ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གི་དཀའ་ངལ་ཆེ་བའི་སློབ་ཆེན་པ་གསར་བས་རོགས་དངུལ་བླངས་ཆོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ད་ལོའི་ཟླ8པ་ནས་བཟུང་སྟེ། ཟི་ལིང་གྲོང་ཁྱེར་གྱིས་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་ཆེན་སློབ་མར་རོགས་དངུལ་སྤྲོད་རྒྱུའི་བྱེད་ཐབས་གསར་བ་བཏོན་པ་ནང་ལྟར། ཁྱིམ་ཚང་དབུལ་བོའི་ཆ་རྐྱེན་དང་མཐུན་པའི་སློབ་ཆེན་སློབ་མ་གསར་བ་རྣམས་ལ་སྲིད་གཞུང་ནས་རོགས་དངུལ་རེ་གནང་རྒྱུ་རེད། ལག་བསྟར་བྱེད་ཐབས་ནང་དུ། ད་ལོའི་ཁྱིམ་ཚང་དཀའ་ངན་ཆེ་བའི་སློབ་ཆེན་པ་གསར་བ་དག་ལ་སློབ་ཆེན་ནས་མཐར་ཕྱིན་རག་བར་དུ་རོགས་དངུལ་གནང་རྒྱུ་གསལ་བོར་བསྟན་འདུག དེ་ཡང་དངོས་གཞི་དང་པོའི་སློབ་གྲྭ་དང་། གཉིས་པ། གསུམ་པ་བཅས་ཀྱི་སློབ་ཆེན་ལ་རྒྱུགས་འཕྲོད་པ་དང་། ཆེད་ཚན་དང་མཐོ་རིམ་ལས་རིགས་སློབ་གྲྭར་རྒྱུགས་འཕྲོད་པའི་དཀའ་ངལ་ཅན་གྱི་སློབ་མ་གསར་བར་ལོ་རེར་སྒོར་7000དང་། 6000། 5000བཅས་རིམ་པ་བཞིན་དུ་རོགས་དངུལ་སྤྲོད་རྒྱུ་དང་། རོགས་སྐྱོར་བྱ་ཡུལ་གཙོ་བོ་སློབ་ཡོན་དང་། འཚོ་བའི་འགྲོ་གྲོན་རེད། ཡིད་འཇོག་བྱ་རྒྱུ་ཞིག་ནི། ལག་བསྟར་བྱེད་ཐབས་གསར་བའི་ལོ་འཁོར་གཅིག་གི་རོགས་དངུལ་དེ་རོགས་སྐྱོར་བྱ་ཡུལ་ཁྱིམ་ཚང་གི་ཡོང་འབབ་བཟང་ངན་དང་སློབ་མའི་སློབ་སྦྱོང་གི་རྣམ་འགྱུར་ལ་གཞིགས་ནས་གནང་རྒྱུ། རོགས་དངུལ་ཐོབ་པའི་སློབ་མས་སློབ་གྲྭར་ཞུགས་རྗེས་ཀྱི་ཟླ་གཅིག་ནང་སློབ་གྲྭས་བཏོན་པའི་གྲོན་བསྡུའི་དཔང་ཡིག་གི་མ་ཕྱི་རྫོང་(ཁུལ)དམངས་སྲིད་དང་ཞིང་འབྲོག་དབུལ་སྐྱོར་སྡེ་ཚན་དུ་སྤྲད་དེ་དེ་གར་ཉར་ཚགས་བྱ་དགོས།

དང་པོ། སྙན་ཞུ། 

   ལོ་རེར་སློབ་ཞུགས་སྔོན་ལ། སྙན་ཞུ་མཁན་དང་སྙན་ཞུ་བའི་ཁྱིམ་བདག་གིས་ཁྱིམ་ཐོ་ཡོད་སའི་ཤང་དང་གྲོང་རྡལ་(སྲང་ལམ)མི་དམངས་སྲིད་གཞུང་(སྲང་ལམ་དོན་གཅོད་ཁང་)ངམ་ཡང་ན་སྤྱི་ཚོགས་རོགས་སྐྱོབ། ཞིང་འབྲོག་དབུལ་སྐྱོར་གཉེར་སྒྲུབ་སྡེ་ཚན་ལ་ཡིག་ཐོག་གི་རོགས་དངུལ་སྙན་ཞུ་ཕུལ་དགོས་པ་དང་། ཞོར་ལ་སྡོད་དམངས་ཀྱི་ཁྱིམ་ཐོ་དང་། སྡོད་དམངས་ཀྱི་ཐོབ་ཐང་ལག་འཁྱེར་གྱི་བསྐྱར་དཔར། ཟི་ལིང་གྲོང་ཁྱེར་གྲོང་གསེབ་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་དཔང་ཡིག་གམ་དབུལ་ཕོངས་ཁྱིམ་ཚང་གི་ཡིག་ཚགས་བྱང་བུ་སྐོར་གྱི་རྒྱུ་ཆ། སློབ་བསྡུའི་བརྡ་ཡིག དམངས་སྲིད་དང་ཞིང་འབྲོག་དབུལ་སྐྱོར་སྡེ་ཚན་ལ་དགོས་པའི་དཔང་ཡིག་དང་རྒྱུ་ཆ་གཞན་དག་སོགས་སྤྲོད་དགོས་པ་རེད། 

