ཀྲུང་གོ་བོད་ཀྱི་དྲ་བ།

ཏུན་ཧོང་ཡིག་རྙིང་གི་ཁྱད་ཆོས་གླེང་བ།

ཡོང་ཁུངས། : ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྩོམ་པ་པོ། : འཆད་ཁྲིད་གནང་མཁན།ཁ་སྒང་བཀྲ་ཤིས་ཚེ་རིང་།   སྤེལ་དུས། : 2020-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྟོད་ཆ།

སྨད་ཆ།


འཆད་ཁྲིད་གནང་མཁན་ངོ་སྤྲོད།

640.jpeg

ཁ་སྒང་བཀྲ་ཤིས་ཚེ་རིང་།  1956ལོར་མཚོ་སྔོན་ཐུན་ཏེ་རྫོང་ཁ་སྒང་སྡེ་བར་སྐྱེས་ཤིང་།  1974ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ་བོད་ཀྱི་རིག་གནས་སྐོར་ལ་སློབ་གཉེར་གནང་། 1985ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་གནའ་རབས་བོད་ཀྱི་རིག་གནས་ཆེད་གཉེར་སྐོར་ལ་སློབ་སྦྱོང་གནང༌།  1988ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གི་དགེ་རྒན་གནང་བ་དང་།  ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང༌འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན་ལ།  ཀན་སུའུ་ཞིང་ཆེན་མི་རིགས་གྲངས་ཉུང་སྐད་རིགས་ཡིག་སྒྱུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡང་ཡིན།  བོད་ཀྱི་སློབ་གསོའི་དགོས་མཁོར་དམིགས་ཏེ«སྒྲ་རིག་པའི་འཇུག་སྒོ»དང་།  «དེང་རབས་སྲིད་འཛིན་རིག་པའི་རྣམ་བཤད»ཅེས་པའི་བསླབ་དེབ་གཉིས་པར་སྐྲུན་གནང་ཡོད།  «བོད་ཀྱི་གསང་རྒྱུད་རྩ་རླུང་རིག་པར་ཐོག་མའི་དཔྱད་པ»(བོད་འགྱུར)ཞེས་པ་པར་སྐྲུན་འགྲེམས་སྤེལ་གནང་།  2000ལོར་བོད་ཀྱི་སྙན་ངག་པ་གྲགས་ཅན་ཡི་དམ་ཚེ་རིང་ལགས་ཀྱི«ཁ་བའི་ལྗོངས»(བོད་འགྱུར)དང་ཀན་སུའུ་བོད་ཀྱི་རྩོམ་རིག་གི་དཔེ་ཚོགས་དེབ་གཉིས་བཅས་རྩོམ་སྒྲིག་པར་སྐྲུན་གནང་ཡོད་ཅིང༌།  2003ལོར «བོད་ཀྱི་ཡིག་རྙིང་ཞིབ་འཇུག»ཅེས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་རྩོམ་སྒྲིག་མཛད་དེ་མི་རིགས་དཔེ་སྐྲུན་ཁང༌གིས་པར་དུ་བསྐྲུན།  བོད་ཀྱི་ཤེས་རིག་ཞིབ་འཇུག་དང་སློབ་གསོ་འཛུགས་སྐྲུན་སྐོར་གྱི་དཔྱད་རྩོམ28སྤེལ་ཡོད་པ་དང་།  དེའི་ནང་ནས«སྲིད་འཛིན་རྩ་འཛུགས་ཀྱི་རྣམ་གྲངས་མི་འདྲ་བའི་ཁྱད་ཆོས་ལ་དཔྱད་པ»(མུ་འབྲེལ་དཔྱད་རྩོམ་གསུམ་པ)ཞེས་པར་ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཆེས་མཐོའི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང༌།    བསྒྱུར་རྩོམ«སྙན་ངག་གི་བླ་སྲོག་བཤད་པ»ཞེས་པར་ཀན་སུའུ་ཞིང་ཆེན་སྐབས་བཞི་བའི་ཕུལ་བྱུང་རྩོམ་རིག་གི་བྱ་དགའ་ཐོབ་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།