ཀྲུང་གོ་བོད་ཀྱི་དྲ་བ།

རིག་ཚན་ཕྱོགས་བསྡུས་ནུས་པའི་ཚད་ལེན་རྒྱུགས་གཞི།

ཡོང་ཁུངས། : བོད་ཀྱི་སློབ་གསོ     སྤེལ་དུས། : 2016-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2005 ལོའི་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུགས་གཞི་ལས།

རིག་ཚན་ཕྱོགས་བསྡུས་ནུས་པའི་ཚད་ལེན་རྒྱུགས་གཞི།

----------------------------------------------------------------

རྒྱུགས་གཞི་འདི་རྒྱུགས་ཤོག (གདམ་བཀོད་འདྲི་གཞི)དང་རྒྱུགས་ཤོག (གདམ་བཀོད་མིན་པའི་འདྲི་གཞི)ཏེ་ཁག་གཉིས་སུ་དབྱེ་ཡོད། རྒྱུགས་ལན་བཏབ་ཚར་རྗེས་རྒྱུགས་ཤོག་འདི་དང་དྲིས་ལན་འདེབས་ཤོག་གཉིས་ཀ་མཉམ་གཅིག་ཏུ་སྤྲོད་དགོས།

 

རྒྱུགས་ཤོག

ཡིད་འཇོག་བྱེད་དགོས་པའི་དོན་ཚན།

རྒྱུགས་ཤོག་དང་པོར་ལན་མ་བཏབ་པའི་སྔོན་ལ། སློབ་མས་ངེས་པར་དུ་རང་གི་རུས་མིང་དང་རྒྱུགས་ལེན་འཛིན་བྱང༌། རྒྱུགས་སྤྲོད་སྡེ་ཚན་བཅས་ཚང་མ་དྲིས་ལན་འདེབས་ཤོག་ཐོག་ཏུ་འབྲི་དགོས།

 འདྲི་གཞི་ཆུང་བ་རེར་དྲིས་ལན་བདམས་རྗེས། ཞ་སྨྱུག་གིས་དྲིས་ལན་འདེབས་ཤོག་སྟེང་གི་ལྟོས་ཟླའི་དྲིས་ལན་ཨང་རྟགས་ནག་པོར་བྱུག་དགོས།

གལ་ཏེ་བཅའ་དགོས་ཚེ། འགྱིག་སུབ་ཀྱིས་གཙང་མར་བསུབས་རྗེས། དྲིས་ལན་གཞན་པ་འདེམ་པ་ལས་ཐད་ཀར་རྒྱུགས་ཤོག་ཐོག་ཏུ་འབྲི་མི་རུང༌།

རྒྱུགས་ཤོག་འདིར་བསྡོམས་པས་འདྲི་གཞི་ཆུང་བ 35 ཡོད་ལ། འདྲི་གཞི་ཆུང་བ་རེར་སྐར་མ 4 རེ་སྟེ་སྡོམ་སྐར 140 ཡིན། འདྲི་གཞི་རེར་བཀོད་པའི་གདམ་བྱ་བཞི་ལས་གཅིག་ཁོ་ན་འདྲི་གཞིའི་ནང་དོན་དང་མཐུན་པ་ཡིན།

2004 ལོའི་ཟླ 7 པའི་ཚེས 28 ཉིན། རང་རྒྱལ་གྱི་བྱང་སྣེའི་ཚན་རིག་རྟོག་ཞིབ་ས་ཚིགས་ཏེ་རྨ་ཆུ་ས་ཚིགས( 78 。 55 ˊN , 11 。 56 ˊ E )བཙུགས།

འདི་གཞིར་བཟུང་ནས་འདྲི་གཞི 1 ~ 2 པར་ལན་ཐོབས།

 

1. རྨ་ཆུ་ས་ཚིགས་ནས་ལྷོ་ཕྱོགས་སུ་སོང་ཚེ། སླེབ་ཐུབ་པ་ནི།

A. སི་ཁེན་ཏི་ནཱ་ཝེ་ཡ་ཕྱེད་གླིང༌། B. ཞི་པོ་ལི་ཡ། C. ཨ་ལ་སི་ཅཱ། D. སྦ་རི་ཐི་ཤི་ཆེན་པོ་ཕྱེད་གླིང༌།

 

2. རྨ་ཆུ་ས་ཚིགས་ནས་བྱང་སྣེ་ས་ཚིགས་ཀྱི་བར་ཐག་ནི་ཧ་ལམ།

 

སྟོང་སྨི 600 B. སྟོང་སྨི 900 C . སྟོང་སྨི 1200 D. སྟོང་སྨི 1500

 

 2005 ལོའི་ཟླ 3 པའི་ཚེས 28 ཉིན་གྱི་དུས་ཚོད 23 དང་སྐར་མ 9 (ཤར་གྱི་ཁུལ 7 པའི་ས་ཁུལ་དུས་ཚོད)ཡི་སྟེང་དུ། ཧིན་རྡུ་ཉི་ཞི་ཡའི་ཉི་ཡ་སི་གླིང་ཕྲན་ཉེ་འདབས་ཀྱི་མཚོ་རྒྱུད་དུ་རིམ་པ 8.7 ཅན་གྱིས་ས་འགུལ་དྲག་པོ་བྱུང༌། མ་འགྱངས་པར་ཡང་གླིང་ཕྲན་དེའི་ནུབ་ནས་བྱང་དུ་ཅུང་ཡོ་བའི་སྟོང་སྨི 100 ཡི་མཚོ་གཏིང་དང་དེའི་ལྷོ་ཕྱོགས་ཀྱི་ཧ་ལམ་སྟོང་སྨི 190 ཡི་མཚོ་གཏིང་ནས་སྔ་གཞུག་ཏུ་འཕྲོ་ལུས་ས་འགུལ་དྲག་པོ་བྱུང༌། ས་འགུལ་དེ་དག་ཚང་མ་དུམ་ལེབ་ས་མཚམས་ཆེན་པོ་གཉིས་དང་ཉེ་བའི་ས་ཆ་རུ་བྱུང་བ་ཡིན། འདི་གཞིར་བཟུང་ནས་འདྲི་གཞི 3 ~ 5 བར་ལན་ཐོབས།

 

3. རིམ་པ 8.7 ཅན་གྱི་ས་འགུལ་དེ་བྱུང་སྐབས། ཉིའུ་ཡུའེ་ཡི་དུས་ཚོད་ནི།

 

ཚེས 29 ཉིན་གྱི་དུས་ཚོད 10 དང་སྐར་མ 9 ཡིན།

 

ཚེས 27 ཉིན་གྱི་དུས་ཚོད 11 དང་སྐར་མ 9 ཡིན།

 

  ཚེས 27 ཉིན་གྱི་དུས་ཚོད 12 དང་སྐར་མ 9 ཡིན།

 

  ཚེས་ 28 ཉིན་གྱི་དུས་ཚོད 11 དང་སྐར་མ 9 ཡིན།

4. གླིང་ཕྲན་དེའི་ཉེ་འདབས་ཀྱི་དུམ་ལེབ་མཐའ་མཚམས་མཚོ་ལུང་གི་འགྲོ་ཕྱོགས་ནི།

 

A. ཤར་ནུབ་ཕྱོགས། B. བྱང་ཤར་ནས་ལྷོ་ནུབ་ཕྱོགས།

 

C. ལྷོ་བྱང་ཕྱོགས། D. ནུབ་བྱང་ནས་ཤར་ལྷོའི་ཕྱོགས།

 

5. མཚོ་ལུང་དེའི་གཞོགས་གཉིས་ཀྱི་དུམ་ལེབ་ནི།

 

ཡ་གླིང་དང་ཡོ་གླིང་དུམ་ལེབ། ཞི་བདེ་རྒྱ་མཚོ་དུམ་ལེབ།

 

 ལྷོ་སྣེ་གླིང་དུམ་ལེབ་དང༌། ཧིན་རྡུ་རྒྱ་མཚོ་དུམ་ལེབ།

 

 ཡ་གླིང་དང་ཡོ་གླིང་དུམ་ལེབ་དང༌། ཧིན་རྡུ་རྒྱ་མཚོ་དུམ་ལེབ།

 

 ཧིན་རྡུ་རྒྱ་མཚོ་དུམ་ལེབ་དང༌། ཧྥེ་གླིང་དུམ་ལེབ།

 

