རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་32.58བསྡུ་སྒྲིལ་བྱས་ནས་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ཞིང་འབྲོག་ཐོན་ལས་ཅན་ཁྲུའུ་ཡི་ཁྲུའུ་ཀྲང་ཉི་མ་ཚེ་རིང་གིས“2004ལོ་ནས་2014ལོ་བར་བོད་ཀྱི་ཞིང་འབྲོག་སྡེ་ཚན་གྱིས་ས་ཁུལ(གྲོང་ཁྱེར)7དུ་ནས་དང་། སྔོ་ཚལ། བོད་བྱ་སོགས་རིགས་12ཀྱི་ཁྱད་ལྡན་ཐོན་ལས་རྣམ་གྲངས་450ལྷག་ཙམ་བཀོད་སྒྲིག་དང་ལག་བསྟར་བྱས་པས‘ཁུལ་བདུན་དང་ཡུག་བདུན’གྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ཀྱི་རྣམ་པ་རགས་ཙམ་ཆགས་ནས་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་བྱེད་ཚད་38.6%ཟིན་ཡོད”ཅེས་བརྗོད་པ་རེད།

བོད་ཀྱིས་2004ལོར་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་དོ་སྙོམས་མིན་པའི་འཕེལ་རྒྱས་འཐབ་ཇུས་དངོས་སུ་ལག་བསྟར་བྱས་ནས་གཙོ་གནད་ཚད་བརྒལ་དང་ཁྱོན་ཡོངས་ལ་སྐུལ་འདེད་བཏང་ཡོད་པ་རེད།

2014ལོའི་ལོ་མཇུག་བར་བོད་ཀྱི་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ལ་རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་32.58བསྡུ་སྒྲིལ་བྱས་ནས་བཏང་བ་དང་། ཞིང་འབྲོག་སྡེ་ཚན་གྱིས་རིམ་རྩིས་ལྟར་ན་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་101དང་ཞིང་འབྲོག་ལས་ཐོན་ལས་ཆེད་ལས་མཉམ་ལས་རྩ་འཛུགས(རྟེན་གཞི)ཁྱོན་2729ལ་རོགས་སྐྱོར་དང་སྐྱེད་སྲིང་བྱས་ཡོད་པ་རེད།

བོད་ཀྱི་ཞིང་འབྲོག་སྡེ་ཚན་གྱིས་བོད་འདི་ཉིད་རང་རྒྱལ་གྱི་གཅིག་སྡུད་ཡུལ་སྦྲེལ་དབུལ་སྐྱོར་འགག་སྒྲོལ་ས་ཁུལ་ཆེ་ཤོས་ཤིག་ཡིན་པའི་ངོས་ནས་དབུལ་སྐྱོར་བྱ་ཡུལ་མི་གྲངས་མང་བ་དང་དབུལ་སྐྱོར་གྱི་གཏོང་ཆ་དང་དགོས་མཁོའི་དབར་གྱི་འགལ་བ་སྔར་བཞིན་མངོན་གསལ་དོད་པོ་ཡོད། ཞིང་འབྲོག་མང་ཚོགས་ཉུང་ཤས་ཤིག་གི་རང་བརྟེན་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་མོ་མེད་པ་དང་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་ཚད་གཞི་མི་འདྲ་བའི་སྒོ་ནས་གནས་ཡོད་པས་ས་གནས་དེ་གའི་སྲིད་གཞུང་གིས་ད་དུང་རྒྱུན་གཏན་རང་བཞིན་ངང་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས་ཞེས་བཤད་པ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།