ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་དབུས་གཙང་ཁུལ་གྱི་གཉེན་སྒྲིག་གི་སྐོར།

ཡོང་ཁུངས། : སྐད་འཕྲིན།     སྤེལ་དུས། : 2017-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྱིམ་ཚང་གཉིས་གྲོས་འཆམ་ཚར་ནས།  ཕན་ཚུན་བར་འགྱུར་བ་མི་འགྲོ་བའི་ཆེད་དུ།  བུའི་ནང་ནས་འགྲོ་སོང་བཏང་སྟེ་བུ་མོའི་ནང་ལ་སློང་ཆང་ཞིག་གཏོང་སྲོལ་ཡོད།  དེའི་སྐབ་བུ་མོའི་ཨ་མ་ལ་ནུ་རིན་དང་། གཞན་རྣམས་ལ་གོས་སོགས་ཅ་དངོས་སྤྲོད་པ་དང་གཉེན་ཡིག་གམ། གཉེན་གན་བཟོ་སྲོལ་ཡོད།  དེ་ནས་ཚེས་བཟང་ཞིག་ལ་ལནའ་མ་སྐྱེལ་བསུ་བྱེད།  མནའ་མ་ལ་མདའ་དར་བཙུགས་པ་དང་བསུ་ཆང་སྟེར། སྒོ་ལ་འཛུལ་པ། བྲོ་འཆམ་གཉེན་འཕྲད་བྱེད་པ་སོགས་རྟེན་འབྲེལ་མང་པོ་སྒྲིག་རྒྱུ་ཡོད་པའི་སྐོར་སུངས་ཡོད།


འཆད་ཁྲིད་གནང་མཁན་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ཀྱི་ངོ་སྤྲོད་མདོར་བསྡུས།

QQ截图20170727101626.jpg

རྡོ་དགོན་གསང་བདག་རྡོ་རྗེ་ལགས་ནི་1945ལོར་འཁྲུངས། བོད་ལྗོངས་སློབ་གྲྭ་ཆེ་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་། ཞིབ་འཇུག་སློབ་མའི་སློབ་དཔོན། རིག་གཞུང་སློབ་གླིང་གི་བོད་སྐད་ཡིག་རྩོམ་རིག་གི་རྒྱལ་ཁབ་རིམ་པའི་སློབ་གསོའི་རུ་ཁག་གི་སྣེ་ཁྲིད་པ། བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་གདན་ཞུས་ཞིབ་འཇུག་པ། བོད་རང་སྐྱོང་ལྗོངས་སློབ་གསོ་ཞིབ་བཤེར་ཨུ་ཡོན། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན་ལ། 2006ལོར་རྒྱལ་ཁབ་སློབ་གསོ་པུའུ་ནས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གྲགས་ཅན་དགེ་རྒན་གྱི་མིང་གནས་བསྩལ་བ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟིགས་བཟོས་ཀྱང་མི་ཉུང་བ་ཞིག་ཐོབ་ཡོད། མི་ལོ་ལྔ་བཅུ་ཙམ་གྱི་རིང་སློབ་གསོའི་བྱ་གཞག་ཁོ་ནའི་ཐོག་ལྷག་བསམ་རྣམ་དག་གི་ཐོག་ནས་འབད་པ་ལྷོད་མེད་ཀྱིས་སློབ་མ་མང་པོ་ཞིག་གསོ་སྐྱོང་གནང་ཡོད་ཅིང་། སློབ་མ་དེ་དག་ཀྱང་རང་རང་གི་ལས་གནས་ཐོག་གཙོ་ཤུགས་ཀྱི་ནུས་པ་འདོན་བཞིན་ཡོད་ལ་སློབ་མ་མི་ཉུང་བ་ཞིག་ལ་མཐོ་རིམ་ཆེད་ལས་ཀྱི་གོ་མིང་ཡང་ཐོབ་ཡོད། སློབ་ཁྲིད་ཀྱི་ཞར་ཞོར་དུ་ཞིབ་འཇུག་གི་ལས་ཀ་རྒྱུན་འཁྱོངས་མཛད་ནས་སྙན་ངག་གི་སློབ་དེབ《མིག་ཡིད་རྣ་བའི་དགའ་སྟོན》དང་།《བོད་ཀྱི་སྤྱི་སྐད་སློབ་དེབ》  བོད་རྒྱ་དབྱིན་གསུམ་ཤན་སྦྱར་གྱི《ཞེ་སའི་ལག་དེབ་བློ་གསར་དགའ་སྟོན》 《བོད་ཀྱི་ཡུལ་སྲོལ་རྣམ་བཤད》བཅས་དང་།   《བྱིས་སྒྲུང་གྲགས་ཅན་ལྔ》ཞེས་པའི་བསྒྱུར་རྩོམ་ཞིག་བཅས་བརྩམས་དེབ་ཁག་ཅིག་དཔེ་སྐྲུན་གནང་ཡོད་པ་དང་། དཔྱད་རྩོམ་ཡང་མི་ཉུང་བ་ཞིག་བརྩམས་སྤེལ་གནང་ཡོད་ལ། བཅད་ལྷུག་སྤེལ་གསུམ་གྱི་སྒྱུ་རྩལ་གྱི་བརྩམ་བྱ་ཡང་མང་པོ་ཞིག་རྩོམ་སྤེལ་མཛད་དེ་དུས་དེབ་ཁག་ནང་འཁོད་པ་རྣམས་ལ་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།