དཔེ་རིས 1 ལས་འཛམ་གླིང་གི་ས་གནས་བཞིའི་དྲོད་ཚད་དང་ཆར་ཆུ་འབབ་པའི་གནས་ཚུལ་མཚོན་ཡོད། དེ་གཞིར་བཟུང་ནས་འདྲི་གཞི 6 ~ 9 བར་ལན་ཐོབས།

 

6. ཚ་ཁུལ་ནམ་ཟླའི་ཁུལ་དུ་ཡོད་པའི་ས་གནས་ནི།

① B. ② C. ③ D. ④

7 .སའི་གོ་ལའི་ཕྱེད་ལྷོ་མར་ཡོད་པའི་ས་གནས་ནི།

A. ① B. ② C. ③ D. ④

8 .ས་དབུས་རྒྱ་མཚོའི་ནམ་ཟླའི་ཁུལ་དུ་ཡོད་པའི་ས་གནས་ནི།

A. ①② B. ②③ C. ③④ D. ④①

9 . འཕྲེད་ཚད་འབྲིང་བ་དང་མཐོ་བའི་སྐམ་ས་ཆེན་པོའི་ཤར་ངོགས་སུ་ཡོད་པའི་ས་གནས་ནི།

A. ① B. ② C. ③ D. ④

དཔེ་རིས 2 པ་ལས་ཀྲུང་གོ་དང༌། འཇའ་ཕན། ཧན་གོ་བཅས་ཀྱི 2000 ལོའི་སྔོ་ཚོད་ཉོ་ཚོང་གི་འབྲེལ་བ་མཚོན་ཞིང༌། དཔེ་རིས་ཁྲོད་ཀྱི་མདའ་རྟགས ①~⑥ གིས་ཉོ་ཚོང་གི་ཁ་ཕྱོགས་མཚོན། དེ་དང་མཐུན་པའི་ཉོ་ཚོང་ཚད་རེའུ་མིག 1 ལ་ལྟོས། འདིར་གཞིར་བཟུང་ནས་འདྲི་གཞི 10 ~ 11 པར་ལན་ཐོབས།

10 .ཀ་པ་དང༌། ཁ་པ། ག་པ་བཅས་ཀྱིས་མཚོན་པའི་རྒྱལ་ཁབ་ཀྱི་རིམ་པ་ནི།

A. ཧན་གོ་དང་འཇའ་ཕན། ཀྲུང་གོ B. འཇའ་ཕན་དང་ཀྲུང་གོ ཧན་གོ

C. འཇའ་ཕན་དང་ཧན་གོ ཀྲུང་གོ D. ཀྲུང་གོ་དང་ཧན་གོ འཇའ་ཕན།

11 .རྒྱལ་ཁབ་ཀ་པས་ལོ་རེར་སྔོ་ཚོད་འབོར་ཆེན་ནང་འདྲེན་བྱེད་པའི་རྒྱུ་མཚན་ཞིག་ནི།

A. ནམ་ཟླ་སྔོ་ཚོད་འདེབས་འཛུགས་བྱེད་པར་མི་འཚམ་པ།

B. ཞིང་ལས་སུ་སྤྱོད་པའི་སའི་བསྡུར་ཚད་ཆུང་ཞིང༌། སྔོ་ཚོད་འདེབས་འཛུགས་ཀྱི་མ་རྩ་མཐོ་བ།

C. རི་ཁུལ་མང་ལ། འགྲིམ་འགྲུལ་སྟབས་མི་བདེ་བ།

D. ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཞན་ལ། ཞིང་ལས་ལ་ཞིབ་ཆ་མེད་པ།

ཀྲུང་གོའི་ལོ་རྒྱུས་ཐོག་ཏུ། རྒྱུན་ཏུ་བསམ་བློ་རིག་གནས་སྣ་ཚོགས་ཀྱི་བར་དུ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཕན་ཚུན་བསྡུ་ལེན་བྱེད་པའི་གནས་ཚུལ་མཐོང་ཐུབ། འདི་གཞི 12 ~ 15 བར་ལན་ཐོབས།

12 .རྒྱལ་རབས་ལྷོ་བྱང་གི་དུས་སྐབས་སུ། ཐའོ་ཧུང་ཅིན་བྱ་བས་ཏའོ་ཅའོ་ཆོས་ལུགས་ཀྱི་དྲང་སྲོང་གི་གྲུབ་མཐའི་སྲོལ་བཏོགད་ཅིང༌། དེའི་ནང་དུ་བསྡུ་ལེན་བྱས་པ་ནི།

A. སངས་རྒྱས་ཆོས་ལུགས་ཀྱི་སྙིང་བོ། B. ཧྥ་ལུགས་པའི་བསམ་བློ།

C. མོ་ཙིའི་རིག་གཞུང༌། D. 《 ལྷ་མེད་སྨྲ་བའི》ལྟ་ཚུལ།

13 .སུང་རྒྱལ་རབས་ཀྱི་ཀྲུའུ་ཞི་བྱ་བ་འཐུས་ཚབ་ཡིན་པའི་རུའུ་ལུགས་གསར་བས་བསྡུ་ལེན་བྱས་པའི་བསམ་བློ་ནི།

A. སངས་རྒྱས་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས་ཀྱི་བསམ་བློ།

B. ཧྥ་ལུགས་པའི་བསམ་བློ་དང 《 ཆོས་འཇིག་རྟེན་གཉིས་ལ་ཕན་པའི 》 རིག་གཞུང༌།

C. སངས་རྒྱས་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས། ཧྥ་ལུགས་བཅས་ཀྱི་བསམ་བློ།

D. སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་དང 《  ཆོས་འཇིག་རྟེན་གཉིས་ལ་ཕན་པའི 》བསམ་བློ།

14.ཆིང་རྒྱལ་རབས་ཀྱི་དབང་སྒྱུར་མགོ་རྟིང་སློག་ཆེད། ཧུང་ཞིའུ་ཆོན་གྱིས་ལྷའི་དབང་བོར་བཀུར་བའི་ཆོས་ལུགས་གསར་གཏོད་བྱས་ཤིང༌། དེའི་ཆོས་ཀྱི་སྙིང་བོ་རུ་བསམ་བློ་སྣ་ཚོགས་ཕྱོགས་བསྡུས་བྱས་ཡོད་ལ། གཙོ་བོ་ནི།

A. ནུབ་ཕྱོགས་ཡེ་ཤུའི་ཆོས་ལུགས་ཀྱི་སྙིང་བོ། B. འབྱོར་ལྡན་གྲལ་རིམ་གྱི་བློ་སྒོ་འབྱེད་པའི་བསམ་བློ།

C. ཞིང་པའི་ཆ་སྙོམས་རིང་ལུགས། D. རུའུ་ལུགས་པའི་སྤྱི་སྙོམས་ཆེན་པོའི་བསམ་བློ།

A. ① ② ③ B. ① ② ④ C. ① ③ ④ D. ② ③ ④

15.ཁང་ཡིའུ་ཝེའི་གསར་བཅོས་བསམ་བློ་དེས་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་ཆབ་སྲིད་རིག་གཞུང་གི་ནང་དོན་བསྡུ་ལེན་བྱས་ཤིང༌། དེལས་ཆེས་གཙོ་བོ་ནི།

A. དམངས་གཙོའི་སྤྱི་མཐུན་བསམ་བློ། B. དབང་གསུམ་ཁག་དབྱེའི་རིག་གཞུང༌།

C. རྩ་ཁྲིམས་ཀྱིས་བཅད་པའི་རྒྱལ་པོའི་བསམ་བློ། D. མི་ཆོས་རིང་ལུགས་ཀྱི་བསམ་བློ།

རིག་གནས་སློབ་གསོའི་འཕེལ་རྒྱས་དེ་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་ཡར་རྒྱས་དང་ཕན་ཚུན་དམ་དུ་འབྲེལ་ཡོད། འདྲི་གཞི16~20བར་ལན་ཐོབས།

16.ཕྱི་རྒྱལ་གྱི་སློབ་གཉེར་པ་ཐང་རྒྱལ་རབས་ཀྱི་སྔོན་ཐོན་རིག་གནས་སློབ་པར་མངག་གཏོང་བྱས་ཏེ། རང་རྒྱལ་གྱི་ཆབ་སྲིད་དང་དཔལ་འབྱོར་བཅོས་སྒྱུར་ལ་སྐུལ་འདེད་བྱས་པའི་རྒྱལ་ཁབ་ནི།

