སྟག་རྩེ་རྫོང་ཞོག་ཤང་བཀྲ་ཤིས་སྒང་གི་མང་ཚོགས་ཚོས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་སྐྱོད་པ།

14.jpg
དམངས་ཁྲོད་སྲོལ་རྒྱུན་ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་སྐྱོད་པ།

ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཞོག་ཤང་བཀྲ་ཤིས་སྒང་གྲོང་ཚོའི་ཞིང་འབྲོག་པའི་དམངས་ཁྲོད་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལས་རིགས་མཉམ་ལས་ཁང་དེ་སྤྱི་ལོ༢༠༡༢ལོའི་ཟླ་བ༡༡པའི་ཚེས༡༣ཉིན་དབུ་བརྙེས་པ་དང་།  མཉམ་ལས་ཁང་དེ་ནི་འཇོན་ཐང་ལྡན་པའི་ལག་ཤེས་ཅན་དང་དབུལ་ཕོངས་དུད་ཁྱིམ་གྱི་བུ་ཕྲུག་ལས་གཙོ་བོར་གྲུབ་པ་ཞིག་ཡིན། ཁོས་ཚོས་རས་ཆ་ལས་བཟོས་པའི་འཆམ་འབག་དང་ལྷ་མོའི་གོས་རྒྱན། འཇིམ་བཟོའི་སྐུ་འདྲ། བོད་ལུགས་ཁྱིམ་ཆས། ཡུལ་སྐོར་དྲན་རྟེན་སོགས་བཟོ་གི་ཡོད་པ་རེད།  ལས་རིགས་དེས་ཞིང་འབྲོག་པའི་དབུལ་ཕོངས་དུས་ཁྱིམ་གྱི་བུ་ཕྲུག་ཚོར་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོད་པ་མ་ཟད་མང་ཚོགས་ཚོའི་ཡོང་འབབ་ཀྱང་འཕར་སྣོན་བྱུང་བས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་དགའ་བསུ་ཚད་མེད་ཐོབ་ཡོད་པ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།