ཀྲུང་གོ་བོད་ཀྱི་དྲ་བ།

༄༅། །སྙན་ངག་གི་ཡོན་ཏན་བཅུའི་དཔེ་ཁྲིད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ།

གཉིས་པ།

གསུམ་པ།

བཞི་བ།

ལྔ་བ།

དྲུག་པ།

བདུན་པ།

བརྒྱད་པ།


སྟོབས་ལྡན་གྱི་ངོ་སྤྲོད་མདོར་བསྡུས།

d347cb047321576214b440e2811eea36.jpg

སྟོབས་ལྡན། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་མགོ་གཙོ། དགེ་རྒན་ཆེན་མོ། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། བོད་རིག་པ་ཞིབ་འཇུག་ཁང་གི་མགོ་གཙོ་གཞོན་པ། མཚོ་སྔོན་ཞིང་ཆེན་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་གཞོན་པ། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སོགས་ཀྱི་འགན་གཅིག་ལྕོགས་སུ་འཁུར་བཞིན་འདུག །༡༩༨༨ལོ་ནས་བཟུང་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་བསླབ་ཚན་མང་པོ་སྟེ། སྙན་ངག །གནའ་རྩོམ། གྲགས་རྩོམ་རོལ་མྱོང་། ཕྱི་གླིང་རྩོམ་རིག །བོད་ཀྱི་སློབ་ཁྲིད་རྣམ་བཤད། བོད་ཀྱི་གནའ་རབས་རྩོམ་གྱི་རྣམ་གཞག །བོད་ཀྱི་རྩོམ་རིག་ཆེད་དམིགས་ཞིབ་འཇུག་སོགས་ཀྱི་སློབ་ཁྲིད་ཀྱི་འགན་འཁུར་ཞོར་དུ། སྔ་ཕྱིར་སློབ་ཁྲིད་ཞིབ་འཇུག་ཁང་གི་མགོ་གཙོ་དང་། སྡེ་ཁག་གི་དྲུང་ཡིག །སློབ་ཁྲིད་ལས་སྣ་པ། འཛིན་གྲྭའི་བདག་པོ། སྡེ་ཁག་གི་མགོ་གཙོ་སོགས་ཀྱི་འགན་འཁུར་པ་དང་། ཞིབ་འཇུག་གི་ལས་ལའང་ནན་གྱིས་འཇུག་བཞིན་ཡོད། ཞིབ་འཇུག་གི་འབྲས་བུ་ལ༼ཀྲུང་གོའི་བོད་རིག་པ་ཞིབ་འཇུག༽དང་། ༼བོད་ལྗོངས་ཞིབ་འཇུག༽སོགས་རིག་གཞུང་དུས་དེབ་ཀྱི་སྟེང་དུ་སྙན་ངག་གི་གཞུང་ལུགས་དང་རྩོམ་རིག་དཔྱད་བརྗོད་དང་སློབ་གསོ་སློབ་ཁྲིད་སོགས་ཀྱི་དཔྱད་རྩོམ་བཞི་བཅུར་ཉེ་བ་སྤེལ་མྱོང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་སོགས་ནས༼སྙན་ངག་གི་སྤྱི་ཁོག་འཕྲུལ་གྱི་མེ་ལོང༽དང་། ༼ཚིག་རྒྱན་རིག་པའི་སྤྱི་ཁོག་འཕྲུལ་གྱི་མེ་ལོང༽དང་། ༼རེ་འདུན་མེ་ཏོག་ཕྲེང་བ༽དང་། དགོན་སྡེའི༼སྙན་ངག་གི་སློབ་དེབ༽བཅས་དཔེ་སྐྲུན་བྱས་མྱོང་ཞིང་། ལས་གྲོགས་དང་བསྡོངས་ནས༼འགྱུར་རྩོམ་གྲགས་ཅན་འགའ་ཞིག་གི་དཔྱད་བརྗོད༽དང་། ༼བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན༽དང་། ༼བོད་ཀྱི་རྩོམ་རིག་ལོ་རྒྱུས་རྒྱས་པ༽དང་། ༼ཆབ་འགག་གི་ལོ་རྒྱུས༽དང་། ༼ཨ་སྟག་ལྷ་མོ༽དང་། ༼སློབ་ཆེན་བོད་ཀྱི་སྐད་ཡིག༽སོགས་དཔེ་སྐྲུན་བྱས། ད་ལྟ་སྡེ་ཁག་གི་དངོས་གཞི་སློབ་མའི་སློབ་གསོ་སློབ་ཁྲིད་དང་། ཞིབ་འཇུག་སློབ་མའི་སློབ་གསོ་སློབ་ཁྲིད། གཞན་ད་དུང་རབ་འབྱམས་པའི་ལྟེ་གནས་དང་། རྒྱལ་ཁབ་རིམ་པའི་ཁྱད་ཆོས་ཅན་གྱི་ཆེད་ལས་དང་ཕུལ་བྱུང་བསླབ་ཚན་དང་། ཕུལ་བྱུང་ཚན་ཞིབ་གསར་གཏོད་དཔུང་སྡེ། ཞིང་ཆེན་རིམ་པའི་རིག་ཚན་གཙོ་བོ་དང་ཕུལ་བྱུང་སློབ་ཁྲིད་དཔུང་སྡེ། སློབ་གྲྭའི་འབུམ་རམས་པའི་འཛུགས་སྐྲུན་ལྟེ་གནས་དང་། བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་། བོད་ཀྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་ཞིབ་འཇུག་ལྟེ་གནས་དང་། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རིག་གནས་དུས་ཆེན་དང་། བོད་ཡིག་སྡེ་ཁག་གི་དངོས་གཞི་སློབ་མའི་མཛུབ་སྟོན་དགེ་རྒན་གྱི་ལམ་ལུགས་དང་། སྡེ་ཁག་དང་ས་གནས་མཉམ་འབྲེལ་གྱི་ལས་གཞི་སོགས་ཀྱི་ཕྱོགས་ལ་སྟོབས་ཤུགས་ཡོད་རྒུ་འབུལ་བཞིན་ཡོད། སྤྱི་ལོ༢༠༡༠ལོ་ནས་བཟུང་སྟེ། ལོ་ངོ་ལྔའི་རིང་ངལ་གསོའི་དུས་ཚོད་སྤྱད་ནས༼བོད་ཀྱི་གནའ་རབས་རྩོམ་གྱི་རྣམ་གཞག་ཞིབ་འཇུག༽ཅེས་པའི་རྒྱལ་ཁབ་རིམ་པའི་ཞིབ་འཇུག་ལས་གཞི་འདི་ལེགས་འགྲུབ་ཡོང་བར་བྱས་སོ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།