A. ཐེན་ཀྲུའུ། B. འཇའ་ཕན། C. ཞིན་ལུའོ། D. པར་སིག

17.ཀྲུང་གོའི་ཉེ་རབས་སུ་སྲིད་གཞུང་གིས་ཐེངས་དང་པོར་སློབ་གཉེར་པས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་མངགས་པ་ནི།

A. ཉལ་ཐའི་དམག་འཁྲུག་གི་སྐབས། B. ཉལ་ཐའི་དམག་འཁྲུག་ཐེངས་གཉིས་པའི་སྐབས།

C. ཕྱི་ལུགས་གཉེར་བའི་ལས་འགུལ་གྱི་སྐབས། D. ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག་གི་རྗེས།

18.ས་ཁྱི་ལོའི་ལུགས་སྒྱུར་གྱི་རིག་གནས་སློབ་གསོ་ཕྱོགས་ཀྱི་ནང་དོན་གཙོ་བོར་མི་གཏོགས་པ་ནི།

A. རྒྱལ་སའི་སློབ་གྲྭ་ཆེན་མོ་གསར་སྒྲུབ་བྱས་པ། B. ཡན་ལག་བརྒྱད་ལྡན་གྱི་རྩོམ་ཚུལ་དོར་བ།

C. ཡིག་སྒྱུར་ཅུའུ་བཙུགས་པ། C. ཚན་འབྱེད་རྒྱུགས་ལེན་དོར་བ།

19.ཀྲུང་ཧྭ་མིན་གོ་དབུ་བརྙེས་རྗེས། གནས་སྐབས་སྲིད་གཞུང་གིས་སློབ་གསོའི་ཕྱོགས་སུ།

A. 《 བསམ་བློ་རང་དབང》དང༌། 《 མ་ལུས་ཀུན་བཏུས》འདོན་སྤེལ་བྱས།

B. རུའུ་ལུགས་གསུང་རབ་བཀླག་པར་སྐུལ་འདེད་བྱས།

C. སློབ་དེབ་ངེས་པར་དུ་གུང་ཧོ་མིན་གོའི་དགོངས་དོན་དང་མཐུན་དགོས་པ་གཏན་ཁེལ་བྱས།

D. ཆིང་སྲིད་གཞུང་གི་འགྲེམ་སྤེལ་བྱས་པའི་སློབ་དེབ་མུ་མཐུད་དུ་སྤྱོད་ཆོག་པར་བྱས།

20.1977ལོར་ཏིན་ཞའོ་ཕེན་གྱི་བྱ་བ་སྒྲུབ་དབང་སླར་གསོ་བྱས་རྗེས་ཁོང་གིས་ཚན་རིག་དང་སློབ་གསོ། རིག་གནས་ཀྱི་ཁྱབ་ཁོངས་ལ་དག་ཐེར་གང་ལེགས་བྱས། དེའི་ནང་དོན་གཙོ་བོ་ལ་འདི་དག་འདུས་ཏེ།

①  ཤེས་བྱར་བརྩི་འཇོག་དང༌། མི་འཇོན་ཐང་ཅན་ལ་མཐོང་ཆེན་བྱེད་པའི་འདོད་ཚུལ་བཏོན་པ།

②  རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་གཅིག་གྱུར་རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སླར་གསོ་བྱས་པ།

③  1978ལོའི་ལོ་མགོར་རྒྱལ་ཡོངས་ཀྱི་ཚན་རིག་ཚོགས་ཆེན་བསྡུས་པ།

④  གཞི་ཁྱོན་ཆེན་པོའི་སྒོ་ནས་ཉེས་མེད་ནག་འགེལ་གྱི་གྱོད་གཞི་དཀར་འདོན་བྱས་པ།

A.①  ②  ③    B. ①  ②  ④   C. ①  ③  ④   D. ②  ③  ④

འཇའ་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོ་མི་དམངས་ཡོངས་ལ་མཐུན་སྒྲིལ་གྱིས་འཇའ་འགོག་བྱེད་པའི་དར་ཆ་ཡིན། འདྲི་གཞི21~23པར་ལན་ཐོབས།

21.ཀྲུང་གུང་ཀྲུང་དབྱང་གིས་ཝ་ཡའོ་པོའི་གྲོས་ཚོགས་སྟེང་དུ་འཇའ་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་འཛུགས་པའི་བྱེད་ཕྱོགས་གཏན་ཁེལ་བྱས། དེལྟརགཏན་ཁེལ་བྱས་པའི་གཞི་འཛིན་ས་གཙོ་བོ་ནི།

A. རྒྱལ་ནང་གི་གྲལ་རིམ་འགལ་བ་ཛ་དྲག་ཏུ་གྱུར་པ།

B. གོ་མིན་ཏང་གི་དཔུང་སྒར་ཐོར་བ།

C. ཀྲུང་འཇའ་བར་གྱི་མི་རིགས་འགལ་བ་དེ་འགལ་བ་གཙོ་བོར་གྱུར་པ།

D. འཇའ་འགོག་རྒྱལ་སྐྱོབ་ལས་འགུལ་གྱི་མཐོ་རླབས་འཕྱུར་བ།

22.གོ་གུང་མཉམ་ལས་རྨང་གཞི་ཡིན་པའི་འཇའ་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་དངོས་སུ་བཙུགས་པའི་མཚོན་རྟགས་ནི།

A. ཞིན་ཨན་དུས་འགྱུར་ཞི་བའི་ངང་ཐག་གཅོད་བྱས་པ།

B. གོ་མིན་སྲིད་གཞུང་གིས་རང་སྲུང་བསྒྲགས་གཏམ་སྤེལ་བ།

C. ཀྲུང་གོའི་བཟོ་ཞིང་དམར་དམག་དེ་དམག་སྡེ་བརྒྱད་པ་དང། དམག་དཔུང་ཅུན་བཞི་བར་བསྐྱར་སྒྲིག་བྱས་པ།

D. གོ་མིན་ཏང་གིས་ཀྲུང་གུང་ཀྲུང་དབྱང་གིས་སྤྲད་པའི་གོ་གུང་མཉམ་ལས་ཀྱི་བསྒྲགས་གཏམ་ཁྱབ་བསྒྲགས་བྱས་པ།

23.འཇའ་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་རྒྱ་བསྐྱེད་པའི་ཆེད་དུ། འཇའ་འགོག་གནས་གཞི་ས་ཁུལ་གྱིས་སྲིད་དབང་འཛུགས་པའི་ཐད་དུ་ལག་བསྟར་བྱས་པའི་བྱེད་ཐབས་གཙོ་བོ་ནི།

A.ཆབ་སྲིད་གྲོས་མོལ་ལམ་ལུགས་བཙུགས་པ། B.“གསུམ་གསུམ་ལམ་ལུགས”ལག་བསྟར་བྱས་པ།

. C. བོགས་འཕྲི་སྐྱེད་གཅོག་ལག་བསྟར་བྱས་པ། D.ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་སྤེལ་བ།

དངུལ་ལོར་ནི་ང་ཚོས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་རྒྱུན་མཐོང་གི་དངོས་པོ་ཞིག་ཡིན་ལ། དེས་དཔལ་འབྱོར་འཚོ་བའི་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད། འདྲི་གཞི24~26པར་ལན་ཐོབས།

24.ཀྲང་ལགས་ཀྱིས་ཚོང་ཁང་དུ་གོང་བཅག་པའི་ཚོང་རྫས་ཤིག་ཉོས། སྔར་གྱི་གསལ་བཀོད་རིན་གོང་ནི་མི་དམངས་ཤོག་སྒོར50ཡིན་ལ། དོན་དངོས་སུ་སྒོར་40སྤྲད། ཉོ་སྒྲུབ་བྱ་འགུལ་དེའི་ནང་དུ། དངུལ་ལོར་གྱིས་ལག་བསྟར་བྱེད་པའི་འགན་ནུས་ནི།

