ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཟླ་བ་སྒྲོལ་མ།

༢༢.jpg

མཉམ་ལས་ཁང་གི་ལས་དོན་མི་སྣས་དྲས་འཚེམ་གྱི་ལས་ལ་བྲེལ་བཞིན་པ།   

ཟླ་བ་སྒྲོལ་མ་མི་རིགས་ལག་ཤེས་བཟོ་ལས་ལས་སྣོན་མཉམ་ལས་ཁང་ནི་འཕྱོངས་རྒྱས་རྫོང་གི་གཉིས་ལྡན་དུད་སྦྲེལ་གྱི་འབབ་འཕར་དཔེ་སྟོན་རྟེན་གཞི་ཞིག་རེད། ཡུན་རིང་ནང་དུད་སྦྲེལ་སྤྱི་མི་ངག་དབང་ཆོས་གྲགས་ཀྱིས་དུད་སྦྲེལ་ཚན་པའི་ཁོངས་མི་སྣེ་ཁྲིད་དེ་ལས་སྣོན་ཉོ་ཚོང་གི་དངོས་རྫས་ལས་སྣོན་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས།  འཕྱོངས་རྒྱས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་གྱོན་ཆས་ལས་སྣོན་བཟོ་ལས་འཕེལ་རྒྱས་བཏང་སྟེ།  རྫོང་ཡོངས་ཀྱི་བལ་དང་སྣམ་བུ་སོགས་ཀྱི་ཐོན་རྫས་གཅིག་སྡུད་ཉོ་སྒྲུབ་བྱས་ནས་མང་ཚོགས་འབབ་འཕར་ཡོང་རྒྱུར་ཐབས་ལམ་གསར་པ་བཏོད་པ་རེད། ད་ཆ་མཉམ་ལས་ཁང་ལ་ཁྱོན་ལས་མི ༡༨༠ ཡོད་པ་དང་ཐོ་འགོད་མ་དངུལ་སྒོར་ཁྲི ༢༡༠ ཡོད་པས་ལོར་བྲིན་འཚོང་བྱེད་ཚད་སྒོར་ཁྲི ༤༠ ཟིན་གྱི་ཡོད་པ་རེད།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།