ཁྱད་ལྡན་ཐོན་ལས་ཀྱིས་ཡུལ་ཕྱོགས་ཁ་ཅིག་ཕྱུག་པོར་གྱུར་པ།  

W020150417555643818016.jpg

ཉེ་བའི་ལོ་ཤས་རིང་།བོད་ཀྱི་ཡུལ་སྐོར་ལས་རིགས་གོང་འཕེལ་ཕྱིན་པ་དང་སྦྲགས་ལྷོ་ཁ་ས་ཁུལ་ལྕེ་བདེ་ཞོལ་གྲོང་རྡལ་གྱིས་པང་གདན་དང་སྣམ་བུ་རྒྱུ་ཆར་བྱས་པའི་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཧུར་ཐག་བྱས་པས་མང་ཚོགས་ཀྱི་ལོ་རེའི་ཡོང་འབབ་མང་དུ་ཆེས་ཆེར་སོང་ཡོད།ད་ལྟ་གྲོང་རྡལ་དེ་ཡོངས་ཀྱི་དུད་ཚང་600ལྷག་གིས་ཁང་པ་གསར་པ་བརྒྱབ་པ་མ་ཟད།ཁྱིམ་དུད་མི་ཉུང་བས་ད་དུང་ཁྱིམ་སྤྱོད་རླངས་འཁོར་ཡང་ཉོས་པ་རེད།གནའ་བོའི་སྣམ་བུའི་འཐག་རྩལ་ལ་བརྟེན་ནས་ལས་ལ་བརྩོན་པའི་ལྕེ་བདེ་ཞོལ་བ་འབྱོར་འབྲིང་འཚོ་བར་སྐྱོད་བཞིན་ཡོད་ཅིང་།འདི་ནི་ལྕེ་བདེ་ཞོལ་གྲོང་རྡལ་གྱི་གྲོང་མི་བག་སྒོར་གྱིས་སྣམ་བུ་འཐག་པའི་གནས་ཚུལ་ཡིན་པ།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།