ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་དེང་རབས་བརྩམས་སྒྲུང་གི་ཐོག་མའི་མི་ལོ་ཉི་ཤུ།

ཡོང་ཁུངས། : དྲ་རྒྱ་ལས་བཏུས།     སྤེལ་དུས། : 2020-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་ཀྱི་དེང་རབས་བརྩམས་སྒྲུང་གི་ཐོག་མའི་མི་ལོ་ཉི་ཤུ། སྟོད་ཆ།

བོད་ཀྱི་དེང་རབས་བརྩམས་སྒྲུང་གི་ཐོག་མའི་མི་ལོ་ཉི་ཤུ། བར་ཆ།

བོད་ཀྱི་དེང་རབས་བརྩམས་སྒྲུང་གི་ཐོག་མའི་མི་ལོ་ཉི་ཤུ། སྨད་ཆ།

640 (3).jpeg


དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་མཚམས་སྦྱོར་མདོར་བསྡུས།

WechatIMG171.jpeg

སྤྱི་ལོ1965ལོར་མཚོ་སྔོན་རེབ་གོང་གླིང་རྒྱལ་སྡེ་བར་སྐྱེས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང༌། བོད་ཀྱི་དེང་རབས་རྩོམ་རིག་གི་དཔྱད་བརྗོད་པ་ཡིན། འཐུས་ཚབ་བརྩམས་ཆོས་ལ། 《སྙན་ངག་གི་བྱུང་འཕེལ་དང་འབྲེལ་ཏེ་སྐབས་སོ་སོའི་སྙན་ངག་གི་གོ་དོན་ལ་དཔྱད་པ》དང《 དུས་སྐབས་གསར་བའི་རྩོམ་རིག་བོད་དུ་དར་བའི་རྒྱུ་ཚོགས་ལ་དཔྱད་པ》《རྩོམ་ལུས་ཀྱི་ཐད་ནས་བོད་ཀྱི་དེང་རབས་སྒྲུང་འབྲིང་གསར་རྩོམ་ལ་དཔྱད་པ》སོགས་ཡོད་དོ།།

སློབ་སྦྱོང་གི་བརྒྱུད་རིམ།

སྤྱི་ལོ1965ལོར་མཚོ་སྔོན་རེབ་གོང་གླིང་རྒྱལ་སྡེ་བར་སྐྱེས།སྤྱི་ལོ1982ལོར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན།  སྤྱི་ལོ1986ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་གྲངས་ཉུང་སྐད་ཡིག་སྡེ་ཁག་ཏུ་ཞུགས།སྤྱི་ལོ1992ལོར་བོད་ཡིག་སྡེ་ཁག་གི་ཞིབ་འཇུག་སློབ་མར་ཞུགས་ནས་བརྡ་སྤྲོད་སྙན་ངག་གི་ཆེད་གཉེར་ལ་སྦྱངས་པ་མཛད།སྤྱི་ལོ1995ལོར་རབ་འབྱམས་པའི་མིང་བཏགས་ཐོབ།སྤྱི་ལོ2009ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་འབུམ་རམས་པའི་མཚན་རྟགས་ཐོབ།

ལས་གཉེར་བརྒྱུད་རིམ།

སྤྱི་ལོ1982ལོ་ནས་བཟུང་ཕ་ཡུལ་རེབ་གོང་དུ་ལོ་བཞིའི་རིང་སློབ་ཆུང་གི་དགེ་རྒན་བྱས།སྤྱི་ལོ1986ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་དགེ་རྒན་གྱི་བྱ་བ་གནང་། 

ད་ལྟའི་གནས་ཚུལ།

སྤྱི་ལོ1997-1998ལོར་ནུབ་བྱང་དགེ་ཐོན་སློབ་ཆེན་དུ་ཀྲུང་གོ་དེང་རབས་རྩོམ་རིག་གི་བཅར་འདྲིའི་ཕྱག་ལས་གཉེར།  ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གནའ་རབས་བོད་ཡིག་ཁྲིད་དཔྱོད་ཁང་གི་ཀྲུའུ་རེན་དང་དགེ་རྒན་ཆེན་མོ་གཞོན་པ།  ཞིབ་འཇུག་སློབ་མའི་མཛུབ་ཁྲིད་དགེ་རྒན་བཅས་ཀྱི་འགན་ཁུར་དུ་བཞེས་ཡོད་པ་དང་། མུ་མཐུད་དུ་བོད་ཀྱི་དེང་རབས་རྩོམ་རིག་གི་དཔྱད་བརྗོད་ཕྱོགས་ནས་ཞིབ་འཇུག་གནང་གི་ཡོད།

ཕྱག་རྗེས།

《ལོ་རབས་བརྒྱད་ཅུའི་བོད་ཀྱི་རིག་གནས་ཀྱི་བདམ་ག》ཞེས་པའི་རིག་གཞུང་སྙན་ཞུ་ཕུལ་ཞིང་།  ཁོང་གིས་ལོ་རབས་བརྒྱད་ཅུའི་བོད་ཀྱི་རིག་གནས་ཀྱི་ངོ་བོ་དང་དེང་རབས་རིག་གནས་ནང་འདྲེན་བྱས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས། ལོ་རབས་བརྒྱད་ཅུའི་བོད་ཀྱི་རིག་གནས་ཀྱི་གདེང་འཇོག་སོགས་ལ་ལོ་རྒྱུས་ཀྱི་མཐོང་སྣེ་སྤྱད་ནས་དབྱེ་ཞིབ་མཛད་པ་སོགས་བོད་ཀྱི་དེངས་རབས་རྩོམ་རིག་དཔྱད་བརྗོད་ཀྱི་གྲུབ་འབྲས་མང་པོ་ཡོད།།

