བོད་ལྗོངས་ཀྱིས་དྲ་སྦྲེལ་ཐོག་ཞིང་འབྲོག་ཁུལ་སྣོན་ཞེས་པའི་འཐབ་ཇུས་ལ་སྐུལ་འདེད་བཏང་བ།

 ཉེ་བའི་ལོ་ཤས་རིང་།  བོད་རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་ཀྲུང་གོའི་འགུལ་བདེའི་བོད་ལྗོངས་ཀུང་སི་སོགས་འཕྲིན་གཏོང་ཁེ་གཉེར་ཚོང་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་བྱས་ནས།  དྲ་སྦྲེལ་ཐོག་ཞིང་འབྲོག་ཁུལ་སྣོན་ཞེས་པའི་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག་བཏང་བ་ད་ང།  རིམ་བཞིན་ཆ་འཕྲིན་གྱིས་ཞིང་པར་ཕན་པ་སྐྲུན་པའི་ཁྱབ་ཚད་དང་གཏིང་ཚད་གོང་མཐོར་བཏང་ནས།  བོད་ལྗོངས་ཞིང་འབྲོག་ཁུལ་གྱི་ཆ་འཕྲིན་ཅན་དང་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་གཏིང་ཡོད་པ་རེད།ཞིང་འབྲོག་པས་དེ་བས་སྟབས་བདེ་བའི་སྒོ་ནས་ཆ་འཕྲིན་དང་ལེན་བྱ་ཆེད།  རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་གནས་གཏན་འཁེལ་གྱི་ས་ཆ་གཅིག་དང་།  ཆ་འཕྲིན་སྒྲིག་བཀོད་ཆ་ཚང་གཅིག ཆ་འཕྲིན་མི་སྣ་གཅིག དོ་དམ་ལམ་ལུགས་ཆ་ཚང་གཅིག  ཡུན་ཕན་སྒྲིག་གཞི་གཅིག་བཅས་ཀྱི་བླང་བྱར་གཞིགས་ནས།  ཆ་འཕྲིན་མི་སྣ3000ལ་སྦྱོང་བརྡར་སྤྲད་ཟིན་པ་དང་།  གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་ས་ཚིགས3000ཚང་མར་ཆ་འཕྲིན་མི་སྣ་རེ་དང་།  གློག་ཀླད་གཅིག ལྕགས་པར་འཕྲུལ་ཆས་གཅིག གློག་ཁུངས་བརྟན་གཏོང་འཕྲུལ་ཆས་གཅིག  དེ་བཞིན་འབྲེལ་ཡོད་ཆ་སྦྱོར་སྒྲིག་བཀོད་བཅས་སྒྲིག་སྦྱོར་བྱས་ཡོད་པ་རེད།ཁོང་ཚོས་དུས་ཐོག་ལ་སྟེགས་བུ་བེད་སྤྱད་ནས་གྲོང་མི་ཚོར་ཆ་འཕྲིན་གསར་པ་སྐྱེལ་ཐུབ་ཀྱི་ཡོད།  དཔུང་ཁག་དེས་ཐོག་མའི་ཆ་ནས་བོད་ལྗོངས་ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་མ་ལག་བཙུགས་ཟིན་ནས་བོད་ལྗོངས་ཞིང་འབྲོག་ཁུལ་གྱི་ཆ་འཕྲིན་ཅན་ལ་རྨང་གཞི་བརྟན་པོ་གཏིང་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།