བོད་ཕག

སྤྱི་ལོ༢༠༠༤ལོ་ནས་བཟུང་། ཉིང་ཁྲིའི་བོད་ཕག་གསོ་སྤེལ་ཐོན་ལས་དེ་རང་ལྗོངས་ཀྱི་གཙོ་གནད་འཛུགས་སྐྲུན་གྱི་ཁྱད་ལྡན་ཐོན་ལས་རྣམ་གྲངས་ནང་བཅུག་རྗེས་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་དང་ཉིང་ཁྲིའི་བོད་ཕག་གི་བཟའ་བཅའི་ལས་སྣོན་བཟོ་གྲྭ་འཛུགས་སྐྲུན། གསོ་སྤེལ་ཆེད་ལས་དུད་ཚང་སྐྱེ་སྲིང་། ཆེད་ལས་ལག་རྩལ་མི་སྣ་གསོ་སྐྱོང་།  ཞིང་འབྲོག་མང་ཚོགས་ཀྱི་ལག་རྩལ་སྦྱོང་བརྡར་སོགས་ཤུགས་ཆེ་བྱས་པས། ད་ལྟ་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་པའི་གལ་ཆེའི་ཐབས་ལམ་ཞིག་ཏུ་གྱུར་ཡོད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།