སྨྱུག་ཆས་བསླས་ནས་ཡོང་འབབ་བསགས། ཕྱུག་པོའི་ལམ་བུ་ཡངས་པོར་གྱུར།

༢.jpg

རྒྱ་ཚ་རྫོང་ལྷ་གསོལ་ཤང་གི་སྨྱུག་ཆས་ལས་སྣོན་ལག་ཤེས་ས་ཕྱོགས་གང་སར་སྐད་གྲགས་ཆེན་པོ་ཡོད། ལོ་ལྟར་ཞིང་དལ་དུས་སུ་ལྷ་གསོལ་ཤང་གི་གྲོང་ཚོའི་ཨུ་ལྷན་ཁག་གིས་ནང་དུ་སྡོད་མཁན་བུད་མེད་སྒྲིག་འཛུགས་བྱས་ཏེ་སྨྱུག་ཆས་སྣ་ཚོགས་ལས་སྣོན་བྱེད་ཀྱི་ཡོད་པ་རེད། ལོ་བཅུ་གྲངས་རིང་གསོ་སྦྱོང་བྱས་པ་བརྒྱུད་ད་ཆ་ལྷ་གསོལ་ཤང་དེ་སྨྱུག་ཆས་སླ་བཟོ་ཤང་དུ་གྱུར་ནས་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་རྒྱུན་འཛིན་དར་སྤེལ་ཐུབ་པ་མ་ཟད། ད་དུང་མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད་ཅིང་། འདི་ནི་ལྷ་གསོལ་ཤང་གི་གྲོང་མི་སྙིང་ཉེས(གཡོན་གྱི་དང་པོ)སྨྱུག་ཆས་འཚོང་བའི་གནས་ཚུལ་ཡིན་པ།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།