A.དངུལ་སྤྲོད་པའི་ཐབས། B.འཁོར་རྒྱུག་བྱེད་ཐབས།

C.རིན་ཐང་གི་ཚད། D.གསོག་ཉར་བྱེད་ཐབས།

25.ཀྲང་ལགས་ཀྱིས་སྔར་དྲ་རྒྱའི་ངོས་སུ་གསལ་བཀོད་རིན་གོང་ཡོ་སྒོར5ཅན་གྱི་རྒྱན་ཆ་ཆུང་ཆུང་ཞིག་མཐོང་ཞིང༌། སྐབས་དེའི་དངུལ་བརྗེས་འཛའ་ཐང་ནི་ཡོ་སྒོར1=མི་དམངས་ཤོག་སྒོར10ཡིན། ཟླ་གཅིག་འགོར་རྗེས། ཡོ་སྒོར་གྱི་རིན་ཐང5%འཕར། སྐབས་དེར། མི་དམངས་ཤོག་སྒོར་གྱིས་དངོས་པོ་དེ་ཉོ་ཚེ། ཟླ་སྔོན་མ་དང་བསྡུར་ན།

A.མི་དམངས་ཤོག་སྒོར0.5མང་དུ་སྟེར་དགོས། B.མི་དམངས་ཤོག་སྒོར0.5ཉུང་དུ་སྟེར་དགོས།C.མི་དམངས་ཤོག་སྒོར2.5ཉུང་དུ་སྟེར་དགོས། D.མི་དམངས་ཤོག་སྒོར2.5མང་དུ་སྟེར་དགོས།

26.“ལྔ་གཅིག”གུང་གསེང་གི་གཟའ་འཁོར་ནང་དུ། ཀྲང་ལགས་ལྗོངས་རྒྱུར་འགྲོ་སྐབས། སྒོར20ཅན་གྱི་ལྗོངས་རྒྱུའི་ཉེན་འགོག་འགན་ལེན་ཉོས་པ་རེད། ཀྲང་ལགས་ལ་མཚོན་ན། ཉེན་འགོག་འགན་ལེན་ཉོ་སྒྲུབ་ཀྱི་སྤྱོད་ལམ་དེ་ནི་གང་ལ་གཏོགས་པ་ཡིན།

A.དངུལ་གསོག་ཉར་གྱི་སྤྱོད་ལམ། B. མ་དངུལ་འཇོག་པའི་སྤྱོད་ལམ།

C.བརྗེ་རེས་ཀྱི་སྤྱོད་ལམ། D.ཐོན་སྐྱེད་ཀྱི་སྤྱོད་ལམ།

མིག་སྔར་རང་རྒྱལ་ནི་སྤྱི་ཚོགས་རང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པས། དབང་བའི་ལམ་ལུགས་ཀྱི་རྣམ་པ་དང་བགོ་བཤའ་རྒྱག་སྟངས་ཤིན་ཏུ་མང་བ་ཡིན། འདྲི་གཞི27~28པར་ལན་ཐོབས།

27.གཤམ་གསལ་ལས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་གཏོགས་པ་ནི།

A. མཉམ་བསྲེས་ལ་དབང་བའི་ལམ་ལུགས་དཔལ་འབྱོར་ཁྲོད་ཀྱི་ཐུན་མོང་གི་ཆ།

B. མཉམ་བསྲེས་ལ་དབང་བའི་ལམ་ལུགས་དཔལ་འབྱོར་ཁྲོད་ཀྱི་ཕྱི་དངུལ་གྱི་ཆ།

C. རྐང་དངུལ་ཚད་ཡོད་ཀུང་ཟིའི་ཁྲོད་ཀྱི་སྤྱི་དམངས་ཀྱི་རྐང་དངུལ།

D. མཉམ་སྡེབ་ཁེ་ལས།

28.སྒེར་གཉེར་ཁེ་ལས་ཁྲོད་ཀྱི་བཟོ་པར་ཐོབ་པའི་གླ་ཕོགས་ཀྱི་ཡོང་སྒོ་དེ་ཚན་པ་གང་ལ་གཏོགས།

A.རྩོལ་བསྟུན་ཐོབ་སྤྲོད། B.དོ་དམ་རྒྱུ་རྐྱེན་ལྟར་བགོ་བ།

C.ངལ་རྩོལ་འབྲས་བུ་ལྟར་བགོ་བ། D.ངལ་རྩོལ་རྒྱུ་རྐྱེན་ལྟར་བགོ་བ།

“སྐྱོན་ཆ་ཆུང་བས་དེ་ལྟར་བྱས་ཀྱང་སྐྱོན་མེད་འདོད་མི་རུང་ལ། དགེ་བ་ཆུང་བས་དེ་ལྟར་མ་བྱས་ཀྱང་སྐྱོན་མེད་འདོད་མི་རུང”ཞེས་པའི་གནའ་བོའི་

བསླབ་བྱ་འདིར་ད་ལྟའི་བར་དུ་ད་དུང་དངོས་ཡོད་ཀྱི་དོན་སྙིང་ཟབ་མོ་ལྡན་པ་རེད། འདྲི་གཞི29~30བར་ལན་ཐོབས།

29.ཚིག་འདིའི་མཚན་ཉིད་རིག་པའི་ཐད་ཀྱི་གཞི་འཛིན་ས་ནི།

①ཚད་འགྱུར་གྱི་གསོག་འཇོག་ལས་སྤུས་འགྱུར་བཟོ་ཐུབ།

②དགེ་སྐྱོན་ཉིད་ནི་སྤུས་ཀ་མི་འདྲ་བའི་བྱ་དངོས་ཤིག་ཡིན།

③འགལ་བ་གཙོ་བོ་དང་ཕལ་བ་དེ་ཕན་ཚུན་ལ་བསྒྱུར་ཆོག

④འགལ་བའི་ཕྱོགས་གཙོ་བོ་དང་ཕལ་བ་དེ་ཕན་ཚུན་ལ་བསྒྱུར་ཆོག

A.①③ B.①④ C.①② D.②③

30.ཚིག་དེའི་དངོས་ཡོད་དོན་སྙིང་གིས་ང་ཚོར་སྐུལ་མ་བཏང་བ་ནི།

①སྔོན་ཐོན་མི་སྣ་མིག་དཔེར་བྱས་ནས་ཀུན་སྤྱོད་ལེགས་པའི་མི་ཞིག་བྱེད་པ།

②རང་གཅུན་ནན་མོ་བྱས་ནས་རྒྱུན་མི་ཆད་པར་ཀུན་སྤྱོད་དང་བློ་སྦྱོང་འཐུས་ཚང་དུ་གཏོང་བ།

③འགྱུར་ལྡོག་ཆེ་བའི་དུས་རབས་སུ་རྟག་བརྟན་གྱི་ཀུན་སྤྱོད་ཚད་གཞི་རྒྱུན་སྲུང་བྱེད་པ༌།

④ཀུན་སྤྱོད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པ་དེ་དགེ་སྐྱོན་རྟོགས་པ་ལ་རག་ལས་པར་མ་ཟད། དེ་བས་ཀྱང་གལ་ཆེ་བ་ནི་སྒྲུབ་པ་དང་ལེན་བྱེད་མིན་

ལ་རག་ལས།

A.① ③ B.② ④ C.① ④ D.② ③

31.ཀྲེན་པན་ཆའོ་བྱ་བས་ཁོས་སྨྱུག་མ་བྲིས་པའི་བརྒྱུད་རིམ་བཤད་མྱོང་སྟེ། ཁོ་ནངས་མོར་ལངས་ནས“སྨྱུག་མར”བལྟ་དུས། “མིག་ནང་གི་སྨྱུག་མ”བྱུང་ལ། དེའི་རྗེས་སུ་སེམས་གཏིང་དུ“རི་མོའི་མཚོན་བྱ”བྱུང་བ་སྟེ། དེ་ནི“སེམས་ནང་གི་སྨྱུག་མ”ཡིན། མཇུག་མཐར། “གནག་ཚ་བརྡར་ཞིང་ཤོག་བུ་བཀྲམ་སྟེ་ཤར་ལེར་བྲིས་པ་ན”། “ལག་ནང་གི་སྨྱུག་མ”གྲུབ། ཁོས“མིག་ནང་གི་སྨུག་མ”དེ“སེམས་ནང་གི་སྨྱུག་མ”དང་མི་འདྲ་བ་ཡང་ཡང་ནན་བཤད་བྱས། མཚན་ཉིད་རིག་པའི་ཐད་ནས་བལྟས་ན། དེའི་རྒྱུ་མཚན་ནི།

