བཞད་མཐོང་སྨོན་རྫོང་གིས་སྐུལ་འདེད་དྲུག་དང་སྐུལ་སྤེལ་དྲུག་གི་ལས་ཞུགས་གསོ་སྦྱོང་བྱས་པ།



 

ཉེ་ཆར་གསར་འགོད་པས་བཞད་མཐོང་སྨོན་རྫོང་ནས་ཤེས་རྟོགས་བྱས་པར་གཞིགས་ན་རྫོང་དེའི“སྐུལ་འདེད་དྲུག་དང་སྐུལ་སྤེལ་དྲུག”གི་ལས་ཞུགས་གསོ་སྦྱོང་ལས་དོན་ཉེ་ཆར་ཡོངས་སུ་ལེགས་གྲུབ་བྱུང་བ་རེད།

ཐེངས་འདིའི་གསོ་སྦྱོང་ལ་མཐོང་སྨོན་ཀོ་ཆས་དང་།ཆུ་ནུབ་ཀོ་ཆས།ཆབ་ཁ་ལམ་པ་ཀོ་ཆས་བཅས་གསོ་སྦྱོང་འཛིན་གྲྭ་གསུམ་སྤེལ་བར་མ་དངུལ་སྒོར་ཁྲི་19.2བཏང་བ་དང་།སློབ་མ་64ལ་གསོ་སྦྱོང་བྱས་པ་རེད།གསོ་སྦྱོང་མཇུག་འགྲིལ་རྗེས་རྫོང་དེའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་རྫོང་དེ་གའི་སྐད་གྲགས་ཆེ་བའི་ཀོ་ཆས་ལས་སྣོན་མི་སྣ་གསུམ་གདན་དྲངས་ནས་གསོ་སྦྱོང་ལ་ཞུགས་པའི་སློབ་མ་64ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས་པ་ཚང་མ་ཚད་ལོན་པ་དེའི་ཐོག་ནས་རྫོང་དེའི་2014ལོའི“སྐུལ་འདེད་དྲུག་དང་སྐུལ་སྤེལ་དྲུག”གི་ལས་ཞུགས་གསོ་སྦྱོང་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་བ་མཚོན་ཀྱི་ཡོད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།