ཀྲུང་གོ་བོད་ཀྱི་དྲ་བ།

སི་ཏུའི་ཞལ་ལུང་། ཚན་པ་དང་པོ། [སྒྲ]

ཡོང་ཁུངས། : དྲ་རྒྱ་ལས་བཏུས།     སྤེལ་དུས། : 2019-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཛད་པ་པོ།  དངུལ་ཆུ་དྷརྨ་བྷ་དྲ།

འཆད་ཁྲིད་མཁན།   སློབ་དཔོན་ཆེན་མོ་བདེ་མཆོག

1

2

3

4

5

6

7

8

9

10

11

12

13

14

15

16

17

18

19

20

21

22

23

24

25


དངུལ་ཆུ་ངྷརྨ་བྷ་དྲ་ངོ་སྤྲོད།

དངུལ་ཆུ་ངྷརྨ་བྷ་དྲ་ནི་སྤྱི་ལོ1772ལོར་གཙང་གཡས་རུའི་ཆ་རོང་སྟོད་ཕྱུག་མོའི་ཡུལ་དུ་ཡབ་བཀྲ་ཤིས་དཔལ་འབྱོར་དང་ཡུམ་མཁའ་འགྲོ་དཔལ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གཅིག་པར་སྐུ་ཞང་རྒན་པོ་ལྷ་བུ་ཞེས་པ་ལས་ཡི་གེ་འབྲི་ཀློག་སྦྱོང་བའི་དབུ་བརྩམས། ཁྱིམ་ཚང་ཤིན་ཏུ་དབུལ་བོ་ཡིན་པས་ར་ལུག་འཚོ་རྫིའི་ཞོར་རྡོ་ལེབ་ངོས་འཇམ་དང་ས་གཞི་ངོས་སྙོམས་སོགས་ལ་ཡི་གེ་འབྲི་སྦྱོང་གིས་མཛུབ་རྩེ་ཐེངས་མང་བརྡོལ་ཀྱང་ཇི་མི་སྙམ་པར་རྒྱུན་འཁྱོངས་མཛད་དེ་ཡུན་མི་རིང་བར་དབུ་ཆེན་དབུ་ཆུང་འབྲི་ཀློག་ལ་ཐོགས་པ་མེད་པར་གྱུར། དགུང་ལོ་བཅུ་བཞི་བ་རབ་བྱུང་བཅུ་གསུམ་པའི་ཤིང་སྦྲུལ་སྤྱི་ལོ1785ལོར་བཀྲ་ཤིས་དགེ་འཕེལ་གླིང་དུ་ཕེབས་ནས་སློབ་དཔོན་བློ་བཟང་རྒྱལ་མཚན་གྱི་སྐུ་དྲུང་དུ་དབུ་སྐྲའི་གཙུག་ཕུད་འབུལ་བཞེས་ཀྱིས་གྲྭ་བཙུན་མཛད། མཚན་བློ་བཟང་ཚེ་རིང་ཞེས་གསོལ། ལོ་དེར་མཁས་ཆེན་ངག་དབང་རྡོ་རྗེའི་དྲུང་དུ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་རིམ་བཞིན་བཞེས། སྐབས་དེ་སྐུ་ཆས་ཤིན་ཏུ་ཞན་མོད། ཚོགས་པ་ནས་འགྱེད་ཆུང་རེ་རྙེད་ནའང་དཔེ་ཆ་བླུ་བ་སོགས་མཛད་ནས་རང་གི་འཚོ་བ་ངན་ངོན་ཁོ་ནར་བསྟེན།