①སྔོན་མ་ནི་མངོན་སུམ་དང༌། རྗེས་མ་ནི་རྗེས་དཔག་ཡིན།

②སྔོན་མ་ནི་ཐད་ཀའི་ཚུར་སྣང་དང༌། རྗེས་མ་ནི་གསར་གཏོད་རང་བཞིན་གྱི་ཚུར་སྣང་ཡིན།

③སྔོན་མ་ནི་ཚད་ཡོད་རང་བཞིན་དང༌། རྗེས་མ་ནི་ཚད་མེད་རང་བཞིན་ཡིན།

④སྔོན་མའི་གོ་དོན་གཏིང་མི་ཟབ་ལ། རྗེས་མའི་གོ་དོན་གཏིང་ཟབ་པ་ཡིན།

A.①② B.①④ C.②③ D.②④

32.2004ལོར་གྲོས་འཆམ་བྱུང་བའི་རྩ་ཁྲིམས་དག་བཅོས་འཆར་ཟིན་དོན་ཚན་བཅུ་དགུ་བའི་ཁྲོད་དུ། “སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཛུགས་སྐྲུན་མཁན”ཁ་གསབ་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་ལ“སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ”དང༌། “སྤྱི་ཚོགས་རིང་ལུགས་ཀྱིལས་དོན་འཛུགས་སྐྲུན་མཁན”། “སྤྱི་ཚོགས་རིང་ལུགས་ལ་གོང་བཀུར་བྱེད་པའི་རྒྱལ་གཅེས་པ་དང་མེས་རྒྱལ་གཅིག་གྱུར་ཡོང་བར་གོང་བཀུར་བྱེད་པའི་རྒྱལ་གཅེས་པ”བཅས་འདུ་བར་བྱས། དེལས་མཚོན་པ་ནི།

A. སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཛུགས་སྐྲུན་བྱེད་ན། ངེས་པར་དུ་མཐུན་སྒྲིལ་ཡོང་བའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་བྱེད་དགོས་པ།

B. ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་འབྲེལ་ལམ་ལུགས་དེ་ཡུན་རིང་དུ་གནས་ཤིང་འཕེལ་རྒྱས་འགྲོ་བ།

C. ངེས་པར་དུ་ཀྲུང་གོ་མི་དམངས་སྲིད་གྲོས་ཚོགས་འདུའི་ནུས་པ་འདོན་སྤེལ་བྱེད་པར་སྔར་ལས་ལྷག་པར་ཤུགས་སྣོན་པ།

D. འཐབ་ཕྱོགས་གཅིག་གྱུར་ནི་རང་རྒྱལ་ཁོ་ནར་ཡོད་པའི་སྲིད་དབང་གི་རྩ་འཛུགས་རྣམ་པ་ཞིག་ཡིན་པ།

33.2003ལོའི་ལོ་མཇུག་བར་དུ། བོད་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་སྤེལ་ཡུལ1700ལྷག་ཡོད་ཅིང༌། དགོན་པ་རུ་སྡོད་པའི་བཙུན་པ་དང་བཙུན་མ་ཧ་ལམ་ཁྲི་ཚོ4.6ཡོད། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ཁུལ་དུ་དབྱི་སི་ལན་གྱི་ཆོས་ཁང23788དང༌། དགེ་རྒན་དང་ལས་བྱེད་མི་སྣ26000ལྷག་ཡོད། ཉིང་ཞ་ཧུའེ་རིགས་རང་སྐྱོང་ཁུལ་དུ་དབྱི་སི་ལན་གྱི་ཆོས་ཁང3500ལྷག་དང༌། དགེ་རྒན་དང་ལས་བྱེད་མི་སྣ་5100ལྷག་ཡོད་པ་དང༌། ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་རྒྱུན་ལྡན་ངང་སྤེལ་བཞིན་ཡོད། དེ་ལས་མཚོན་པ་ནི།

①ཆོས་ལུགས་ཀྱིས་ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་གྱི་འོག་དང་ཁྱབ་ཁོངས་ངེས་ཅན་གྱི་ནང་དུ་དགེ་མཚན་ལྡན་པའི་ནུས་པ་ངེས་ཅན་འདོན་བཞིན་ཡོད་པ།

②རང་རྒྱལ་གྱིས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱེད་པ།

③ངེས་པར་དུ་ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་བྱེད་པ།

④རང་རྒྱལ་སྤྱི་དམངས་ཀྱི་ཆོས་དད་རང་དབང་གི་དབང་ཆར་བརྩི་འཇོག་དང་ཁག་ཐེག་གང་ལེགས་བྱེད་པ།

A.① ③ B.② ③ C.② ④ D.③ ④

34.ས་ཁུལ་ག་གེ་མོ་ཞིག་གི་འགྲིམ་འགྲུལ་ཅུའུ2003ལོའི་ལོ་སྨད་ནས་བཟུང་སྡེ་ཁག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་དཔྱད་བསྡུར་ཁྲོད་དུ་བསྟུད་མར་ཐེངས་གཉིས་ལ་ཨང་རིམ་མཐའ་མ་ཡིན། སྔོན་ནས་གཏན་ཁེལ་བྱས་པའི་སྒྲིག་སྲོལ་གཞིར་བཟུང་ན། འགྲིམ་འགྲུལ་ཅུའུ་ཡི་མགོ་ཁྲིད་མི་སྣའི་ཁྲོད་ཀྱི་འགན་ཁུར་པ5ཡི་གོ་གནས་ཕབ་པ་དང་ལས་འགན་བརྗེ་དགོས། གོང་གི་དཔྱད་ཡིག་ལས་མཚོན་པ་ནི།

① སྲིད་གཞུང་སྡེ་ཁག་ལ་སྤྱི་ཚོགས་ཀྱིས་དཔྱད་བསྡུར་བྱེད་པ་དེ་ནི་མི་དམངས་ཀྱིས་དམངས་གཙོའི་དབང་ཆ་སྤྱོད་པའི་བྱེ་བྲག་གི་མཚོན་ཚུལ་ཞིག་ཡིན།

② སྲིད་གཞུང་སྡེ་ཁག་ལ་སྤྱི་ཚོགས་ཀྱིས་དཔྱད་བསྡུར་བྱས་ན། སྲིད་གཞུང་གི་འགན་ནུས་བསྒྱུར་བ་མངོན་འགྱུར་བྱེད་ཐུབ།

③ སྤྱི་ཚོགས་ཀྱི་དཔྱད་བསྡུར་ལམ་ལུགས་ནི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་ཀྱི་གཞི་རྩའི་ལམ་ལུགས་ཡིན།

④ སྲིད་གཞུང་སྡེ་ཁག་ལ་སྤྱི་ཚོགས་ཀྱིས་དཔྱད་བསྡུར་བྱས་ན། སྲིད་གཞུང་ལ་ལྟ་སྐུལ་བྱེད་པའི་ནུས་པ་ཐོན་ཐུབ།

A.① ③ B.② ③ C.② ④ D.① ④

35.རྒྱལ་ཁབ་ཀྱིས་དཔལ་འབྱོར་དང་རིག་གནས་སློབ་གསོ་གོང་དུ་སྤེལ་བ་དང༌། ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཕྱོགས་སུ་ནུས་པ་གལ་ཆེན་ཐོན་པ་རེད། དེས་རྒྱལ་ཁབ་ཀྱི་ཅི་ཞིག་མཚོན་ཡོད།

A.དབང་སྒྱུར་གྱི་ངོ་བོ། B.གྲལ་རིམ་གྱི་ངོ་བོ།

C.བདག་དབང་གི་ངོ་བོ། D.སྤྱི་ཚོགས་ཀྱི་ངོ་བོ།

 

