་འགན་བླངས་མྱོང་ཞིང་། ཀྲུང་གོའི«གེ་སར་སྒྲུང»སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན«གེ་སར་སྒྲུང»སློབ་ཚོགས་ཀྱི་ཚོགས་གཙོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་སློབ་གླིང་གི«གེ་སར་སྒྲུང»ཞིབ་འཇུག་སློབ་མའི་སློབ་དཔོན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་རིག་གནས་ལོ་རྒྱུས་ཁང་གི་ཁོངས་མི་བཅས་ཀྱི་འགན་ཁུར་ཡོད་ཅིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སུ་སྤྱོད་པའི་ཆེད་ལས་མཁས་པ་དང་ཞིབ་འཇུག་པ་ཆེན་མོའི་ཐོབ་ཐང་ཡང་གནང་ཡོད།    གཞན་ཡང་ཞིབ་འཇུག་དཔྱད་རྩོམ་དྲུག་ཅུ་ལྷག་བྲིས་ནས«ཀྲུང་གོའི་བོད་རིག་པ»དང«བོད་ལྗོངས་ཞིབ་འཇུག»བཅས་རྒྱལ་ཁབ་རིམ་པ་དང་ཞིང་ལྗོངས་རིམ་པའི་དུས་དེབ་སྟེང་དུ་བཀོད་ཡོད།

གསར་རྩོམ་གྱི་གླེགས་བམ་ཉེར་བཞི་དང་སྒྲིག་རྩོམ་གྱི་གླེགས་བམ་བཅུ། དག་སྒྲིག་གི་གླེགས་བམ་བཅུ་གཉིས། གཙོ་སྒྲིག་གི་དཔེ་ཚོགས་དགུ་བཅས་སོ།།

སྤྱི་ལོ1995ལོ་ནས2014བར་དུ་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་གྱིས་གདན་འདྲེན་ཞུས་པ་ལྟར། སྔ་ཕྱིར་ཨོ་སི་ཁྲི་རུ་ཡ་དང་། ཨ་མེ་རི་ཀ ཧི་ལན། འཇར་མན།  ཧྥ་རན་སི། འཇར་པན། ཁ་ན་ཏ། ཕྱི་སོག་བཅས་སུ་བསྡུས་པའི་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་བཅས་ལ་ཞུགས་ཤིང་། སྤྱི་ལོ1997ལོར་རྒྱལ་ཁབ་རིག་གནས་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱིས་གེ་སར་སྒྲུང་མྱུར་སྐྱོབ་དང་ཞིབ་འཇུག་བྱ་བ་ཁྲོད་བྱས་རྗེས་མངོན་གསལ་བླངས་པའི་ཕུལ་བྱུང་མི་སྣའི་མཚན་སྙན་གནང་། སྤྱི་ལོ2004ལོར་རྒྱལ་ཁབ་མི་དོན་པུའུ་དང་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཀུན་སྤྱོད་དང་ཤེས་རིག་གཉིས་ལྡན་གྱི་གཞོན་དར་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་གྱི་མཚན་སྙན་གནང་། 2012ལོར་མཚོ་སྔོན་ཞིང་ཆེན་ཕུལ་བྱུང་ཅན་གྱི་རྒན་རབས་པའི་རྩོམ་རིག་སྒྱུ་རྩལ་པའི་མཚན་སྙན་གནང་། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།