ཀྲུང་གོ་བོད་ཀྱི་དྲ་བ།

བོད་བརྒྱུད་ནང་བསྟན་དང་ཆོས་དད་མང་ཚོགས་བར་གྱི་དད་མོས་འབྲེལ་བ་ཡང་དག་འབྱུང་ཐབས་སྐོར་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་།   རྩོམ་པ་པོ། : འཆད་ཁྲིད་མཁན།རྟ་མགྲིན་རྒྱལ།   སྤེལ་དུས། : 2019-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁག་དང་པོ།

ཁག་གཉིས་པ།

ཁག་གསུམ་པ།

ཁག་བཞི་བ།

Screenshot of ༄༅།། གཟའ་ལྷག་པའི་འཆད་ཁྲིད།༡周三讲堂(二十四期)旦正加《正确处理藏传佛教与信教群众之间的信仰关系》1 (1).jpg


སྟག་རིག་རྟ་མགྲིན་རྒྱལ་ངོ་སྤྲོད་མདོར་བསྡུས།

Screenshot of ༄༅།། གཟའ་ལྷག་པའི་འཆད་ཁྲིད།༡周三讲堂(二十四期)旦正加《正确处理藏传佛教与信教群众之间的信仰关系》1.jpg

སྟག་རིག་རྟ་མགྲིན་རྒྱལ་ནི། མདོ་སྨད་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་ཁྲི་ཀ་རྫོང་ནས་སྐྱེས་ཤིང་། ད་ལྟ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་དང་མ་ཁེ་སི་རིང་ལུགས་སློབ་གླིང་དུ་དངོས་གཞི་དང་ཞིབ་འཇུག་པའི་སློབ་མ་ལ་བོད་ཀྱི་རིག་གནས་སློབ་ཁྲིད་དང་མཛུབ་ཁྲིད་དགེ་རྒན་གྱི་ཕྱག་ལས་གཉེར་བཞིན་དུ་མཆིས། སྔ་གཞུག་ཏུ་ནུབ་བྱང་མི་རིགས་སློབ་ཆེན་དུ་འགྲིམས་ནས་བོད་ཀྱི་རྩོམ་རིག་དང་སྐད་ཡིག་གི་ཞིབ་འཇུག་སློབ་མའི་མཚན་བཏགས་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བོད་རིག་པའི་ཆེད་ལས་ཀྱི་ནང་ཚན་ཆོས་ལུགས་ལོ་རྒྱུས་ཞིབ་འཇུག་གི་འབུམ་རམས་པའི་མཚན་བཏགས་བླངས། ༢༠༡༢ལོར་འཇར་པན་དུ་ཕྱིན་ནས་རྒྱལ་སྤྱིའི་ན་གཞོན་བོད་རིག་པའི་རིག་གཞུང་ཚོགས་འདུའི་སྟེང《ཆེན་པོ་ཆིང་རྒྱལ་རབས་ཀྱི་གོང་མའི་དབུ་བླ་ལཱ་མོ་གསེར་ཁྲི་སྐུ་ཕྲེང་གཉིས་པ་དང་ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་འབྲེལ་བ་ལ་དཔྱད་པ》ཞེས་པའི་དཔྱད་རྩོམ་ཚོགས་ཐོག་ཏུ་སྒྲོག་ཕུལ་མཛད། དེའི་རྗེས་ཨི་ཏ་ལིའི་ན་པོལ་ལི་སི་ཤར་ཕྱོགས་སློབ་གྲྭ་ཆེན་མོར་སོང་ནས་ལོ་ཕྱེད་རིང་རིག་གཞུང་སྤེལ་རེས་ཀྱི་བྱ་བ་ལ་འབད་པ་དང་། ཀྲུང་གོའི་བོད་རིག་པ་གཙོ་བྱས་པའི་རིག་གཞུང་དུས་དེབ་ཁག་ཏུ《གེ་སར་སྒྲུང་ལས་བསྟན་པའི་བོད་ཀྱི་བླའི་རིག་གནས་ལ་དཔྱད་པ》སོགས་ཀྱིས་མཚོན་པའི་དཔྱད་རྩོམ་ཉི་ཤུ་ལྷག་དང་《ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་བོད་ལུགས་དད་མོས》ཞེས་བྱ་བའི་ཞིབ་འཇུག་ཆེད་དཔེ་གཅིག་བཅས་སྤེལ་ཞིང་བརྩམས།རྒྱལ་སྤྱིའི་ཙོང་ཁ་པ་རིག་གཞུང་བགྲོ་གླེང་ཚོགས་འདུ་སོགས་རིག་གཞུང་ཚོགས་འདུ་བཅུ་ཕྲག་ཡན་གྱི་ཚོགས་དབུས་སུ་སོ་སོར་དཔྱད་རྩོམ་ཁྲོམ་སྒྲོག་དང་གཏམ་བཤད་གནང་མྱོང་།      ༢༠༡༦ལོར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་རྣམ་གྲངས《མདོ་སྨད་ཡུལ་དུ་དར་བའི་བིན་ཆཱང་དད་མོས་ཀྱི་ལོ་རྒྱུས་དང་མིག་སྔའི་གནས་བབས་ཞིབ་འཇུག ཅེས་པའི་ལས་གཞིའི་རེ་ཞུ་ལ་ཆོག་མཆན་ཐོབ་སྟེ་ཞིབ་འཇུག་བྱེད་མུས་ཡིན་ཞིང་། གཞན་ཡང་རྒྱལ་ཁབ་རིམ་པའི་ལས་གཞི་སྟེ་བོད་ཡིག་ཆུ་ཚད་འཇལ་རྒྱུགས་དང་། མདོ་དབུས་མཐོ་སྒང་གི་རི་ཆུ་རིག་གནས་དང་ཁོར་ཡུག་སྲུང་སྐྱོབ་ཅེས་བྱ་བའི་ནང་ཚན་བམ་པོ་གཞོང་ཐང་རྫོང་སོགས་ཀྱི་ལས་གཞི་དུ་མ་ལ་ཞིབ་འཇུག་མཉམ་ཞུགས་བྱས་ཡོད། མིག་སྔར་གྱི་ཞིབ་འཇུག་གི་ཁ་ཕྱོགས་ལ་བོད་ཀྱི་དམངས་ཁྲོད་དད་མོས་དང་ཡུལ་སྲོལ་རིག་གནས་ཀྱི་སྐོར་སྲོག་སྙིང་དུ་བཟུང་ནས་གང་འབད་བྱེད་བཞིན་པའི་སྐབས་སོ།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།