ཀྲུང་གོ་བོད་ཀྱི་དྲ་བ།

ཁམས་པའི་ཡུལ་ཁོངས་དང་རིག་གནས་སྤྱི་བཤད།

ཡོང་ཁུངས། : དྲ་རྒྱ་ལས་བཏུས།     སྤེལ་དུས། : 2020-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpeg



ཐུབ་བསྟན་ཕུན་ཚོགས།





1955ལོར་མདོ་ཁམས་སྡེ་དགེ་རྫོང་གི་དཔལ་སྤུངས་གྲོང་རྡལ་དཔའ་སྟོད་རུ་ཁག་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐུ་འཁྲུངས།  ཁོང་ནི་མིང་དོན་མཚུངས་པའི་རྒྱལ་སྤྱིའི་བོད་རིག་པའི་སྡེ་ན་མཚན་སྙན་འབར་བའི་རིག་པ་སྨྲ་བ་ཆེན་པོ་ཞིག་ཡིན་ཞིང་།  ཁོང་གིས་བགྲང་བྱ་སུམ་ཅུ་ལྷག་ལ་མི་རིགས་སློབ་གསོའི་ལས་འགན་ཕྲག་ཏུ་བཞེས་ཏེ་བོད་མདོ་དབུས་ཁམས་གསུམ་གྱི་སྐལ་ལྡན་སློབ་བུ་མང་པོ་གསོ་སྐྱོང་གནང་། བོད་ཀྱི་ལོ་རྒྱུས་དང་རིག་གནས་སྤྱིའི་དོན་ཆེ་ཕྲ་གང་ཞིག་ཡིན་རུང་ཚད་མའི་རིགས་ལམ་དྲང་མོས་ལེགས་ཉེས་ལ་བརྡར་ཤ་ནན་མོ་བཅད་པ་དང་།  རིས་མེད་ཀྱི་ལངས་ཕྱོགས་བརྟན་པོའི་ཐོག་ནས་རང་ཉིད་ལ་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་ལྟ་བ་ཞིག་ཆགས་ཡོད།  བརྩམས་ཆོས་ལ།  «བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག»«བོད་ཀྱི་གསོ་རིག་སྙིང་ནོར་གཅེས་བཏུས»«གསོ་བྱ་ལུས་ཀྱི་རྣམ་བཤད»«བོད་ཀྱི་སྙན་ངག་བྱུང་ཚུལ་དང་དཔེར་བརྗོད»«ཟབ་མོ་ནང་གི་དོན་འགྲེལ་བའི་ལུས་སེམས་གསལ་བའི་མེ་ལོང»«བོད་རིག་པ་སྤྱི་བཤད»«སློབ་གྲྭ་ཆེན་མོའི་སུམ་རྟགས་སློབ་དེབ»«སྙན་ངག་འགྲེལ་བ་གངས་ཅན་གཞོན་ནུའི་རོལ་མཚོ» «ཚད་མའི་རིགས་པ་བྱིས་པའི་གར་སྟེགས»«བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན»«མི་ཉག་གི་ལོ་རྒྱུས་སྤྱི་དོན་གངས་རིའི་རང་མདངས»«འབྱུང་རྩིས་ཉེར་མཁོ་བདུད་རྩིའི་ཆུ་རྒྱུན»«སྡེ་དགེའི་ལོ་རྒྱུས་སྤྱི་དོན་ཟླ་འོད་གསར་པའི་མེ་ལོང»སོགས་ཡོད།


 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།