དགེ་རྒན་བདེ་མཆོག་ངོ་སྤྲོད།

386.jpg

དགེ་བའི་བཤེས་གཉེན་བདེ་མཆོག་ལགས་ནི་སྤྱི་ལོ1941ཁྱུ་མཆོག་ཅེས་པ་ལྕགས་མོ་སྤྲུལ་ལོའི་ཧོར་ཟླ9བའི་ཚེས22ཉིན་མཚོ་སྔོན་ཞིན་ཧྭ་ས་ཁུལ་དུ་སྐུ་འཁྲུངས། དགུང་ལོ་བདུན་སྟེང་བིས་མདོ་དགོན་ཆེན་གྱི་ཆོས་སྒོར་ཞུགས། དགེ་བའི་བཤེས་གཉེན་རྗེ་ཐུབ་བསྟན་དོན་གྲུབ་སོགས་བསྟེན་ཏེ་རིག་པའི་གཞུང་ལ་སྦྱངས་པ་མི་དམན་པ་མཛད། དགུང་ལོ་བཅོ་བརྒྱད་པར་གཡོན་ཕྱོགས་གི་སྲིད་ཇུས་དབང་གིས་ཞིང་ཆེན་མི་རིགས་སློབ་གྲྭར་ཞུགས་ནས་ལོ་ངོ་གསུམ་ལ་རྩིས་དངོས་རྫས་གསུམ་དང་རྒྱ་ཡིག་སོགས་ལེགས་པར་སྦྱངས། སློབ་མཐར་ཕྱིན་རྗེས་ཞིང་ཆེན་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་བསྒྲུབས། དེ་ནས་ལོ་འགའི་རྗེས་སུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གི་དགེ་རྒན་གྱི་འགན་བཞེས། དེ་དུས་སུའང་། རྗེ་ཤར་གདོང་རིན་པོ་ཆེ་སོགས་དགེ་བའི་བཤེས་གཉེན་ཆེན་པོ་དུ་མར་ཚུལ་བཞིན་བསྟེན་ནས་ཐུན་མོང་དང་ཐུན་མོང་མིན་པའི་རིག་པའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད།

ཁོང་གིས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ། བོད་ཡིག་ཆེད་གཉེར་གྱི་སྐལ་ལྡན་རྣམས་ལ་སུམ་རྟགས་དག་གསུམ་དང་། སྙན་ངག སྐྱབས་འགྲོ། ལམ་མཆོག་སྒོ་འབྱེད། ལམ་རིམ་ཆེན་མོ། སྤྱོད་འཇུག་ཆེན་མོ། ཐུའུ་བཀྭན་གྲུབ་མཐའ། བསྡུས་གྲྭ བོད་ཀྱི་གནའ་རྩོམ་སོགས་འཆད་ཁྲིད་མཛད་ནས་རིག་པའི་སྒོ་མོ་ཆེས་ཆེར་ཕྱེ། ལས་ཞོར་དུ་མཚོ་སྔོན་སློབ་གསོའི་དུས་དེབ་ཐོག་ཏུ་དྲི་བ་དྲིས་ལན་མང་པོ་སྤེལ། ཁོང་གིས་སུམ་རྟགས་ཀྱི་གཞུང་རྒྱས་བསྡུས་འཚམ་པ་ཞིག་བརྩམས་གྲུབ་བྱུང་ཡང་སྔོན་བྱོན་མཁས་དབང་རྣམས་ཀྱི་བརྩམས་ཆོས་ཡོད་བཞིན་དུ་བདག་གིས་བྲིས་པས་ཅི་བྱ་ཞེས་ཁེངས་སྐྱུང་བྱས་ནས་པར་སྐྲུན་མ་བྱས་པར་ལུས།

མདོར་ན། ཁོང་གིས་རང་གི་སྙན་གྲགས་དང་ཁེ་ཕན་ལ་དམིགས་པའི་རྩ་བ་འགོ་བའི་ནད་བཞིན་དུ་དོར་ཞིང་བོད་ཀྱི་རིག་གནས་དང་སློབ་གསོའི་ལས་དོན་ལ་བརྩོན་པ་མཐའ་གཅིག་ཏུ་གཞོལ་བ་ལགས་སོ། །

༄༅།།  སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་མཆོག་སི་ཏུའི་ཞལ་ལུང་།.pdf

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།