བརྩམས་ཆོས་སྐོར།

《སྙན་ངག་གི་བྱུང་འཕེལ་དང་འབྲེལ་ཏེ་སྐབས་སོ་སོའི་སྙན་ངག་གི་གོ་དོན་ལ་དཔྱད་པ》《བོད་ཀྱི་སློབ་གསོའི་བསྒྱུར་བཅོས་ཐད་ཁ་ཚ་དགོས་གཏུག་གིས་ཐག་གཅོད་དགོས་པའི་དོན་ཆེན་ཞིག》《སྙན་ངག་གསར་རྙིང་གཉིས་ཀྱི་ཐོག་མའི་གཤིབ་བསྡུར།》《སྤྲིན་གྱི་ཕོ་ཉ་དང་ཕོ་ཉ་གཞོན་ནུ་དོན་གྲུབ་གཉིས་ཀྱི་ལམ་གྱི་བཀོད་པའི་གཤིབ་བསྡུར》《བོད་ཀྱི་རྩོམ་བྱུང་ལོ་རྒྱུས་ཐད་ནས་རང་དབང་གཞན་གྱི་འདོད་པ་གླེང་བ》《ཁྱོད་ཀྱིས་ཁེར་རྐྱང་གི་སྡུག་བསྔལ་བཟོད་ཐུབ་ཀྱང་། ང་ཚོས་སྙན་རྩོམ་གྱི་བསླུ་བྲིད་ལྡོག་དཀའ》《མཉེས་གཤིན་འཆར་ཡན་གྱི་སྙན་ངག》《མཐར་ཕྱིན་སློབ་མའི་བྱ་བ་བཀོད་སྒྲིག་ཁེག་པོར་འགྱུར་བཞིན་པ་ལས་བྱུང་བའི་དེང་ཕྱིན་བོད་ཀྱི་སློབ་གསོའི་བཅོས་སྒྱུར་སྐོར་གྱི་བསམ་གཞིགས》《ལང་ཚོའི་རྦབ་ཆུའི་ཀློག་འདོན་དང་རོལ་མྱོང》《ལྷ་དང་སྙན་ངག་གིས་གྲུབ་པའི་ལྷ་ས》《ལྷ་སའི་ཞོགས་པ་གླེང་བ》《བོད་མིའི་རྣམ་ཤེས་ཀྱི་རང་གཟུགས—ར་ལོ》《 སྲོལ་རྒྱུན་བརྩམས་སྒྲུང་ནས་བརྩམས་སྒྲུང་གསར་བར་བསྐྱོད་པ》《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་གླེང་བ། གཏིང་ཟབ་རིམ་པ་དུ་མ་ཅན་གྱི་བསམ་བློའི་གཏེར་མཛོད》《རྟ་ནག་སྒྲོག་འགྲོས་གླེང་བ》《སྤྲུལ་སྐུ》ལས་མཐོང་བའི་དོན་གྲུབ་རྒྱལ་གྱི་ནང་སེམས་ཀྱི་འཇིག་རྟེན།《འཁོར་བའི་སྙིང་བོ》གླེང་བ། ཆེས་ཀློང་ཡངས་པའི་མཛེས་དཔྱོད་ཀྱི་འཇིངས་སུ་དཔུང་འཇུག་བྱ་བ》《དེང་གི་གསར་སྐྱེས་རྩོམ་པ་པོ་གཉིས་ཀྱི་གསར་རྩོམ་ལས་འཕྲོས་པའི་གླེང་སློང》《བློ་རྙིང་། རིག་གནས་གསར་བ། དཔལ་འབྱོར》《སྒྲུང་གཏམ་སྡོམ་པ་སྲུང་བ་ཡི་མཚོན་བྱ་དང་མཚོན་ཐབས་ལ་དཔྱད་པ》《བཙན་པོའི་མགུར་གླུའི་སྙན་ངག་གི་མཛེས་རྟོག་རྩ་དོན་གླེང་བ།》《སློབ་གྲྭ་ཆེན་མོ་བའི་བསམ་བློའི་ཆུ་ཚད་དང་བསམ་གཞིགས་ཀྱི་ནུས་པ་མཐོར་འདེགས་བཟོ་བའི་ཐད་ཀྱི་བསམ་གཞིགས》《 དུས་སྐབས་གསར་བའི་རྩོམ་རིག་བོད་དུ་དར་བའི་རྒྱུ་ཚོགས་ལ་དཔྱད་པ》《རྩོམ་ལུས་ཀྱི་ཐད་ནས་བོད་ཀྱི་དེང་རབས་སྒྲུང་འབྲིང་གསར་རྩོམ་ལ་དཔྱད་པ》སོགས་ཡོད་དོ།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།