གཉིས་པ། ཞིབ་དཔྱད། 

   ཤང་དང་གྲོང་རྡལ་(སྲང་ལམ) མི་དམངས་སྲིད་གཞུང་(སྲང་ལམ་དོན་གཅོད་ཁང་)ལམ་སྤྱི་ཚོགས་རོགས་སྐྱོབ། ཞིང་འབྲོག་དབུལ་སྐྱོར་གཉེར་སྒྲུབ་སྡེ་ཚན་གྱིས་མཐོ་རིམ་སློབ་གྲྭའི་སློབ་མ་གསར་བའི་སློབ་ཞུགས་རོགས་སྐྱོར་སྙན་ཞུ་དང་ལེན་བྱས་རྗེས། སྙན་ཞུ་བས་སྤྲད་པའི་དཔང་ཡིག་དང་རྒྱུ་ཆ་ལ་ཞིབ་བཤེར་བྱས་ཏེ། ལམ་སེང་སྙན་ཞུ་མཁན་སློབ་མའི་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་མཐར་ཉིན་ལྔའི་རིང་ལ་ཡོངས་བསྒྲགས་བྱ་རྒྱུ་དང་། གལ་ཏེ་ཡོངས་བསྒྲགས་ལ་དོགས་གཞི་འདྲ་མ་བྱུང་ན་འབྲེལ་ཡོད་རྒྱུ་ཆ་ཕྱོགས་གཅིག་ཏུ་བསྡུས་ཏེ་ཞིབ་དཔྱད་ཀྱི་བསམ་འཆར་བཀོད་ཐོག རྫོང་དང་ཁུལ་མི་དམངས་སྲིད་གཞུང་དང་ཞིང་འབྲོག་དབུལ་སྐྱོར་སྡེ་ཚན་ལ་ཡར་ཞུ་བྱེད་དགོས། 

གསུམ་པ། ཞིབ་བཤེར། 

       རྫོང་དང་ཁུལ་མི་དམངས་སྲིད་གཞུང་དང་ཞིང་འབྲོག་དབུལ་སྐྱོར་སྡེ་ཚན་གྱི་འགན་འཁུར་བས་ཡར་ཞུས་ཀྱི་རྒྱུ་ཆར་ཞིབ་བཤེར་ཆོག་མཆན་བཀོད་རྗེས། རྫོང་དང་ཁུལ་ནས་ཞིབ་བཤེར་མཇུག་འབྲས་བསྒྲགས་རྒྱུ་དང་ཆབས་ཅིག སྙན་ཞུ་མཁན་སྡོད་སའི་གྲོང་ཚོ་(སྡོད་ཁུལ)ལ་བརྡ་རྒྱག་དགོས་པ་དང་། མཇུག་འབྲས་ཉིན་གསུམ་ལ་བསྒྲག་རྒྱུ། 

བཞི་བ། མཆན་འགོད། 

     སློབ་ཡོན་གྱི་དཔྱད་མཆན་དེ་སློབ་མའི་ཁྱིམ་ཚང་(གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་དབུལ་ཕོངས་ཁྱིམ་ཚང་གི་ཡིག་ཚགས་བྱང་བུ་ཡོད་མཁན་ཁྱིམ་ཚང་)ལ་གཞིགས་ནས་ཟི་ལིང་གྲོང་ཁྱེར་དམངས་སྲིད་དང་ཞིང་འབྲོག་དབུལ་སྐྱོར་སྡེ་ཚན་གཉིས་ཀྱིས་ཞིབ་དཔྱད་ཆོག་མཆན་གནང་དགོས། འཚོ་བའི་འགྲོ་གྲོན་དེ་ཟི་ལིང་གྲོང་ཁྱེར་དམངས་སྲིད་སྡེ་ཚན་གྱིས་གཅིག་གྱུར་ཞིབ་དཔྱད་ཆོག་མཆན་གནང་དགོས་ལ། རོགས་སྐྱོར་གྱི་ཆ་རྐྱེན་དང་མཐུན་ཚེ། དབུལ་ཕོངས་ཁྱིམ་ཚང་གི་སློབ་ཆེན་པའི་རོགས་དངུལ་ལོངས་སྤྱོད་ལ་ཆོག་འཐུས་གནང་ངེས། གལ་ཏེ་དེ་ལས་ལྡོག་ན་ཡིག་ཐོག་སྙན་ཞུའི་ཚུལ་དུ་རྒྱུ་མཚན་གསལ་བོ་ཞུ་དགོས། 

ལྔ་བ།

  རོགས་དངུལ་ཐོབ་པའི་སློབ་ཆེན་པའི་སློབ་ཡོན་དེ་ལོ་རེར་སློབ་གྲྭ་མ་འཚོག་ཡར་སྔོན་ལ་གནང་རྒྱུ་ཡིན་ཞིང་། འཚོ་བའི་གྲོན་དངུལ་དེ་ཟླ་རེར་རྫོང་དང་ཁུལ་གྱི་དམངས་སྲིད་ཅུས་ཀྱིས་གནང་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།