ཀྲུང་གོ་བོད་ཀྱི་དྲ་བ།

ཀུན་སྤྱོད་ལེགས་པོ་མི་ཆོས་རྩ་བ་ཡིན།[སྒྲ་ཆ་ཚང་།]

ཡོང་ཁུངས། : སྐད་འཕྲིན།   རྩོམ་པ་པོ། : ​སློབ་དཔོན་ཆེན་མོ་བདེ་མཆོག   སྤེལ་དུས། : 2018-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བསླབ་བྱ་གནང་མཁན་ངོ་སྤྲོད།

17-441050-1.jpg

སློབ་དཔོན་ཆེན་མོ་བདེ་མཆོག་ལགས་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ། བོད་ཀྱི་བརྡ་སྤྲོད་རིག་པའི་ཆེད་མཁས་པ། མཚོ་སྔོན་ཞིང་ཆེན་གནའ་དཔེ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན། སྤྱི་ལོ1941ལོར་མདོ་སྨད་ཞོན་ཧྭ་ས་ཁུལ་དུ་སྐུ་འཁྲུངས། དགུང་ལོ་བདུན་ནས་བཟུང་བིས་མདོ་མགོན་དུ་སློབ་གཉེར་གྱི་དབུ་ཚུགས་ཏེ་ནང་དོན་རིག་པ་གཙོ་བྱས་པའི་བོད་ཀྱི་རིག་གནས་ཀུན་ལ་ནང་བྱན་ཆུད་ཅིང་། སྒོས་སུ་བོད་གངས་ཅན་ཡུལ་གྱི་སྐད་ཀྱི་བརྡ་སྤྲོད་པ་ལ་ཞིབ་འཇུག་རྡོ་རུས་ཐུག་པ་གནང་སྟེ་མཚན་སྙན་གྱི་བ་དན་ཕྱོགས་བཅུར་ཁྱབ། ད་ལྟ་ཁོང་ཉིད་ལས་འཁྱུར་ངལ་གོས་མཛད་ནའང་། སྔར་བཞིན་བཀའ་བསྟན་ལ་རྟོག་ཞིབ་གནང་ཞོར་བོད་སྐད་རྒྱང་སྒྲོག་དང་བརྙན་འཕྲིན། དགོན་སྡེ། སློབ་གྲྭ་ཆེ་འབྲིང་སོགས་ཕྱོགས་སོ་སོའི་གདན་ཞུ་ལྟར་གང་ལ་དེ་འཚམ་གྱིས་སློབ་ཁྲིད་གནང་བཞིན་བཞུགས་ལགས་སོ།།

ཁག་དང་པོ།

ཁག་གཉིས་པ། 

ཁག་གསུམ་པ། 

ཁག་བཞི་བ། 

འབྲེལ་ཡོད་གནས་ཚུལ་རགས་བཀོད།

1.png

༄༅།།མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ། བོད་ཀྱི་བརྡ་སྤྲོད་སྨྲ་བ། གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ་བདེ་མཆོག་ལགས་སྤྱི་ལོ2018ལོའི་ཟླ4པའི་ཚེས11ཉིན་གྱི་ཕྱི་དྲོར་ཁྲི་ཀ་རྟེན་རྫོང་དུ་གནས་པའི་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་ཆིབས་ཁ་བསྒྱུར་ཏེ། ཕྱི་དྲོ་དུས་ཚོད14:30ནས་སློབ་གྲྭའི་རྩལ་སྦྱོང་ར་བ་རུ། སློབ་གྲྭ་འདི་གའི་བོད་ཡིག་དགེ་རྒན་དང་། སྐད་གཉིས་དགེ་རྒན།  གཞན་ཁྲི་ཀ་ས་ཆའི་སློབ་གྲྭ་གཞན་ནས་ཕེབས་པའི་དགེ་རྒན་སོགས་དགེ་སློབ་ཉིས་སྟོང་ལྔ་བརྒྱ་ལྷག་ལ་ཀུན་སྤྱོད་སློབ་གསོའི་སྐོར་ནས་བསླབ་བྱ་ཟབ་མོ་གནང་།

