སློབ་མ་སྐྱོང་བའི་ཐབས།

WechatIMG1147.jpeg

སློབ་མ་སྐྱོང་ཐབས། སྟོད་ཆ།

སློབ་མ་སྐྱོང་ཐབས། སྨད་ཆ།

WechatIMG1168.jpeg

WechatIMG1148.jpeg

WechatIMG1149.jpeg

WechatIMG1150.jpeg

WechatIMG1151.jpeg

WechatIMG1152.jpeg

WechatIMG1153.jpeg

WechatIMG1154.jpeg

WechatIMG1155.jpeg

WechatIMG1156.jpeg

WechatIMG1157.jpeg

WechatIMG1158.jpeg

WechatIMG1159.jpeg

WechatIMG1160.jpeg

WechatIMG1161.jpeg

WechatIMG1162.jpeg

WechatIMG1163.jpeg

དང་པོ། འཆད་ཉན་གྱི་རྩ་དོན།

           འཆད་པའི་སྐྱོན་རྣམས་སྤངས་ནས་ནི།།

           ཤིན་ཏུ་བརྩེ་བའི་བསམ་པས་བཤད།།

           ཉན་པའི་སྐྱོན་རྣམས་སྤངས་ནས་ནི།།

           ཤེས་པར་འདོད་པས་ལེགས་པར་མཉན།།

                                      ས་པཎ།

དགེ་རྒན་གྱི་འཆད་པའི་ཡོན་ཏན།

༡ འཆད་པའི་ཡོན་ཏན་ལ་འཆད་ཐབས་སྣ་མང་ལ་སློབ་སྦྱོང་བྱེད་པ།

༢ འཆད་པའི་གཤིས་ལུགས་ཡག་པོ་ཞིག་རྒྱུད་ལ་ལོབས་པ།

༣ རང་ཉིད་ངོས་འཛིན་ཡག་པོ་ཞིག་བྱ་དགོས་པ།

༤ སློབ་སྦྱོང་ལ་དགའ་ཞིང་།སློབ་སྦྱོང་བྱེད་ཤེས་པ།སློབ་སྦྱོང་བྱེད་པ་ལ་མཁས་པའི་སློབ་མ་སྐྱེད་སྲིང་བྱེད་ཤེས་པའི་ནུས་པ་སློབ་པ།

གཉིས་པ། ལུང་དང་སྦྲེལ་ཏེ་གསུངས་པ།

༡ སློབ་སྦྱོང་བྱ་དགོས་པའི་རྒྱུ་མཚན།

མི་འཇིགས་པ་རྣམས་ཀྱི་མཆོག་ནི་འདི་ལྟར།ཆོས་རྣམས་རྣམ་པར་འབྱེད་པའོ། ། དབང་ཆུང་བ་རྣམས་ཀྱི་ཐ་མ་ནི་འདི་ལྟ་སྟེ། ཐོས་པ་ཉུང་བའོ། །

