ཁྲེང་ཀོན་ཆུས་ཀྱི་ཞིང་འབྲོག་མང་ཚོགས་རྐོ་འདྲུའི་འཕྲུལ་འཁོར་བཀོལ་སྤྱོད་པ་90%ཚད་ལོན་པ།

༡.jpg

རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་རྩལ་ནུས་མཐོ་རུ་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་ངལ་ནུས་ལྷག་མ་སྤོ་སྒྱུར་བྱས་ཏེ་ལས་ཞུགས་ཐུབ་པར་སྐུལ་འདེད། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བཅས་ཡོང་ཆེད། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཀྱི་ཡིག་ཆའི་བླང་བྱ་གཞིར་བཟུང་། ཉེ་ཆར། ཁྲེང་ཀོན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འགན་འཁུར་བ་གཙོ་བོས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་ལ་ཕེབས་རོགས་ཞུས་ནས། ཁྲེང་ཀོན་ཆུས་ཀྱི་ཞིང་འབྲོག་མང་ཚོགས་མི་གྲངས་30ལ་རྐོ་འདྲུའི་འཕྲུལ་འཁོར་བཀོལ་སྤྱོད་པའི་ལས་རིགས་རྩལ་ནུས་གསལ་འབྱེད་བྱས་པ་རེད། ད་ཐེངས་ཀྱི་གསལ་འབྱེད་ཐོག་ཁྱོན་བསྡོམས་མི་27ཚད་གཞི་ལོན་པ་དང་། ཚད་གཞི་ལོན་ཚད་90%ཟིན་ཡོད། ཁྲེང་ཀོན་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཚད་གཞི་ལོན་པའི་མི་སྣར་ལས་རིགས་རྩལ་ནུས་ཐོབ་ཐང་ལག་ཁྱེར་སྤྲད་ཡོད་པ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།