བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཕྱོགས་བསྡུས་ཀྱི་ཐོན་སྐྱེད་ནུས་པ་གོང་མཐོར་ནུས་ལྡན་ཕྱིན་པ།་ཀྱི་ཞིང་འབྲོག་ལས་ཕྱོགས་བསྡུས་ཀྱི་ཐོན་སྐྱེད་ནུས་པ་གོང་མཐོར་ནུས་ལྡན་ཕྱིན་པ།



 

ཉེ་བའི་ལོ་ཤས་རིང་“ཚན་རྩལ་གཤམ་སྤེལ་ལྔ”དང“མཛེས་པའི་བོད་ལྗོངས་དང་ཐཱན་ཉུང་བྱ་སྤྱོད”སོགས་ཞིང་འབྲོག་ལས་ཀྱི་ཚན་རྩལ་དྲིལ་བསྒྲགས་བྱེད་སྒོ་ཁག་རང་ལྗོངས་སུ་ཁྱབ་གདལ་རྒྱ་ཁྱབ་ངང་བཏང་བ་དང་།ཉེར་སྤྱོད་ལག་རྩལ་གྱི་དཔྱད་ཡིག་དང་ཞིང་ལས་རྒྱུ་ཆ་སྤྲད་པ་དང་དེ་བཞིན་ས་གནས་ས་ཐོག་ཏུ་བློ་འདྲི་བྱས་པས་ཞིང་འབྲོག་མང་ཚོགས་ཀྱི་ཚན་རྩལ་འདུ་ཤེས་གོང་མཐོར་ཕྱིན་པ་རེད།འདི་ལོ་ཤར་ཚུན་རང་ལྗོངས་ཀྱིས་ཚན་རྩལ་ཞིང་དར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་བ་རེད།

ཤེས་ལྡན་པ་ནི་ཚན་རྩལ་ཞིང་དར་ལ་སྐུལ་འདེད་གཏོང་མཁན་གཙོ་བོ་ཡིན་ཞིང་།2014ལོ་ཚུན་དུ་རང་ལྗོངས་ཀྱི་ཞིང་འབྲོག་སྡེ་ཚན་གྱིས་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཁྱོན་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་200གཉེར་ནས་ཚན་རྩལ་རྟོགས་མཁན་ཞིང་འབྲོག་པ་མི་གྲངས་13700གསོ་སྦྱོང་བྱས་པ་མ་ཟད་རྣམ་གྲངས་གཞན་ལ་བརྟེན་ནས་ལག་རྩལ་མི་སྣ་1000དང་།ཚན་རྩལ་དཔེ་སྟོན་དུད་ཚང་8000ལྷག་ཙམ།ཚན་རྩལ་རྐང་འཛིན་པ་18 ཉེར་སྤྱོད་ཤེས་ལྡན་པ་200བཅས་གསོ་སྦྱོང་བྱས་པ་རེད།

འདི་ལོ་ཤར་ཚུན་ཞིང་འབྲོག་ཁུལ་གྱི་ཚན་རྩལ་ཞབས་ཞུའི་མ་ལག་ལེགས་སུ་གཏོང་ཆེད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི་2100བཏང་ནས་ལྗོངས་ཡོངས་ཀྱི་རྫོང་35ལ་མུ་མཐུད་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་མ་ལག་སྒྱུར་བཅོས་བྱས་པ་དང་འཛུགས་སྐྲུན་གྱི་ཁ་གསབ་རྣམ་གྲངས་ལག་ལེན་བསྟར་བ་དང་།ཤང་དང་གྲོང་རྡལ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་སྤེལ་ཧུར་ཐག་བཏང་ནས་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་684ཡི་ཁྲོད་ནས་353ལ་མཆན་བཀོད་བཀའ་ལན་བཏང་བ་དང་ཁག་དང་པོའི་ཤང་དང་གྲོང་རྡལ་74ལ་སྒོར་4625བཏང་ནས་ཚོད་རྩིས་བྱས་ན་ལོ་མཇུག་ཏུ་བསྐྲུན་ཟིན་རྒྱུ་དང་།ཁག་གཉིས་པའི་ཤང་དང་གྲོང་རྡལ་279ཡི་ཁྲོད་ནས་92ཀྱི་དུས་འགོའི་ཇུས་འགོད་ལེགས་གྲུབ་ཟིན་པ་དང་ཁག་གཅིག་ལག་ལེན་བསྟར་འགོ་བཙུགས་ཡོད་པ་རེད།ཞིང་འབྲོག་ལས་ཆ་འཕྲིན་ཅན་གྱི་ལས་དོན་ལ་སྐུལ་མ་བཏང་སྟེ་བོད་ཀྱི“ཞིང་འཕྲིན་འདུ་འགོད”ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་ལེགས་གྲུབ་ཟིན་ནས་ལྷོ་ཁའི་ཞིང་འབྲོག་ལས་ཚན་རྩལ་ཕྱོགས་བསྡུས་ཀྱི་ཞབས་ཞུའི་ལས་སྟེགས་རགས་ཙམ་བསྐྲུན་ཟིན་ནས་12316ཞིང་འཕྲིན་ཐད་སྦྲེལ་ཁ་པར་དང་འཕྲིན་ཐུང་ཞབས་ཞུ་ཤར་གཏོང་ཐུབ་པ་རེད།

ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་ཚད་མགྱོགས་པོ་བྱུང་ཞིང་།འདི་ལོ་ཁག་དང་པོའི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་གསབ་དངུལ་སྒོར་དུང་ཕྱུར་1.2དོན་འཁྱོལ་བྱུང་བས་ཕན་པ་ཐོབ་མཁན་ཞིང་དུད་ཁྲི་9330ཟིན་ཏེ་ལྗོངས་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི་530ཟིན་ཡོད།དུས་ཚིགས་དང་པོ་ནས་གསུམ་པ་བར་འཕྲུལ་རྨོ་མུའུ་ཁྲི་87.33དང་འཕྲུལ་འདེབས་མུའུ་ཁྲི་12.4ལེགས་གྲུབ་ཟིན་པ་རེད།ལྗོངས་ཡོངས་ཀྱིས་ཞིང་ལས་འཕྲུལ་ཆས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་བྱེད་ཚུལ་བརྟན་པོ་ཡོད་པ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།