དམའ་འབྲིང་ལོ་རིམ་གསུམ་པའི་ཆ་འཕྲིན་ལག་རྩལ་གྱི་རྒྱུགས་གཞི།

དམའ་འབྲིང་ལོ་རིམ་གསུམ་པའི་ཆ་འཕྲིན་ལག་རྩལ་གྱི་རྒྱུགས་གཞི།


གཅིག འདེམ་སྐོང་། (10×2=20)
1 རྩིས་འཁོར་ནི་( )ལོར་ཨ་མེ་རི་ཁ་ནས་ཐོག་མར་བྱུང་བ་ཡིན།
A: 1954 B: 1964 C:1956 D:1946
2 གཤམ་གྱི་འདེམ་བྱ་དག་ལས་རྩིས་འཁོར་གྱི་རྒྱུན་མཐོང་གི་གྲུབ་ཆ་མ་ཡིན་པ་ནི་( )།
A:འཆར་ཆས། B:གཙོ་འཁོར། C:མཐེབ་གཞོང་དང་ཙི་གུ D:པར་འདེབས་འཕྲུལ་ཆས།
3 དུས་རྒྱུན་དུ་འདྲ་པར་སོགས་ལ་རྒྱན་སྤྲས་དགོས་ན་མཉེན་ཆས་( )བཀོལ་སྤྱོད་བྱེད་དགོས།
A:Frontpage B:Word C:Blog D:Photoshop
4 གལ་ཏེ་རྩིས་འཁོར་བཀོལ་སྤྱོད་མཁན་གྱིས་དྲ་ཚིགས་ཞིག་འཆར་འགོད་བྱེད་ན། ( )བཀོལ་སྤྱོད་བྱེད་དགོས།
A:Frontpage B:Photoshop C:Blog D: Word
5 གཤམ་གྱི་སྲ་ཆས་དག་ལས་རྩིས་འཁོར་གྱི་སྙིང་ལྟ་བུ་ཡིན་པ་ནི( )།
A:སྲ་སྡེར། B:CPU C:འཆར་བྱང་། D:ནང་གསོག
6 ( )ནི་རྩིས་འཁོར་གྱི་ནང་གི་ལྷུ་ཆས་གཞན་དག་ཕན་ཚུན་སྦྲེལ་བྱེད་ཀྱི་སྒྲིག་ཆས་ཡིན།
A:སྦྲེལ་ལེབ་གཙོ་བོ། B:འཆར་བྱང་། C:CPU D:འཆར་ཆས།
7 རྩིས་འཁོར་གྱི་མཐེབ་གཞོང་བཀོལ་སྤྱོད་བྱས་ནས་རྩིས་འཁོར་ཁ་གཏན་དགོས་ན་མྱུར་མཐེབ་( )བཀོལ་སྤྱོད་བྱེད་དགོས།
A:Ctrl+F4 B:Alt+F4 C:Shift+F4 D:Ctrl+ Shift
8མཐེབ་གཞོང་ཆུང་བའི་གནས་ནས་ཨང་གྲངས་རྟགས་སྐབས་རྟགས་མི་ཐུབ་པའི་གནས་ཚུལ་བྱུང་ན( )མནན་ནས་གློག་བརྡ་ཁ་འབྱེད་དགོས།
A:Caps Lock B:Enter C:Num Lock D:Scroll Lock
9 མཐེབ་གཞོང་བཀོལ་སྤྱོད་བྱས་ནས་དབྱིན་ཡིག་གི་གསལ་བྱེད་ཆེ་བ་དང་ཆུང་བ་རྟགས་དགོས་ན་( )མནན་ནས་གློག་བརྡས་བརྗེ་རེས་བྱེད་དགོས།
A:Caps Lock B:Enter C:Num Lock D:Scroll Lock
10 ཡིག་ཚན་15ལ་གྲངས་གནས་( )ཡིན།
A:15 B:60 C:150 D:120
གཉིས། ཁ་སྐོང་། (20×1.5=30)
1 Windows XPཡི་ཅོག་ངོས་ནི་ཁག་གཙོ་བོ་བདུན་གྱི་གྲུབ་ཡོད་དེ། དེ་དག་ནི་ཙིག་རྟགས་དང་། མྱུར་སྤྱོད་བྱེད་སྟངས་ཀྱི་རིས་རྟགས། ནང་འཇུག་ཐབས་འདེམ་བྱེད་ཀྱི་རིས་རྟགས།( )།( )། ( )། ( )བཅས་ཡིན།
2ཙི་གུའི་རྩ་བའི་བཀོལ་སྤྱོད་བྱེད་སྟངས་ལ་རིགས་ལྔ་ཡོད་དེ། སྤོ་འགུལ་དང་( )། ( )། ( )།( )བཅས་སོ།
3རྒྱུན་སྤྱོད་ཀྱི་མཐེབ་གཞོང་དེ་ཁག་ལྔའི་བགོས་ཡོད་དེ། སོ་སོ་ནི་( )དང་( )། ( )། ( )། ( )བཅས་ཡིན།
4 Photoshopཡི་བྱ་བའི་འཆར་ངོས་ནི་ཁག་( )གི་གྲུབ་ཡོད་ལ། དེ་དག་ནི་ཡོ་བྱད་འདེམ་ཚན་བྱང་སྣོད་དང་། ( )། ( )།( )།( )།( )བཅས་ཡིན།
5 CPUནི་ཚོད་འཛིན་འཕྲུལ་ཆས་དང་( )གཉིས་ཀྱི་གྲུབ་པ་ཡིན།
གསུམ།གཤམ་གྱི་འབྲེལ་བ་ཡོད་པ་ཐིག་གིས་སྦྲེལ།(10×2=20)
ཡིག་མཐེབ།                      QQ
སྒྲོག་མཐེབ།                       Enter
ཨང་མཐེབ།                        B
ཟློག་མཐེབ།                       Shift
འབེབས་མཐེབ།                  A-Z
སྟེང་མཐེབ།                      0-9
གྲངས་གནས།                    སྲ་སྡེར།
ཡིག་ཚན།                        b
སྲ་ཆས།                          Caps Lock
མཉེན་ཆས།                      Back Space
བཞི། མིང་ཚིག་མཆན་འགྲེལ།(2×5=10)
1 གྲངས་གནས།
2 ཡིག་ཚན།
ལྔ། དྲི་བར་ལན་ཐོབ།(20)
1 མཉེན་ཆས་ཀྱི་གོ་དོནཅི།མཉེན་ཆས་ལ་དབྱེ་ན་དུ་ཡོད་པ་དང་གང་དག་ཡིན།(10)
2 མི་སྒེར་གྱི་རྩིས་འཁོར་བཀོལ་སྤྱོད་མཁན་ཞིག་ལ་མཚོན་ན་དྲ་རྒྱས་མཐེབ་པའི་གནོད་འཚེའི་འབྱུང་ཁུངས་གང་དག་ཡོད།(5)
3 དྲ་ངོས་ཞེ་གནག་ཅན་གྱིས་ཚུར་རྒོལ་བྱེད་ཚུལ་ལ་རིགས་དུ་ཡོད། གང་ཡིན།(5)

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།