མེ་ཏོག་གི་ཞིང་ཁམས——ཁྲི་ཀའི་སིལ་ཏོག་གླིང་ག

1.png

སིལ་ཏོག་གླིང་ག་ནི་མེ་ཏོག་གི་ཞིང་ཁམས་ཤིག་སྟེ། ཕྱོགས་ཡོངས་མགྲོན་པོ་རྣམས་མ་བོས་ངང་གིས་འདུ་སའི་སྤྲོ་སྐྱིད་ར་བ་ཞིག་ལ། གཡུ་ལོ་བཀོད་པའི་ཞིང་ཁམས་སུ་གྲགས་པའི་གནས་མཆོག་ཁྲི་ཀའི་ཡུལ་གྱི་ལྟེ་བ་རུ་ལྷམ་མེར་བཞད་ཡོད། སིལ་ཏོག་གླིང་གའི་སའི་རྒྱ་ཁྱོན་ལ་ས་མུའུ་བདུན་བཅུ་ལྷག་ཡོད་ལ། ཕྱིའི་ཁོར་ཡུག་དང་བཟོ་བཀོད་མཛེས་པར་བརྒྱན་པ་མ་ཟད། ནང་གི་ཞབས་ཕྱི་ལེགས་ཤིང་གཙང་སྦྲ་མཛེས་པས། ལོ་རེར་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཁྲི་ཚོ་མང་པོ་སྣེ་ལེན་བྱེད་ཀྱིན་ཡོད།

ཉེ་བའི་ལོ་འགའི་རིང་ལ། ཁྲི་ཀ་རྫོང་གི་ལྗོངས་རྒྱུའི་ལས་རིགས་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན་ནས། སིལ་ཏོག་གླིང་གའི་ལས་བཟོ་པ་ཡོངས་ཀྱིས་སྤུས་ཚད་མཐོར་འདེགས་དང་འདུ་ཤེས་བཅོས་བསྒྱུར། བསམ་བློ་གསར་གཏོད་དང་ཞབས་ཕྱི་ཡང་དག་སྒྲུབ་སྟེ་གསོལ་མགྲོན་ཁང་གི་ཡོང་སྒོ་ཡང་ལོ་རེ་ནས་ལོ་རེར་ཇེ་འཕར་དུ་ཕྱིན་པ་ན། སིལ་ཏོག་གླིང་ག་གསོལ་མགྲོན་ཁང་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གི་སྣེ་ལེན་བསྟུ་གནས་སུ་གཏན་ཁེལ་གནང་ཡོད། སིལ་ཏོག་གླིང་གའི་ནང་དུ་མགྲོན་ཁང་དང་ཟ་ཁང་། མདའ་རྩེད་ར་བ། རྩེད་འཇོ་ར་བ། མེ་ཏོག་ལྡུམ་ར། ལུས་རྩལ་ར་བ། གནའ་སྡོང་རྩ་ཆེན། རྟེན་རྫས་ཁང་། དཔེ་ཀློག་ཁང་། སྦྲ་ཁྱིམ། སྐྱེད་ཚལ། སྤང་ཐང་། སིལ་སྡོང་། ཇ་ཁང་། ཁྲུས་ཁང་། ཚོགས་ཁང་ལ་སོགས་སྤྲོ་སྐྱིད་ཁང་མང་དུ་མཆིས་པའི་ཁར། ཞབས་ཕྱིའི་རྣམས་འགྱུར་དྲང་ཞིང་། མགྲོན་པོར་བརྩི་མཐོང་ཆེ་བ། ཁོར་ཡུག་དག་གཙང་ལྡན་པ། ཟས་ལ་མངར་བཅུད་འཛོམས་པས་ན་སྐུ་མགྲོན་སུ་ཞིག་ཡིན་རུང་རང་ཁྱིམ་དུ་ཕེབས་པ་ལྟ་བུའི་སྤྲོ་སྣང་ཞིག་འཕེལ་ཡོང་།

སྦྱིན་བདག་སྟག་རྩེ་ཡིས་བཤད་རྒྱུར། དབྱར་ཟླ་བཞི་པའི་ཚེས་བརྒྱད་ཉིན་ནི་ཁྲི་ཀ་རྫོང་སིལ་སྡོང་མེ་ཏོག་དུས་ཆེན་དུ་གཏན་ཁེལ་གནང་ཡོད་ལ། ངེད་གསོལ་མགྲོན་ཁང་གི་ལས་བཟོ་བ་ཡོངས་ཀྱིས་ཀྱང་གོ་སྐོན་དམ་འཛིན་བྱས་ཏེ། ཁྲི་ཀ་ས་ཆའི་ལྗོངས་རྒྱུའི་ལས་རིགས་འཕེལ་རྒྱས་དང་ཡུལ་སྐོར་རིག་གནས་ཕུན་སུམ་ཇེ་ཚོགས་གཏོང་བར་རང་ནུས་ཡོད་ཚད་འདོན་རྒྱུ་དང་། ཁྲི་ཀའི་སིལ་སྡོང་མེ་ཏོག་དུས་ཆེན་ལ་སྤྲོ་སྣང་འཕེལ་ཞིང་། དགའ་སྐྱིད་འཛོམས་པ། ཞབས་ཕྱི་མཛེས་པ། རྣམ་འགྱུར་བཟང་བ་བཅས་ཀྱི་སྲི་ཞུ་ཡང་དག་བསྒྲུབ་པར་ཆོད་སེམས་བརྟན་པོ་བཅངས་ཡོད་ཟེར།

QQ浏览器截屏未命名.png

23.png

33.png

43.png

54.png

64.png

1055591304.jpg

1055591302.jpg

1055591298.jpg

རྩོམ་སྒྲིག་པ། རམས་ཚེ་བྷོ།

དཔྱད་མཆན 0 ཡོད།