མལ་གྲོ་གུང་དཀར་རྫོང་གི་ས་གཙང་ལྷད་མེད་ཐོན་ལས་འཕེལ་ཕྱོགས་བཟང་བ།

W020150415368796733068.jpg

ལྷ་ས་གྲོང་ཁྱེར་གྱིས་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་ལས་དོན་སྤེལ་ཚུན། མལ་གྲོ་གུང་དཀར་རྫོང་གིས་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་དོན་གྱི་གཙོ་གནད་དུ་བཟུང་ཐོག་ཁྲོམ་ར་ཁྲིད་སྟོན་དང་། ཐོན་ལས་གྲུབ་ཆ་ལེགས་སྒྲིག་གཙོ་སྐུད། “རྟེན་གཞི་འཛུགས་པ་དང་། གཞི་ཁྱོན་ཆེ་རུ་གཏོང་བ། སྣེ་ཁྲིད་ཁེ་ལས་སྟོབས་ཆེར་གཏོང་བ། ཚན་རྩལ་དར་སྤེལ་གཏོང་བ། སྤུས་རྟགས་གཏོད་པ། ཁྲོམ་ར་རྒྱ་ཆེར་གཏོང་བ། ཕྱིར་ཚོང་ལ་སྐུལ་འདེད་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ”བཅས་དམིགས་ཚད་དུ་བྱས་ནས་ཁྱད་ལྡན་གསོ་ཚགས་དང་། གོང་ཁེའི་སྡོང་མྱུག་འདེབས་འཛུགས། འབྲོག་ལས་ཐོན་རྫས་ལས་སྣོན་ཕྱིར་ཚོང་བཅས་ཀྱི་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་དམ་འཛིན་གྱིས་ས་གཙང་ལྷད་མེད་ཐོན་ལས་དེ་ཉིད་མལ་གྲོ་གུང་དཀར་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་དང་འདེགས་སྐྱོར་གསར་པར་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་རེད།   འདི་ནི་རྫོང་དེའི་ས་གཙང་ལྷད་མེད་ཐོན་ལས་གཞུང་ལས་ཁང་གི་ལས་དོན་མི་སྣས་འཛོམས་ཤར་སྲོལ་རྒྱུན་སྒྱུ་རྩལ་ཐོན་རྫས་ལས་སྣོན་ཚད་ཡོད་ཀུང་སིར་བསྐྱོད་དེ་སྣམ་བུ་འཐག་སྟངས་ཤེས་རྟོགས་བྱེད་པའི་གནས་ཚུལ་ཡིན་པ།  །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།