《ཀུན་བཟང་དགོངས་རྒྱན》གྱི་ཁག་བཞི་བ།

《ཀུན་བཟང་དགོངས་རྒྱན》གྱི་ཚན་པ་བཅུ་དགུ་བ།

《ཀུན་བཟང་དགོངས་རྒྱན》གྱི་ཚན་པ་ཉི་ཤུ་བ།

《ཀུན་བཟང་དགོངས་རྒྱན》གྱི་ཚན་པ་ཉེར་གཅིག་པ།

《ཀུན་བཟང་དགོངས་རྒྱན》གྱི་ཚན་པ་ཉེར་གཉིས་པ།

《ཀུན་བཟང་དགོངས་རྒྱན》གྱི་ཚན་པ་ཉེར་གསུམ་པ།

《ཀུན་བཟང་དགོངས་རྒྱན》གྱི་ཚན་པ་ཉེར་བཞི་བ།

386.jpg

དགེ་བའི་བཤེས་གཉེན་བདེ་མཆོག་ལགས་ནི་སྤྱི་ལོ་༡༩༤༡ཁྱུ་མཆོག་ཅེས་པ་ལྕགས་མོ་སྤྲུལ་ལོའི་ཧོར་ཟླ་༩བའི་ཚེས་༢༢ཉིན་མཚོ་སྔོན་ཞིན་ཧྭ་ས་ཁུལ་དུ་སྐུ་འཁྲུངས། དགུང་ལོ་བདུན་སྟེང་བིས་མདོ་དགོན་ཆེན་གྱི་ཆོས་སྒོར་ཞུགས། དགེ་བའི་བཤེས་གཉེན་རྗེ་ཐུབ་བསྟན་དོན་གྲུབ་སོགས་བསྟེན་ཏེ་རིག་པའི་གཞུང་ལ་སྦྱངས་པ་མི་དམན་པ་མཛད། དགུང་ལོ་བཅོ་བརྒྱད་པར་གཡོན་ཕྱོགས་གི་སྲིད་ཇུས་དབང་གིས་ཞིང་ཆེན་མི་རིགས་སློབ་གྲྭར་ཞུགས་ནས་ལོ་ངོ་གསུམ་ལ་རྩིས་དངོས་རྫས་གསུམ་དང་རྒྱ་ཡིག་སོགས་ལེགས་པར་སྦྱངས། སློབ་མཐར་ཕྱིན་རྗེས་ཞིང་ཆེན་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་བསྒྲུབས། དེ་ནས་ལོ་འགའི་རྗེས་སུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གི་དགེ་རྒན་གྱི་འགན་བཞེས། དེ་དུས་སུའང་། རྗེ་ཤར་གདོང་རིན་པོ་ཆེ་སོགས་དགེ་བའི་བཤེས་གཉེན་ཆེན་པོ་དུ་མར་ཚུལ་བཞིན་བསྟེན་ནས་ཐུན་མོང་དང་ཐུན་མོང་མིན་པའི་རིག་པའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད།NRkཀྲུང་གོ་བོད་ཀྱི་དྲ་བ།

wKgMEFiv4BGAOeIVAACBmB5-JPw721.jpgNRkཀྲུང་གོ་བོད་ཀྱི་དྲ་བ།

ཁོང་གིས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ། བོད་ཡིག་ཆེད་གཉེར་གྱི་སྐལ་ལྡན་རྣམས་ལ་སུམ་རྟགས་དག་གསུམ་དང་། སྙན་ངག སྐྱབས་འགྲོ། ལམ་མཆོག་སྒོ་འབྱེད། ལམ་རིམ་ཆེན་མོ། སྤྱོད་འཇུག་ཆེན་མོ། ཐུའུ་བཀྭན་གྲུབ་མཐའ། བསྡུས་གྲྭ བོད་ཀྱི་གནའ་རྩོམ་སོགས་འཆད་ཁྲིད་མཛད་ནས་རིག་པའི་སྒོ་མོ་ཆེས་ཆེར་ཕྱེ། ལས་ཞོར་དུ་མཚོ་སྔོན་སློབ་གསོའི་དུས་དེབ་ཐོག་ཏུ་དྲི་བ་དྲིས་ལན་མང་པོ་སྤེལ། ཁོང་གིས་སུམ་རྟགས་ཀྱི་གཞུང་རྒྱས་བསྡུས་འཚམ་པ་ཞིག་བརྩམས་གྲུབ་བྱུང་ཡང་སྔོན་བྱོན་མཁས་དབང་རྣམས་ཀྱི་བརྩམས་ཆོས་ཡོད་བཞིན་དུ་བདག་གིས་བྲིས་པས་ཅི་བྱ་ཞེས་ཁེངས་སྐྱུང་བྱས་ནས་པར་སྐྲུན་མ་བྱས་པར་ལུས།NRkཀྲུང་གོ་བོད་ཀྱི་དྲ་བ།

མདོར་ན། ཁོང་གིས་རང་གི་སྙན་གྲགས་དང་ཁེ་ཕན་ལ་དམིགས་པའི་རྩ་བ་འགོ་བའི་ནད་བཞིན་དུ་དོར་ཞིང་བོད་ཀྱི་རིག་གནས་དང་སློབ་གསོའི་ལས་དོན་ལ་བརྩོན་པ་མཐའ་གཅིག་ཏུ་གཞོལ་བ་ལགས་སོ། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།