བོད་ལྗོངས་གྲོང་སྡེའི་བུད་མེད་ཀྱི་ལས་རིགས་གསར་གཏོད་དང་ལས་ཞུགས་ལ་ཞིང་དངུལ་སོགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད།

《བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡེའི་བུད་མེད་ཀྱི་མ་དངུལ་ཆུང་བའི་ནོར་སྲིད་རོགས་སྐྱོར་བུན་གཏོང་ལས་དོན་སྐོར་གྱི་བསམ་འཆར》ཞེས་པ་དང་། བུན་གཏོང་བྱ་ཡུལ་དངོས་ཀྱི་སྐུལ་འདེད་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱེད་ཆེད། བོད་ལྗོངས་ནོར་རྟོན་འགན་ལེན་ཚད་ཡོད་སྤྱི་གཉེར་ཁང་གིས་འགན་ལེན་བྱས་ཤིང་། ཀྲུང་གོའི་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་པ་སྣམ་རྫོང་ཡན་ལག་དངུལ་ཁང་། པ་སྣམ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ། པ་སྣམ་རྫོང་སྒ་གདོང་གྲོང་རྡལ་གྱི་སྒྲོལ་མའི་སྲོལ་རྒྱུན་མི་རིགས་གྱོན་ཆས་འཁལ་འཐག་བཟོ་གྲྭ་ལ་སྒོར་ཁྲི ༢༠༠ དུས་ཡུན་ལོ་གསུམ་གྱི་རིང་དུ་བུན་འཇོག་བྱས་ཏེ། ཕྱོགས་གསུམ་པོས་མཉམ་དུ་འབྲེལ་ཡོད་མཉམ་ལས་ཐད་མིང་རྟགས་བཀོད་པ་རེད། བོད་ལྗོངས་ནོར་རྟོན་འགན་ལེན་ཚད་ཡོད་སྤྱི་གཉེར་ཁང་གིས་སྲིད་ཇུས་རང་བཞིན་གྱི་བུན་གཏོང་འགན་ལེན་རྣམ་གྲངས་དེ་ལ་འགན་ལེན་གླ་རིན་ཅི་ཡང་མ་བླངས་པ་རེད། པ་སྣམ་རྫོང་སྒ་གདོང་གྲོང་རྡལ་གྱི་སྒྲོལ་མའི་སྲོལ་རྒྱུན་མི་རིགས་གྱོན་ཆས་འཁལ་འཐག་བཟོ་གྲྭར་རྒྱབ་སྐྱོར་བྱེད་ཆེད། ཅི་ནུས་ཀྱིས་དངུལ་བུན་ལེན་མཁན་གྱི་བསྲེས་དངུལ་མ་རྩ་ཇེ་ཆུང་བཏང་སྟེ།  བོད་རང་སྐྱོང་ལྗོངས་ཏང་ཨུ་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ལག་བསྟར་དོན་འཁྱོར་ཡོང་བ་བྱས་ཤིང་། སྲིད་ཇུས་རང་བཞིན་གྱི་འགན་ལེན་སྤྱི་གཉེར་ཁང་གི་སྲིད་གཞུང་གི་བྱེད་ནུས་འདོན་ཐུབ་པ་བྱས། བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་ཀྱི་མ་དངུལ་ཆུང་བའི་འགན་ལེན་ནོར་སྲིད་རོགས་དངུལ་བུན་གཏོང་ལས་དོན་སྤེལ་ཡུལ་དངོས་ཀྱི་སྐུལ་འདེད་ཚོགས་འདུའི་སྙིང་དོན་དང་བསྟུན་ནས། སྔོན་མར་དཔེ་བྱུང་མེད་པའི་གནས་ཚུལ་འོག་ཏུ། གསར་གཏོད་རང་བཞིན་གྱི་སྒོ་ནས་གྲོང་སྡེའི་བུད་མེད་ཀྱི་མ་དངུལ་ཆུང་བའི་བུན་གཏོང་འགན་ལེན་རྣམ་གྲངས་སྤེལ་ནས། བོད་ལྗོངས་ཀྱི་གྲོང་སྡེའི་བུད་མེད་ཀྱི་མ་དངུལ་ཆུང་བའི་ནོར་སྲིད་རོགས་དངུལ་ལས་དོན་གྱི་སྟོང་ཆ་བསྐངས། བུན་གཏོང་འགན་ལེན་རྣམ་