                         དེ་བཞིན་གཤེགས་པའི་གསུང་།

༢ སློབ་སྦྱོང་བྱེད་ཐབས།

བློ་ངོར་ཤེས་བྱའི་སྒྲོམ་གཞི་ནི། ། 

བཟོས་ཏེ་ཤེས་བྱ་གསོག་པར་བྱེད། །

རང་གི་རྒྱུད་ལ་རྟོག་ཞོར་དུ། ། 

རིག་པའི་གནས་ལ་འབད་པར་བྱ། །

༣ སློབ་སྦྱོང་གི་ནང་དོན།

ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །

ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །

ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །

རང་གི་འདོད་པ་དང་དུ་བླང་བར་བྱ། །

                    ཇོ་བོ་རྗེས།

༤ སློབ་སྦྱོང་གི་སྙིང་སྟོབས།

མི་འོ་ཅོག་གི་ལུས་འདི་ནི། ། བཀོལ་བར་བྱ་བ་ཉིད་དུ་ཟད། ། ཅེས་དང་།

འདི་ལ་གླ་རྔན་བྱིན་ནས་ནི། ། ད་ནི་རང་གི་དོན་བྱེད་ཆུག །

ཕན་པ་མེད་པར་འདི་ལ་ནི། ། ཐམས་ཅད་སྦྱིན་པར་མི་བྱ་འོ། །

                                   རྒྱལ་སྲས་ཞི་བ་ལྷས།

༥ སློབ་སྦྱོང་གི་གོམས་སྲོལ།

དུས་ཚོད་གཅེས་འཛིན་དང་རང་སྟོབས་བསམ་གཞིགས། དྲི་བ་འདྲི་བ། གྱེར་འདོན་དང་དཔེ་ཀློག ། བློར་འཛིན་དང་ཟིན་འགོད། རྩོམ་འབྲི་དང་རྟོག་ཞིབ་སོགས་ཀྱི་གོམས་སྲོལ།

རྒན་ལགས་ཀྱི་ནམ་རྒྱུན་གྱི་སློབ་ཁྲིད་སློབ་གསོའི་ཉམས་མྱོང་གསོག་འཇོག ། སློབ་ཁྲིད་ཞིབ་འཇུག ། སློབ་གསོའི་འཕེལ་འགྱུར།གནའ་དེང་ཞིབ་བསྡུར་སོགས་ཀྱི་ཐབས་ལམ་དང་སྦྲེལ་ཏེ་དགེ་རྒན་གྱི་སློབ་ཁྲིད་རྩ་དོན། སློབ་མའི་སློབ་སྦྱོང་བྱེད་དགོས་པའི་རྒྱུ་མཚན།སློབ་སྦྱོང་གི་དམིགས་ཡུལ། འཆར་གཞི། ལྟ་བ། རྣམ་འགྱུར། ཀུན་སློང་། ནང་དོན། གོམས་སྲོལ། བྱེད་ཐབས། སྙིང་སྟོབས་སོགས་མེས་པོའི་གསུང་དང་རང་གི་དཔྱད་སྟོབས་ལ་བརྟེན་ནས་སློབ་མ་སྐྱོང་ཐབས་ཁྲིད་པ་ནི་དགེ་རྒན་ཞིག་ལ་མཚོན་ན་ཁ་ཚ་དགོས་གཏུགས་སུ་གྱུར་པའི་དོན་སྙིང་གལ་ཆེན་ཡིན་ནོ། །


འཆད་ཁྲིད་གནང་མཁན་ངོ་སྤྲོད།

WechatIMG1143.jpeg

དགེ་རྒན་ཆེན་མོ་སྟོབས་ལྡན་ནི། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་མགོ་གཙོ། དགེ་རྒན་ཆེན་མོ། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། བོད་རིག་པ་ཞིབ་འཇུག་ཁང་གི་མགོ་གཙོ་གཞོན་པ། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སོགས་ཀྱི་འགན་གཅིག་ལྕོགས་སུ་འཁུར་བཞིན་འདུག །སྤྱི་ལོ༢༠༢༠ལོའི་ཟླ༦ཚེས༢༥སྟེ་བདེ་ལེགས་ཀུན་འཛོམས་ཀྱི་ཉིན་མོ་འདི་ལ། དམ་པ་ཁོང་ཉིད་ཀྱིས་སྐུ་ལུས་གསེར་རི་འདྲ་བོ་ཚེགས་ལ་མ་འཛེམ་པར་དགེ་རྒན་ཞིག་གི་འགན་འཁྲི། སློབ་གསོ་བ་ཞིག་གི་བསམ་བློ། མི་རིགས་ཤིག་གི་དར་རྒུད། སློབ་མ་དག་གི་མདུན་ལྗོངས་ཀྱི་ཆེད་དུ་ཐེངས་འདིའི་གདན་འདྲེན་དང་ལེན་བྱས་ཏེ་ཁྲི་ཀ་རྗོང་མི་རིགས་བཅའ་སྡོད་སློབ་གྲྭར་ཕེབས་ནས་དགེ་སློབ་ཉིས་བརྒྱ་ལྷག་ལ་སློབ་མ་སྐྱོང་ཐབས་ཞེས་པ་བརྗོད་གཞི་བྱས་ཏེ་དུས་ཚོད་གཉིས་དང་ཕྱེད་ཀའི་རིང་ལ་འཆད་འཁྲིད་གནང་།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།