ཡིད་འཇོག་བྱེད་དགོས་པའི་དོན་ཚན།

ལྕགས་སྨྱུག་གམ་སྣུམ་སྨྱུག་གིས་ཐད་ཀར་རྒྱུགས་ཤོག་སྟེང་དུ་ལན་འདེབས་དགོས།

རྒྱུགས་ལན་མ་བཏབ་གོང་དུ་གསང་ཐིག་ནང་གི་དོན་ཚན་རྣམས་གསལ་བོར་འབྲི་དགོས།

རྒྱུགས་ཤོག་འདིར་བསྡོམས་པས་འདྲི་གཞི་ཆེ་བ 4 ཡོད་པ་དང་སྡོམ་སྐར 160 ཡིན།

36 .(སྐར་མ 36 )དཔེ་རིས་ལས་མཚོན་པའི་དགུན་དུས་ཀྱི་གནམ་གཤིས་མ་ལག་དེ་སྟོང་སྨི 120/ ཉིན་གྱི་མགྱོགས་ཚད་ལྟར་ཤར་ཕྱོགས་སུ་སྤོ་ནུར་བྱེད་པའི་ཆ་བཞག་པ་ཡིན། དཔེ་རིས 3 པར་བལྟས་ནས་གཤམ་གྱི་བླང་བྱ་དག་བསྒྲུབ་དགོས།

( 1 )ས་ཁུལ་ A དེའི་མ་འོངས་པའི་དུས་ཚོད 30 ནང་གི་རླུང་ཕྱོགས་དང་རླུང་ཤུགས། དྲོད་ཚད་བཅས་ཀྱི་འགྱུར་ཕྱོགས་དང༌། དེའི་རྒྱུ་རྐྱེན(ས་དབྱིབས་ཀྱི་ཤུགས་རྐྱེན་ལ་བསམ་བློ་གཏོང་མི་དགོས)གསལ་བཤད་མདོར་བསྡུས་བྱོས། (སྐར་མ 18 )

( 2 )གྲོང་ཁྱེར B དེ་འགྲིམ་འགྲུལ་འདུ་འགག་གི་ཁོངས་གནས་སུ་གྱུར་པའི་རྒྱུ་རྐྱེན་མདོར་བསྡུས་ཀྱིས་བརྗོད་དགོས། (སྐར་མ 14 )

( 3 )རི་བོ C----------ཡི་མིང་ལ ཟེར་ཞིང༌།--------------------དེ མིང་ཐོ་རུ་བཀོད་ཡོད།(སྐར་མ 4 )

37 .(སྐར་མ 32 )དཔྱད་ཡིག་གཞིར་བཟུང་ནས་གཤམ་གྱི་འདྲི་གཞིར་ལན་ཐོབས།

 

དཔྱད་ཡིག་དང་པོ།

1863 ལོའི་ཟླ 1 པའི་ཚེས 1 ཉིན་ནས་བཟུང༌། ས་གནས་དེ་གའི་མི་དམངས་ནི་མང་འབྲེལ་རྒྱལ་ཁབ་ལ་ངོ་རྒོལ་བྱེད་པའི་ཀྲོའུ་གཅིག་གི་ཁོངས་སམ། ཡང་ཀྲོའུ་གཅིག་གི་དམིགས་བཙུགས་ས་ཁུལ་གྱི་ཁོངས་མི་ཡིན་ཕྱིན། གཞན་དབང་དུ་གྱུར་ནས་བྲན་གཡོག་བྱེད་པའི་མི་ཚང་མ་དུས་དེ་ནས་བཟུང་དུས་གཏན་དུ་རང་དབང་ཐོབ་པ་ཡིན།

 

《 མི་ནག་བྲན་གཡོག་བཅིངས་འགྲོལ་གྱི་བསྒྲགས་གཏམ》ལས།

 

དཔྱད་ཡིག་གཉིས་པ།

 

མང་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་མང་འབྲེལ་རྒྱལ་ཁབ་ཀྱིས་བདག་སྐྱོང་བྱེད་པའི་ས་ཁུལ་གང་རུང་དུ། བྲན་གཡོག་ལམ་ལུགས་དང་བཙན་ཤེད་ཀྱི་འུ་ལག་སྤྲོད་པ་ཡོད་མི་ཆོག ཡིན་ནའང་དེར་ཁྲིམས་ལྟར་ཉེས་ཆད་བཅད་པའི་ཉེས་ཅན་གྱི་ཆད་པ་མི་འདུས།

 

《 ཨ་མེ་རི་ཁའི་མང་འབྲེལ་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་དོན་ཚན་བཅུ་གསུམ་པའི་དག་བཅོས་འཆར་ཟིན( 1865 )ལས།

དཔྱད་ཡིག་གསུམ་པ།

ཨ་རིའི 1964 ལོའི་དམངས་དབང་རྩ་ཁྲིམས་ལས་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་འཛིན་སྡེ་ཁག་གིས་རིགས་རྒྱུད་ལོགས་སུ་དགར་བ་ལག་བསྟར་བྱེད་པའི་སྤྱི་པའི་སྒྲིག་བཀོད་དང་སློབ་གྲྭར་ཁྲིམས་སྦྱོར་བྱེད་ཆོག་པར་མ་ཟད། མུ་མཐུད་དུ་རིགས་རྒྱུད་གཞན་པར་མཐོང་ཆུང་བྱེད་པའི་སྤྱི་པའི་རང་བཞིན་གྱི་འཆར་གཞིར་རྒྱལ་ཕྲན་མཉམ་འབྲེལ་གྱི་རོགས་དངུལ་སྤྲོད་པའི་མཚམས་འཇོག་པ ……1965 ལོའི་འདེམ་བསྐོའི་བཅའ་ཁྲིམས་ཀྱི་དགོངས་དོན་ནི་ལྷོ་ཕྱོགས་ཀྱི་ཀྲོའུ་སོ་སོས་མི་ནག་འདེམ་མི་ལ་བཀོད་སྒྲིག་བྱས་པའི་མཐོང་ཆུང་རང་བཞིན་གྱི་འདེམ་བསྐོའི་དབང་ཆར་ཚོད་འཛིན་བྱེད་པ་རྦད་དེ་མེད་པར་བཟོ་བ …… 1968 ལོར་རྒྱལ་ཚོགས་ཀྱིས་དམངས་དབང་ལས་འགུལ་དུས་སྐབས་ཀྱི་མཐའ་མཇུག་གི་དམངས་དབང་ཁྲིམས་གཞི་གལ་ཆེན་ཞིག་ལ་གྲོས་འཆམ་བྱུང་ནས། ཁང་བ་བོགས་གཡར་གཏོང་བ་དང་ཉོ་ཚོང་བྱེད་པའི་ཕྱོགས་སུ་རིགས་རྒྱུད་གཞན་ལ་མཐོང་ཆུང་བྱེད་པའི་བྱ་སྤྱོད་བཀག་སྡོམ་བྱས།

ལན་ཐོབས།

 དཔྱད་ཡིག་དང་པོའི་ཁྲོད་ཀྱི《 མི་ནག་བྲན་གཡོག་བཅིངས་འགྲོལ་གྱི་བསྒྲགས་གཏམ》དེར་མི་སུས་མིང་རྟགས་བཀོད་པ་ཡིན།(སྐར་མ 2 )ཁོས་གནས་ཚུལ་ཅི་འདྲ་ཞིག་གི་འོག་ཏུ་བསྒྲགས་གཏམ་དེར་མིང་རྟགས་བཀོད་པ་ཡིན། (སྐར་མ 8 )

 

 དཔྱད་ཡིག་དང་པོ་དང་དཔྱད་ཡིག་གཉིས་པའི་མི་ནག་བྲན་གཡོག་སྐོར་གྱི་གཏན་ཁེལ་ལ་མི་མཐུན་ས་ཅི་ཡོད།(སྐར་མ 6 )བསླབས་པའི་ཤེས་བྱ་དང་ཟུང་འབྲེལ་བྱས་ཏེ། དཔྱད་ཡིག་གཉིས་པའི་གཏན་ཁེལ་དེས་ལྷོ་བྱང་འགལ་ཟླ་ཐག་གཅོད་བྱེད་པའི་ཐད་དུ་ནུས་པ་ཅི་ཞིག་ཐོན་ཡོད་པ་གསལ་བཤད་བྱོས།(སྐར་མ 4 )

 

དཔྱད་ཡིག་གསུམ་པ་གཞིར་འཛིན་པར་མ་ཟད་བསླབས་པའི་ཤེས་བྱ་དང་ཟུང་འབྲེལ་བྱས་ནས། དཔྱད་ཡིག་གསུམ་པ་ལས་བཅའ་ཁྲིམས་སྣ་ཚོགས་ཁྱབ་བསྒྲགས་བྱས་པའི་ཐུན་མོང་གི་རྒྱབ་ལྗོངས་སྟོན་པར་བྱ།(སྐར་མ 6 )བཅའ་ཁྲིམས་དེ་དག་གིས་མི་ནག་གི་གོ་གནས་འདྲ་མཉམ་མིན་པའི་གནད་དོན་དེ་ཡོངས་སུ་ཐག་གཅོད་བྱས་མེད། དེའི་རྒྱུ་མཚན་ཅི་ཡིན།(སྐར་མ 2)