གྲངས་དེ་ལག་བསྟར་བྱས་པ་ཡིས། པ་སྣམ་རྫོང་གི་སྒ་གདོང་གྲོང་སྡེའི་སྒྲོལ་མ་སྲོལ་རྒྱུན་མི་རིགས་གྱོན་ཆས་འཁལ་འཐག་བཟོ་གྲྭའི་རྒྱུ་ཆ་ཉོ་སྒྲུབ་ཐད་ཀྱི་མ་དངུལ་གནད་དོན་ཐག་གཅོད་བྱས་ཡོད་པ་མ་ཟད། བུད་མེད་དག་ལ་ལས་རིགས་གསར་གཏོང་དང་ལས་ཞུགས་སྐོར་ནས་མ་དངུལ་གྱི་དཀའ་ཁག་སེལ་ཡོད་པ་རེད། དུས་མཚུངས་སུ་ད་དུང་བོད་ལྗོངས་ཀྱི་གྲོང་སྡེའི་བུད་མེད་ཀྱི་ནོར་སྲིད་རོགས་དངུལ་བུན་གཏོང་ལས་དོན་ཕྱོགས་ཡོངས་ནས་སྤེལ་བར་རྨང་གཞི་བརྟན་པོ་བཞག་ཡོད། རྗེས་ཕྱོགས་སུ་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ལས་དོན་དེ་སྤེལ་བར་ཉམས་མྱོང་ཕུན་སུམ་ཚོགས་པ་གསོག་ཡོད།  དེ་ལས་ཀྱང་གལ་ཆེ་བ་ནི་གྲོང་སྡེའི་བུད་མེད་ཀྱི་མ་དངུལ་ཆུང་བའི་བུན་གཏོང་ལས་དོན་དེ་སྤེལ་བ་བརྒྱུད་དེ། ཕྱོགས་གཅིག་ནས་སྔར་ལས་མང་བའི་ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱིས་སྒེར་ཚིགས་སུ་ལས་རིགས་གསར་གཏོད་བྱེད་པའི་འདུ་ཤེས་བསྐྱེད་ཡོད། ཕྱོགས་གཞན་ཞིག་ནས་བོད་རང་སྐྱོང་ལྗོངས་ཏང་ཨུ་སྲིད་གཞུང་དང་། ནོར་སྲིད། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་བུད་མེད་ཚོས་ལས་རིགས་གསར་གཏོད་ཐད་ལ་རྒྱབ་སྐྱོར་བྱེད་པ་དང་། ལས་རིགས་གསར་གཏོད་བྱས་པ་བརྒྱུད་ནས་བུད་མེད་དག་ལ་ཁེ་ཕན་རེག་པའི་དམངས་ཕན་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡོང་བ་བྱས་ཡོད་པ་རེད། པ་སྣམ་རྫོང་སྒ་གདོང་གྲོང་རྡལ་གྱི་སྒྲོལ་མའི་སྲོལ་རྒྱུན་མི་རིགས་གྱོན་ཆས་འཁལ་འཐག་བཟོ་གྲྭ་ནི ༢༠༡༢ ལོའི་ཟླ ༤ བར་པ་སྣམ་རྫོང་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ནས་ཐོ་འགོད་བྱས་ཏེ་གསར་ཏུ་བཙུག་པ་ཡིན་ལ། བཟོ་གྲྭ་དེའི་འགོ་ཁྲིད་གཙོ་བོ་ནི་པ་སངས་སྒྲོལ་མ་ཡིན་ལ། བསྡོམས་པས་མ་དངུལ་གཏོང་མཁན་བུད་མེད ༢༠ ཡོད། ལས་དོན་གཙོ་བོ་ནི་སྲོལ་རྒྱུན་གྱི་གྱོན་ཆས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་བཞིན་ཡོད། ཐོན་རྫས་གཙོ་བོ་ལ་སྣམ་བུ་དང་བོད་ལྷམ། སྐེ་སྤྲས་སོགས་མང་པོ་ཡོད་པ་རེད།ཁ་བྱང་ཕྱི་མོ། བོད་ལྗོངས་གྲོང་སྡེའི་བུད་མེད་ཀྱི་ལས་རིགས་གསར་གཏོད་དང་ལས་ཞུགས་ལ་ཞིང་དངུལ་སོགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད།།  

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།