ནས་ལས་སྣོན་ཞིབ་ཚགས་བྱས་པས་བོད་ཀྱི་ཞིང་པར་འབབ་འཕར་བྱུང་བ།

བོད་ལྗོངས་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་ཀུན་རྭ་གྲོང་ཚོའི་ཞིང་པ་ནོར་བུ་བསྟན་འཛིན་གྱིས་1999ལོར་པ་སྣམ་རྫོང་གི་རྩམ་པ་ལས་སྣོན་བཟོ་གྲྭ་དང་པོ་དེ་བཙུགས་རྗེས“བློ་བརྟན”ཞེས་པའི་ཚོང་རྟགས་ཀྱང་ཐོ་བཀོད་བྱས་པ་རེད། ཧྲན་ཏུང་ཞིང་ཆེན་བོད་སྐྱོར་ལས་བྱེད་པའི་རྒྱབ་སྐྱོར་དང་རྒྱལ་ཁབ་སྲིད་ཇུས་ཀྱི་རོགས་སྐྱོར་འོག་རྩམ་པ་ལས་སྣོན་བཟོ་གྲྭ་དེ་ཁམས་བཟང་ཞིང་ཞོར་ཐོན་རྫས་འཕེལ་རྒྱས་ཚད་ཡོད་ཀུང་སིར་འཕེལ་རྒྱས་ཕྱིན་པ་རེད།

2008ལོར་ནོར་བུ་བསྟན་འཛིན་གྱིས་ནས་འདེབས་ཞིང་དུད་150སྒྲིག་འཛུགས་དང་མ་དངུལ་སྒོར་ཁྲི་8གྲབས་གསོག་བྱས་ཏེ་པ་སྣམ་རྫོང་གི་ནས་ཐོན་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། མཉམ་ལས་ཁང་གི་ལས་འཛིན་པ་ཡིན་པའི་ནོར་བུ་བསྟན་འཛིན་གྱིས་ལས་མིའི་སྣེ་འཁྲིད་དེ“ཀུང་སི་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ”གྱི་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་སྟངས་ལག་བསྟར་བྱས་ནས་ཞིང་དུད་863གྱིས་སྤུས་ལེགས་ནས་འདེབས་འཛུགས་བྱ་རྒྱུའི་སྣེ་ཁྲིད་བྱས་ཡོད།

2014ལོར་ཁམས་བཟང་ཞིང་ཞོར་ཐོན་རྫས་འཕེལ་རྒྱས་ཚད་ཡོད་ཀུང་སིས་སྤུས་ལེགས་རྩམ་པ་རྒྱ་མ་ཁྲི་1024ཐོན་སྐྱེད་བྱས་ནས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་3500བྱུང་ཡོད་པ་རེད།

W020150710412540190867.jpg

འདི་ནི་ཁམས་བཟང་ཞིང་ཞོར་ཐོན་རྫས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཆུ་འཐག་འཁོར་ཁང་ནང་བཟོ་པས་ལས་ཀ་བྱེད་པའི་གནས་ཚུལ་ཡིན་པ།

W020150710412540286235.jpg

འདི་ནི་ཁམས་བཟང་ཞིང་ཞོར་ཐོན་རྫས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་རྩམ་པའི་ཐོན་རྫས་ཐུམ་སྒྲིལ་འཁོར་ཁང་ནང་ལས་མིས་ལས་ཀ་བྱེད་པའི་གནས་ཚུལ་ཡིན་པ།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།