རྣམ་གྲངས་སྐོར་ཞིག་དངོས་འབེབས་བྱས་པ་དཔལ་འབྱོར་གྱི་འཕར་གནས་གསར་པར་གྱུར་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་མི་སྣ་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་སོང་སྟེ་ཚོང་འགུག་ནང་འདྲེན་གྱི་འོས་སྦྱོར་ཚོགས་འདུ་སྤེལ་བར་མ་ཟད། ཀོང་ཀྲོའུ་དང་ཝུའུ་ཧན་སོགས་ས་ཆ་ནས་སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་སྐབས་བཅོ་བརྒྱད་པའི་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་གདན་ཞུ་ཡི་གེ་ཕུལ།

མིག་སྔའི་བར། གན་རྒྱ་བཞག་པའི་རྣམ་གྲངས448ནང་གི་རྣམ་གྲངས439དངོས་འབེབས་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར523.99འབྱོར། རྣམ་གྲངས་ཀྱི98﹪ཁ་ཆད་ལྟར་བྱས་པ་དང་། ལས་མགོ་བརྩམས་ཚད75.2﹪དང་མ་དངུལ་འབྱོར་ཚད28.83﹪རེད།

གཞི་གྲངས་ལྟར་ན། ད་ལོའི་དུས་ཚིགས་དང་པོའི་ནང་རང་ཞིང་གིས་སྤྱིར་བཏང་གི་བཟོ་ལས་ཐད་ལ་མ་དངུལ་སྒོར་དུང་ཕྱུར68.7བཏང་བས། ན་ནིང་གི་དུས་མཉམ་དང་བསྡུར་ན12.1﹪འཕར།

ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཨུ་ཡོན་ལྷན་ཁང་གིས་འདོན་སྤྲོད་བྱས་པའི་གཞི་གྲངས་ལྟར་ན། ད་ལོའི་དུས་ཚིགས་དང་པོར། རང་ཞིང་གི་ཟི་ལིང་དང་མཚོ་ནུབ། མཚོ་ཤར་བཅས་གཙོ་གནད་ས་ཁུལ3གྱི་སྤྱིར་བཏང་རང་བཞིན་གྱི་བཟོ་ལས་ཐད་ལ་མ་དངུལ་བཏང་ཚད་མགྱོགས་མྱུར་སྒོས་འཕར་ནས་སོ་སོར་སྒོར་དུང་ཕྱུར31.3དང་། སྒོར་དུང་ཕྱུར25.6 དང་སྒོར་དུང་ཕྱུར11བཅས་ལེགས་འགྲུབ་བྱས་པས། ན་ནིང་གི་དུས་མཉམ་དང་བསྡུར་ན3.9﹪དང26.6﹪དང8.7﹪འཕར། ལས་རིགས་ཀྱི་ཐད་ནས་བལྟས་ན། རང་ཞིང་གི་བཟོ་སྐྲུན་ལས་རིགས་མུ་མཐུད་དུ་མགྱོགས་མྱུར་སྒོས་འཕར་བཞིན་ཡོད་དེ། དུས་ཚིགས་དང་པོར་མ་དངུལ་སྒོར་དུང་ཕྱུར66.6ཡོངས་འགྲུབ་བྱས་པས། ན་ནིང་གི་དུས་མཉམ་དང་བསྡུར་ན18.3﹪འཕར། དེའི་ནང་ཟས་རིགས་ལས་སྣོན་དང་མདོག་ལྡན་ལྕགས་རིགས། རྫས་འགྱུར་བཟོ་ལས་ལ་སོགས་པའི་ལས་རིགས་ཐད་མ་དངུལ་གཏོང་ཚད་ཅུང་མགྱོགས་ལ། དེར་བཏང་བའི་མ་དངུལ་སོ་སོར་སྒོར་དུང་ཕྱུར5.6དང་། སྒོར་དུང་ཕྱུར14.2 དང་སྒོར་དུང་ཕྱུར15བཅས་ལེགས་འགྲུབ་བྱུང་བས། ན་ནིང་གི་དུས་མཉམ་དང་བསྡུར་ན38.3﹪དང་། 90.5﹪དང17.9﹪བཅས་འཕར། གཏེར་འདོན་ལས་རིགས་ཐད་མ་དངུལ་སྒོར་དུང་ཕྱུར3.2བཏང་བས། ན་ནིང་གི་དུས་མཉམ་དང་བསྡུར་ན46.2﹪གྱིས་མར་ཆག རྡོ་སོལ་དང་མདོག་ནག་ལྕགས་རིགས། མདོག་ལྡན་ལྕགས་རིགས། རྡོ་སྣུམ་དང་རང་བྱུང་སོལ་རླངས་བཅས་ཀྱི་ལས་རིགས་ཐད་མ་དངུལ་འཇོག་ཚད་རྒྱུད་མཐུད་སྒོས་མར་ལྷུང་།

ཟླ3པའི་ཟླ་མཇུག་བར། རང་ཞིང་གིས་ལག་ཏུ་བསྟར་བའི་གསར་སྐྲུན་འགག་སྒྲོལ་བཟོ་སྐྲུན་བརྒྱ་དང་བསྒྱུར་བཀོད་མཐོར་འདེགས་བཟོ་སྐྲུན་རྣམ་གྲངས་བརྒྱའི་ནང་གི་རྣམ་གྲངས116ཡང་བསྐྱར་ལས་མགོ་བརྩམས་པ་དང་། ཡང་བསྐྱར་ལས་མགོ་བརྩམས་ཚད58﹪ཡིན། ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཆ3.7འཕར་ཏེ་འཕར་གནས་གསར་པ་སྐོར་ཞིག་ཆགས་བཞིན་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།