དུས་ཚོད་གསུམ་ཡས་མས་སུ་ཉི་མའི་ཚ་དུགས་ཤིན་ཏུ་ཆེ་སྐབས། སློབ་གྲྭས་རྒན་ཁོང་ལ་ཉི་གདུགས་ཕུབ་པའི་རེ་ཞུ་དང་སྟ་གོན་བྱས་པར།  རྒན་མཆོག་ནས།  མི་དགོས། མི་དགོས་ཞེས་དང་།  མི་ཡིན་པ་ཚང་མ་འདྲ་འདྲ་ཡིན་པས། ང་ལ་གདུགས་བསྐོར་ན་འདི་དག་ལ་ཅི་བྱ་སོགས་ཚུར་མཐོང་སྐྱེ་བོའི་བློ་ངོར་ཤོང་དཀའ་བའི་རྣམ་ཐར་བསྐྱངས་པ་དང་།   ཇི་སྐད་དུ།  བྱང་ཆུབ་སེམས་དཔའ་བློ་ལྡན་ནི།།   རྟགས་དང་མཚན་མ་དག་ལས་ཤེས།།   ཞེས་གསུངས་པ་བཞིན། དྭངས་གཙང་ལྷད་མེད་ཀྱི་གསུང་ཚིག་འདི་ལས་ཀྱང་ང་ཚོས་རྒན་ཁོང་ནི་ཐུགས་རྒྱུད་གཞན་ཕན་ལྷག་བསམ་གྱིས་ཕྱུག་པའི་ངེས་ཤེས་འདྲོངས། 

ཁོང་ནི་ལུང་རིགས་ཀྱི་རྩལ་རྫོགས་ཤིང་མཁས་པའི་བྱ་བ་རྣམ་གསུམ་གྱིས་དུས་འདའ་ལ། ལྟོ་སྐྱ་གོས་ཧྲུལ་གྱིས་རྣམ་ཀུན་ཟས་གོས་ངན་ངོན་ཙམ་ལ་བརྟེན་ཏེ།  འདོད་ཆུང་ཆོག་ཤེས་ཀྱིས་དགུང་གྲངས་དོན་བརྒྱད་དུ་སླེབས་ནའང་། དུས་དང་རྣམ་པ་ཀུན་ཏུ་དཔེ་གཟིགས་རྐྱང་རྐྱང་དང་གཞན་ཕན་གྱི་འཕྲིན་ལས་ཁོ་ན་སྐྱོང་བས། ཁོང་ནི་སྙིགས་མ་ལྔ་བདོའི་དུས་སུ་ངུར་སྨུག་གི་ན་བཟའ་བཀླུབས་པའི་སྐལ་བ་དུས་ཀྱིས་བཅག་ནའང་། འདུལ་ཁྲིམས་རྣམ་པར་དག་ཅིང་། བྱམས་དང་སྙིང་རྗེ་ཡི་གཏེར་དུ་གྱུར་རྐྱེན་བྱང་ཆུབ་སེམས་དཔའ་མིའི་ཤ་གཟུགས་སུ་བྱོན་པ་ཁོ་ན་སྟེ། ཁོང་གི་བྱེ་མའི་ཆིངས་བུ་ལྟ་བུ་མ་ཡིན་པའི་གཏན་ཚིགས་དང་། གཞན་ཕན་གྱི་ལྷག་བསམ། ཐོས་པ་དོན་གཉེར་གྱི་སྙིང་སྟོབས། འཚོ་བར་བཟུང་བའི་འདོད་ཆུང་ཆོག་ཤེས་ཀྱི་ངང་ཚུལ་འཛིན་པའི་མཛད་རྣམ་ཁྱད་པ་བ་ལ། ང་ཚོས་ནོར་བུ་རང་ལ་ཡོད་དུས།།  ནོར་བུའི་ནོར་ཉམས་མ་ཆོད།། ནོར་བུ་གཞན་ལ་ཤོར་དུས།། སྙིང་རླུང་སྟོད་ལ་འཚང་སོང་།། ལྟ་བུའི་སྐྱོ་གར་མི་འཆམ་པར་ཧ་ཅང་གཅེས་སྤྲས་དང་རྗེས་སུ་ཡི་རངས་ཀྱིས་མངོན་པར་བསྟོད་རིགས་ཤིང་། མཐར་ཁོང་གི་སྐུ་ཚེའི་ཞབས་པད་ཀྱང་སྲིད་མཐའི་བར་དུ་བརྟན་པའི་སྨོན་ལམ་སྙིང་ནས་ཞུའོ།། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།