 

བསླབས་པའི་ཤེས་བྱ་དང་ཟུང་འབྲེལ་བྱས་ཏེ། གོང་གི་དཔྱད་ཡིག་ལས་མི་ནག་གི་གོ་གནས་རིམ་གྱིས་ལེགས་བཅོས་བྱུང་བའི་རྒྱུ་རྐྱེན་ཕྱོགས་བསྡུས་བྱོས། (སྐར་མ 4 )

 

38 .(སྐར་མ 32 )དཔྱད་ཡིག་གཞིར་བཟུང་ནས་གཤམ་གྱི་འདྲི་གཞིར་ལན་ཐོབས།

 

དཔྱད་ཡིག་དང་པོ།

2003 ལོ་ནས་བཟུང༌། ས་ཁང་བདག་ཁོངས་དང༌། རླངས་འཁོར། འཕྲུལ་ཆས་སོགས་ཀྱི་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་པ་དང༌། གཞི་རྩའི་འཛུགས་སྐྲུན་གྱི་དགོས་མཁོ་ཆེན་པོའི་སྐུལ་འདེད་འོག་ཏུ། རྒྱལ་ནང་གི་རྣོ་ལྕགས་རྒྱུ་ཆའི་རིན་གོང་བསྟུད་མར་ཆེས་ཆེར་འཕར་བས། དམངས་གཉེར་ཁེ་ལས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ངར་ལྕགས་ལས་རིགས་ཐད་མ་རྩ་བཏང་བ་རེད།

དཔྱད་ཡིག་གཉིས་པ།

2003 ལོར། རང་རྒྱལ་ལ་ལོ་རེར་རྣོ་ལྕགས་ཏུན་དུང་ཕྱུར་ 2.5 ཐོན་སྐྱེད་བྱེད་ཐུབ་པའི་ནུས་པ་ཡོད་པ་རེད། འཛུགས་སྐྲུན་བྱེད་བཞིན་པའི་རྣོ་ལྕགས་ལས་གཞི་ཚང་མ་བཙུགས་རྗེས། 2005 ལོའི་ལོ་མཇུག་ཏུ་སླེབས་དུས། ཉུང་མཐའ་ཡང་རྣོ་ལྕགས་ཏུན་དུང་ཕྱུར 3.3 ཐོན་སྐྱེད་བྱེད་པའི་ནུས་པ་ཡོད་པ་ཡིན། འབྲེལ་ཡོད་དཔྱད་གཞི་ལས་མཚོན་པ་ལྟར་ན། ཉེ་བའི་རིང་དུ་མ་དངུལ་བཏང་བའི་རྣོ་ལྕགས་ལས་གཞིའི་ཁྲོད་དུ་ད་དུང་སྨི་རྒྱ་དཔངས་གྲུ་བཞི 100 ཅན་གྱི་ཁྲོ་ལྕགས་་བཞུ་ཐབས་ཆུང་་བ་དང༌། རྗེས་ལུས་ཡིན་པའི་ལྕགས་ལེབ་བཙིར་གནོན་གྱི་ཐོན་སྐྱེད་སྒྲུབ་རིམ་ཁག་ཅིག་ཡོད།

 

དཔྱད་ཡིག་གསུམ་པ།

ཁེ་ལས་མང་པོ་ཞིག་རྣོ་ལྕགས་ལས་རིགས་སུ་ཞུགས་པས། ཚད་ངེས་ཅན་ཞིག་གི་སྒོ་ནས་མུན་འཐོམས་ཀྱིས་མ་དངུལ་བཏང་བ་དང་ཆུ་ཚད་ཞན་པའི་བསྐྱར་སྐྲུན་གྱི་གནད་དོན་བྱུང་བར་མ་ཟད། ད་དུང་རང་རྒྱལ་གྱི་ལྕགས་གཏེར་དང་རྡོ་སོལ་བསྲེགས་མ། གློག་ཤུགས་འདོན་སྤྲོད་དང་དེ་མིན་སྐྱེལ་འདྲེན་བཅས་ཀྱི་གཞོགས་འདེགས་ཆ་རྐྱེན་ཧ་ཅང་ཞན་པའི་གནད་དོན་བཟོས་ལ། སྡོད་དམངས་ཀྱི་རྒྱུན་ལྡན་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་རེད། 2004 ལོ་ནས་བཟུང༌། ཀྲུང་དབྱང་གིས་སྤྱི་ཁོག་ནས་ཚོད་འཛིན་བྱེད་པར་ཤུགས་སྣོན་བྱེད་པའི་ཐབས་རབ་དང་རིམ་པ་སྤྱོད་པ་ཐག་བཅད་ཅིང༌། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་སྒྲུབ་ཐིན་གྱིས་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གི《 རྣོ་ལྕགས་དང༌། གློག་འབྱེད་ཧ་ཡང༌། ཨར་འདམ་སོགས་ཀྱི་ལས་རིགས་ཐད་མུན་འཐོམས་ཀྱིས་མ་དངུལ་གཏོང་བ་བཀག་སྡོམ་བྱེད་པའི་སྐོར་གྱི་བསམ་འཆར་འགའི་བརྡ་སྦྱོར》འགྲེམ་སྤེལ་བྱས་པ་དང༌། ཀྲུང་གོ་མི་དམངས་དངུལ་ཁང་གིས་བསགས་དངུལ་གྲབས་དངུལ་གྱི་སྐྱེད་ཀའི་ཚད་བརྒྱ་ཆའི 1 འཕར་སྣོན་བྱེད་རྒྱུ་ཐག་བཅད། 2005 ལོའི་ཟླ 4 བའི་ཚེས 1 ཉིན་ནས་བཟུང་ཀྲུང་གོ་སྲིད་གཞུང་གིས་རྣོ་ལྕགས་ལུགས་མ་ཕྱིར་གཏོང་བྱེད་པར་དཔྱ་ཁྲལ 30% ཕྱིར་སྤྲོད་པའི་སྲིད་ཇུས་དེ་མེད་པར་བཟོས

 

ཁྲོམ་རའི་དཔལ་འབྱོར་གྱི་འབྲེལ་ཡོད་ཤེས་བྱ་བཀོལ་ནས་མིག་སྔར་རང་རྒྱལ་གྱི་རྣོ་ལྕགས་ལས་རིགས་ཐད་མ་དངུལ་གཏོང་བ་མང་དྲགས་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱོས། (སྐར་མ 10 )

 

 བསླབས་པའི་ཆབ་སྲིད་ཀྱི་རྒྱུན་ཤེས་སྤྱད་དེ་རང་རྒྱལ་སྲིད་གཞུང་གིས་སྤྱི་ཁོག་ནས་ཚོད་འཛིན་བྱེད་པར་ཤུགས་བསྣན་པའི་དགོས་ངེས་རང་བཞིན་གསལ་བཤད་བྱོས།(སྐར་མ 11 )

 

ཡོངས་ཁྱབ་ཟུང་འབྲེལ་གྱི་རྩ་བའི་རིགས་པ་སྤྱད་དེ་ཁེ་ལས་ཀྱིས་རང་ཚོད་ཟིན་པའི་སྒོ་ནས་མ་དངུལ་གཏོང་བ་དང༌། སྲིད་གཞུང་གིས་སྤྱི་ཁོག་ནས་ཚོད་འཛིན་བྱེད་པའི་གཞི་འཛིན་ས་གསལ་བཤད་བྱོས། (སྐར་མ 11 )

 

