ཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་གྱི་རིགས་དབྱེ་དང་གནའ་དེང་རྩོམ་གཞུང་གི་གཤིབ་བསྡུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

9a06cd3acd90217b3aa59709a6cd644.jpg

རིན་ཆེན་བཀྲ་ཤིས།

རྩོམ་གྱི་རིགས་དབྱེ་དང་གནའ་དེང་རྩོམ་གཞུང་གི་གཤིབ་བསྡུར།༼སྒྲ་ཆ་ཚང་།༽

རིན་ཆེན་བཀྲ་ཤིས་ངོ་སྤྲོད། མཚོ་སྔོན་ཞིང་ཆེན་ཁྲི་ཀ་སུམ་བྷའི་མི། ད་ལྟ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་། ཞིབ་འཇུག་སློབ་མའི་ཁྲིད་སྟོན་དགེ་རྒན། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་ཀྱི་རྒྱུན་ལས་གཙོ་སྒྲིག་གཞོན་པའི་འགན་བཅས་འཁུར་ཡོད།

སྤྱི་ལོ1988ལོར་བྱ་བར་ཞུགས་པ་ནས་བཟུང་། དངོས་གཞི་སློབ་མ་དང་ཞིབ་འཇུག་སློབ་མའི་འཛིན་གྲྭ་ལ། རྩོམ་འབྲི་རིག་པ་དང་། རྩོམ་རིག་གཞུང་ལུགས། བོད་ཀྱི་གནའ་རབས་རྩོམ་རིག། བོད་ཀྱི་དེང་རབས་རྩོམ་རིག། བོད་ཀྱི་རྩོམ་རིག་ཡིག་ཆ་རིག་པ་སོགས་ཀྱི་སློབ་ཁྲིད་ཀྱི་འགན་འཁུར།

བརྩམས་ཆོས་ལ《རྩོམ་རིག་གསར་རྩོམ་གྱི་རྣམ་བཤད་》ཅེས་པ་བརྩམས་པ་དང་། 《སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད》པོད་ཉི་ཤུ་འདེམ་སྒྲིག་བྱས་པ་དང་། གཞན་དང་མཉམ་འབྲེལ་གྱིས《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》(སྟོད་སྨད་ཆ)དང་། 《སློབ་ཆེན་བོད་ཀྱི་སྐད་ཡིག》དང་། 《བོད་སྐད་ཡིག་གི་ཟུར་རྒྱན་སྐོམ་སེལ་བདུད་རྩིའི་ཆུ་རྒྱུན》དེབ་དགུ་བཅས་སྒྲིག་རྩོམ་བྱས་ པ་དང་། སྔ་རྗེས་སུ་དཔྱད་རྩོམ་བཞི་བཅུ་ལྷག་སྤེལ།

1583823307646257.jpg

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།