འདི་ལོ་ལྷ་སའི་ས་གཙང་བདེ་ཐང་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་300ཟིན་རེ་ཡོད་པ།

༡.jpg

ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྷ་ས་གྲོང་ཁྱེར་གྱིས“ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”འཐབ་ཇུས་མུ་མཐུད་ལག་བསྟར་གཏིང་ཟབ་བྱས་ཏེ་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ས་གཙང་བདེ་ཐང་ཐོན་ལས་དེ་ལྷ་སའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་ཀ་རྟེན་གལ་ཆེན་ཞིག་ཏུ་བརྩིས་ནས་བཏུང་བྱ་དང་། བཟའ་བཅའ། སྨན་རྫས། རྒྱན་ཆས་བཅས་སྤུས་རྟགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ལྷ་ས་འདི་ཉིད་རང་རྒྱལ་གྱི་བདེ་ཐང་ཐོན་ལས་རྟེན་གཞི་གལ་ཆེན་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱས་པ་དང་། འདི་ལོ་གྲོང་ཁྱེར་དེ་ཡོངས་ཀྱི་ས་གཙང་བདེ་ཐང་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་300ཟིན་རེ་ཡོད་པ་མ་ཟད། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་ཀྱི་ས་གཙང་བདེ་ཐང་ཐོན་ལས་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1000ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞིང་། འདི་ནི་ཟླ་4ཚེས་7ཉིན་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་ས་གཙང་བདེ་ཐང་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་ཁང་གི་ལས་དོན་པས་ཡུལ་སྐོར་བར་ས་གཙང་བདེ་ཐང་ཐོན་རྫས་འོས་སྦྱོར་བྱེད་པའི་གནས་ཚུལ་ཡིན་པ།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།