ཀྲུང་གོ་བོད་ཀྱི་དྲ་བ།

ཆུ་ལོག་ལ་འཕྲད་ན་རང་སྐྱོབ་ཇི་ལྟར་བྱེད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(1)སེམས་པ་ཞི་ལྷོད་ཀྱི་སྒོ་ནས་མགྱོགས་མྱུར་ངང་མཐོ་སར་འགྲོ་དགོས་པ་སྟེ། དཔེར་ན་རི་སྟེང་དང་སྡོང་མགོ། ས་རྨང་བརྟན་པའི་ཁང་ཀླད་སོགས་སུ་སྤོ་དགོས། ཆུ་ལོག་གི་བཞུད་ལམ་དུ་འགྲོ་མི་རུང་བར་མཉམ་འཇོག་དགོས། ཀི་འདེབས་ཞོར་དང་འགྲོ་ཞོར་མི་བྱེད་པར་ལུས་ཤུགས་ཉར་དགོས།

(2)དུས་ལྟར་ས་གནས་སྲིད་གཞུང་གི་ཞོད་འགོག་ལས་ཁུངས་དང་འབྲེལ་གཏུགས་བྱས་ཏེ། རོགས་སྐྱོར་འཚོལ་དགོས།

(3)གལ་ཏེ་ཆུ་ལོག་གིས་འཁྱེར་ན། གང་ནུས་ཀྱིས་ཤིང་སྡོང་དང་སྡོང་བོའི་ཡལ་ག་སོགས་གཏན་འཇགས་དངོས་པོར་དམ་དུ་འཛིན་དགོས།

(4)མཚན་མོར་གློག་སྒྲོན་དང་ལག་འཁྱེར་ཁ་པར། འཚེར་འོད་གློག་སྒྲོན་སོགས་སྤྱད་དེ་འཚོལ་སྐྱོབ་མི་སྣའི་དོ་སྣང་སློང་བ་དང་། ཉིན་མོར་ལག་འདོགས་ཆུ་ཚོད་དང་མེ་ལོང་སོགས་ལྡོག་འོད་བྱེད་ནུས་པའི་དངོས་ཟོག་སྤྱད་ཆོག །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།