39 .(སྐར་མ 60 )དཔེ་རིས 4 བ་དང་དཔྱད་ཡིག་ལ་བརྟེན་ནས་གཤམ་གསལ་གྱི་འདྲི་གཞིར་ལན་ཐོབས།

དཔྱད་ཡིག་དང་པོ།

“ ཧན་རྒྱལ་རབས་ཀྱི་དེབ་ཐེར”དུ་རི་བོ་ཆི་ལེན་དེ “ ཀྲང་ཡེ་དང་ཅིའུ་ཆོན་གཉིས་ཀྱི་བར་མཚམས་སུ་ཡོད་ལ། གསོམ་ཤུག་སོགས་ལྗོན་རིགས་མང་ཞིང༌། རྩྭ་ཆུ་འཛོམས་པ། དགུན་དྲོ་ཞིང་དབྱར་བསིལ་བས། ཕྱུགས་སྐྱོང་བར་ཕན ” ཞེས་བཀོད་ཡོད། ཞུང་ནུའུ་རིགས་ཀྱི་དམངས་གླུ་རུ “ རི་བོ་ཆི་ལེན་བརྗེས་གྱུར་ན། ཕྱུགས་ལ་འཕེལ་ཁ་དར་བ་མེད” ཟེར།

 

དཔྱད་ཡིག་གཉིས་པ།

“རྒྱལ་ཕྲན་གསུམ་དང་ཝེ་རྒྱལ་རབས་ཀྱི་དུས་མགོར། ཚང་ཚི་བྱ་བས་ཏུང་ཧོང་ཐའེ་ཧྲོའུ(ཡུལ་མཁར་སྲུང་དཔོན)ཡི་འགན་ཁུར་ཏེ། ”ཁྱིམ་རྒྱུད་ཆེན་པོ་རྙིང་བ་དག་ལས་ས་ཞིང་ལྷག་མ་ཡོད་ལ། མི་སེར་རྣམས་ལ་ས་ཞིང་ལག་མཐིལ་ཙམ་ཡང་མེད་པས། ས་ཞིང་བགོས་སྤྲོད་བྱེད་དགོས་ཞེས་བཤད། (མི་གྲངས་ལྟར་ས་ཞིང་བགོས་ནས་ཞིང་དབུལ་གྱིས་རྨོ་འདེབས་བྱེད་པ) 

 

དཔྱད་ཡིག་གསུམ་པ།

ཏུང་ཧོང་དུ་ཡོང་བའི་ནུབ་ཡུལ་གྱི་རིགས་སོ་སོའི་མི་ལ་མཚོན་ན། ཚང་ཚི་ཡིས “ཚང་མར་འཚམས་འདྲི་བྱེད་པ་དང། ” ལུའོ་དབྱང་དུ་འགྲོ་འདོད་མཁན་ལ “ལམ་ཡིག་ཐོག་ཆོག་མཚན་བཀོད་ནས་སྟེར། ” ཏུང་ཧོང་དུ་ཚོང་གཉེར་བྱེད་མཁན་ལ་མཚོན་ན། གཞུང་ཕྱོགས་ནས་རིན་གོང་ཚོད་རྩིས་དང༌། ཉོ་ཚོང་ཐད་གཙོ་འགན་ཁུལ་བར་མ་ཟད། “དཔོན་རིགས་དང་མི་སེར་སྲུང་སྐྱེལ་བྱེད་པ་དང༌། ”ས་གནས་ཀྱི་བཙན་པོ་དབང་ཤེད་ཅན་གྱིས་བཙན་ཉོ་བཙན་འཚོང་བྱེད་པར་བཀག་སྡོམ་བྱེད་སྲིད་པ་རེད།

ལན་ཐོབས།

 

དཔྱད་ཡིག་དང་པོའི་ནང་བརྗོད་པའི“རི་བོ་ཆི་ལེན་བརྗེད་གྱུར་ན”ཞེས་པ་དེ་བྱེ་བྲག་གི་ལོ་རྒྱུས་དོན་རྐྱེན་གང་ཞིག་གིས་བཟོས་པ་ཡིན།

(སྐར་མ 6 )

 

  དཔྱད་ཡིག་དང་པོ་དང་གཉིས་པ་གཞིར་བཟུང་ནས། ཧན་རྒྱལ་རབས་གཉིས་ཀྱི་དུས་སྐབས་སུ་རྨ་ནུབ་དོག་ལམ་གྱི་སྤྱི་ཚོགས་དཔལ་འབྱོར་ཐད་བྱུང་བའི་འགྱུར་ལྡོག་གཙོ་བོ་ཕྱོགས་བསྡུས་བྱོས། (སྐར་མ 6 )

 

  བསླབས་པའི་ཤེས་བྱ་དང་ཟུང་འབྲེལ་བྱས་ཏེ། དཔྱད་ཡིག་གསུམ་པའི་ནང་གི་ཚང་ཚི་ཡི་སྒྲུབ་ཚུལ་དེས་ནུས་པ་ཅི་འདྲ་ཐོན་པ་སྟོན་དགོས།

(སྐར་མ 8 )

 

  དཔེ་རིས 4 བ་གཞིར་བཟུང་ནས། རྨ་ནུབ་དོག་ལམ་དེ་སྔོ་ལྗང་ཅན་གྱི་དོག་ལམ་དུ་གྱུར་པའི་གཙོ་ཁྲིད་ཀྱི་རང་བྱུང་ཆ་རྐྱེན་ལ་དབྱེ་ཞིབ་མདོར་བསྡུས་བྱོས། (སྐར་མ 12 )

 

  གལ་ཏེ་ཞིང་ལས་གསར་སྤེལ་བྱེད་པའི་ཚད་དེ་གོང་གསལ་གྱི་རང་བྱུང་ཆ་རྐྱེན་གྱི་ལྕོགས་ཚད་ལས་བརྒལ་གྱུར་ན། ཁོར་ཡུག་གི་ཐད་གནད་དོན་ཅི་ཞིག་འབྱུང་སྲིད་པར་དབྱེ་ཞིབ་བྱོས།(སྐར་མ 8 )

 

  རྨ་ནུབ་དོག་ལམ་ས་ཁམས་ཀྱི་ཁྱད་ཆོས་དང་ས་ཁུལ་དེ་གསར་སྤེལ་བཀོལ་སྤྱོད་བྱེད་པའི་ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་གཞིར་བཟུང་བ་དང༌། བསླབས་པའི་མཚན་ཉིད་རིག་པའི་ཤེས་བྱ་བཀོལ་ཏེ། ཡང་དག་པའི་སྒོ་ནས་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བར་ཇི་ལྟར་རྒྱུས་ལོན་བྱེད་པ་དང་དེ་གཉིས་བར་གྱི་གནད་དོན་ཇི་ལྟར་ཐག་གཅོད་པ་གསལ་བཤད་བྱེད་དགོས།(སྐར་མ 12 )

 

དཔྱད་ཡིག་བཞི་བ།

རྨ་ནུབ་དོག་ལམ་ནི་རང་རྒྱལ་གྱི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལྗོངས་ཁུལ་གལ་ཆེན་ཞིག་ཡིན། ནུབ་རྒྱུད་གསལ་སྤེལ་ཆེན་མོའི་འཐབ་ཇུས་ལག་བསྟར་བྱས་པ་ནས་བཟུང༌། ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་སྒྲིག་གཞི་དང་ལས་ཞུགས་སྒྲིག་གཞི་ཚང་མར་འགྱུར་ལྡོག་བྱུང་ཡོད།

 

རེའུ་མིག 2 ཤར་དང་ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་དང་པོ་དང་གཉིས་པ།

གསུམ་པ་བཅས་ཀྱི་སྒྲིག་གཞིའི་གནས་ཚུལ།(འཇལ་བྱེད %

རེའུ་མིག 3 ཤར་དང་ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་དང་པོ་དང་གཉིས་པ།

གསུམ་པ་བཅས་ཀྱི་ལས་ཞུགས་སྒྲིག་གཞིའི་གནས་ཚུལ།(འཇལ་བྱེད %

   རེའུ་མིག 2 པ་དང་རེའུ་མིག 3 པའི་ནང་གི་གཞི་འཛིན་གྲངས་ལ་དབྱེ་ཞིབ་བྱས་ཏེ། ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་སྒྲིག་གཞི་དང་ལས་ཞུགས་

སྒྲིག་གཞི་ལ་འགྱུར་ལྡོག་བྱུང་བའི་གནས་ཚུལ་གསལ་བཤད་བྱེད་དགོས་པར་མ་ཟད། ཤར་རྒྱུད་ས་ཁུལ་དང་བསྡུར་དགོས། (སྐར་མ 8 )

2005 བོད་ཀྱི་སློབ་གསོ་དེབ 5 ལས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།